20
རྒུན༌ཚས༌སི༌ ལ༌པ༌གུན༌ནི༌ རུངས༌།
20:1 ནེ༌ 16
གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ རྒུན༌ཚས༌སི༌ དག༌པོ༌ ང༌མོ༌ནེ༌ རྒུན༌ཚས༌སི༌ ནང༌ང༌ ལས༌ ཅོ༌ཅེས༌ལ༌ ལ༌པ༌ ཙལ༌ལ༌ བིང༌ཁན༌ ཙོགས༌ ཨིན༌། ལ༌པ༌གུན༌ལ༌ ཉི༌མ༌ཅིག༌གི༌ ལ༌ ཏང༌ཅེས༌ ཁའ༌ཆམས༌ཏེ༌ རྒུན༌ཚས༌སི༌ ནང༌ང༌ ལས༌ ཅོའ༌ ལམ༌ཅུགས༌།"
"ཧ༌ལམ༌ ཆུ༌ཚོད༌ དགུ༌པ༌ཞིག༌གི༌ཀ༌ དག༌པོ༌ ཕི༌ལོག༌ག༌ བིང༌ཏེ༌ སོང༌, ཡང༌ ཁྲོམས༌ལ༌ ལས༌ མ༌ཐོབ༌ཁན༌ནི༌ ཞན༌ ལ༌པ༌གུན༌ ཐོང༌ཏེ༌ ཁོང༌གུན༌ལ༌ ཟེརས༌, 'ཁྱོ༌ཞ༌གུན༌ནའང༌ ངའེ༌ རྒུན༌ཚས༌སི༌ ནང༌ང༌ ལས༌ ཅོའ༌ སོང༌, འོས༌པ༌ ཨིན༌ཁན༌ནི༌ ལ༌ཆ༌ ངའེ༌ ཏང༌ཨིན༌།' ཏེ༌ནེ༌ ཁོང༌གུན༌ ལས༌ ཅོའ༌ལ༌ སོང༌། ཆུ༌ཚོད༌ ཅུག༌ཉིས༌ དང༌ སུམ༌པའེ༌ཀ༌ དག༌པོ༌ ཡང༌སྐྱར༌ ཕི༌ལོག༌ག༌ སོང༌ཏེ༌, ཏེན༌ན༌ ཙོགས༌ ཅོས༌།"
"ཕི༌ཏོག༌ ཆུ༌ཚོད༌ ལྔ༌པའེ༌ཀ༌ དག༌པོ༌ ཡང༌སྐྱར༌ ཕི༌ལོག༌ག༌ བིང༌ཏེ༌ སོང༌, ཏེ༌རུ༌ ལས༌ མ༌ཐོབ༌ཁན༌ནི༌ ལ༌པ༌གུན༌ དུགས༌ཏེ༌ ཡོད༌ད༌ ཐོང༌ཏེ༌ ཁོང༌གུན༌ལ༌ ཏྲིས༌, 'ཁྱོ༌ཞའ༌ ཉི༌མ༌ ཚེ༌རེ༌ ལས༌ མ༌ཅོའ༌ འི༌ཀ༌ དུགས༌ཏེ༌ ཅི༌ ཅོས༌ཏེ༌ ཨིན༌?' "
"ཁོང༌གུན༌ནི༌ ལན༌ཏངས༌, 'ང༌ཞའ༌ ལས༌ ཅོའ༌ལ༌ སུའིང༌ མ༌ཁྱེརས༌།' "
"རྒུན༌ཚས༌སི༌ དག༌པོའེ༌ ཟེརས༌, 'ཁྱོ༌ཞ༌གུན༌ནའང༌ སོང༌ཏེ༌ ངའེ༌ རྒུན༌ཚས༌སི༌ ནང༌ང༌ ལས༌ ཅོས༌།' "
"ཕི༌ཏོག༌ རྒུན༌ཚས༌སི༌ དག༌པོའེ༌ ཆག༌ཟོད༌ལ༌ ཟེརས༌, 'ལ༌པ༌གུན༌ལ༌ བོད༌ཏེ༌ སྟིང༌ཇུག༌ག༌ ཁྱོང༌ཁན༌གུན༌ནེ༌ གོ༌ཟུགས༌ཏེ༌ གོ༌མ༌ ཁྱོང༌ཁན༌གུན༌ ཙུགས༌པ༌ ལ༌ཆ༌ ཏོང༌།' ཆུ༌ཚོད༌ ལྔ༌པའེ༌ཀ༌ ལས༌ ཅོའ༌ལ༌ ཁྱོང༌ཁན༌གུན༌ལ༌ ཉི༌མ༌ ཅིག༌གི༌ ལ༌ཆ༌ ཐོབ༌ པ༌སང༌ 10 གོ༌ཟུག༌གི༌ཀ༌ ལས༌ ཅོའ༌ ཁྱོང༌ཁན༌གུན༌ ལ༌ཆའ༌ ལེན༌ན༌ ལེབ༌བ༌ཅིག༌ ཞན༌གུན༌ནི༌ སང༌ མང༌ང༌ ཐོབ༌བ༌ནོག༌ སམ༌། ཨིན༌ནའང༌ ཁོང༌གུན༌ལའང༌ ཉི༌མ༌ ཅིག༌གི༌ ཉིན༌ལ༌ མ༌ནེ༌ མ༌ཐོབ༌། 11 ལ༌ཆའ༌ ཐོབ༌པ༌ཅིག༌ ཁོང༌གུན༌ནི༌ མ༌བེབས༌ ཅོས༌ཏེ༌ དག༌པོའ༌ ཟེརས༌, 12 'ཆུ༌ཚོད༌ ཅིག༌ མ༌ནེ༌ ལས༌ མ༌ཅོ༌ཁན༌གུན༌ལའང༌ ཉེ༌རང༌ངི༌ ང༌ཞའ༌, ཉི༌མའེ༌ ཚད༌དི༌ ནང༌ང༌ ནགས༌ ཐོང༌ཨིན༌ ཉི༌མ༌ ཚེ༌རེ༌ ལས༌ ཅོ༌ཁན༌གུན༌ ཙོགས༌ ལ༌ཆའ༌ ཏངས༌།' "
13 "ཨིན༌ནའང༌ དག༌པོའེ༌ ལན༌ཏངས༌ཏེ༌ ཁོང༌ ཅིག༌ག༌ ཟེརས༌, 'ཛ༌འོ༌ལེ༌, ངའེ༌ ཁྱོ༌རང༌ ཉམ༌པོ༌ མི༌འོས༌པ༌ མ༌ཅོས༌པིན༌། ཁྱོ༌རང༌ངི༌ ཉིན༌ལ༌, ལས༌ ཅོ༌ཅེས༌སི༌ ཁ༌ཆད༌ མ༌ཅོས༌པིན༌ན༌? 14 རང༌ངི༌ པེ༌ནེ༌ ཁུར༌ཏེ༌ སོང༌། སྟིང༌ཇུག༌གི༌ ལས༌མི༌གུན༌ལའང༌ ཁྱོ༌རང༌ དྲན༌དྲ༌ ལ༌ཆ༌ ཏང༌ཅེས༌ ང༌རང༌ངི༌ དོད༌པ༌ ཨིན༌པིན༌། 15 ངའེ༌ ང༌རང༌ངི༌ པེ༌ནེའ༌ ཅི༌ ཅོ༌ནའང༌ ང༌རང༌ མི༌ཐད༌ད༌? ཡ༌ ངའེ༌ སྙིང༌ ཕེས༌ཏེ༌ ཏངས༌ པ༌སང༌ ཚིག༌ཅེས༌ ཡོང༌ང༌ རག༌ག༌?' "
16 "ཏེན༌ན༌བོའེ༌ཕིའ༌ དག༌ས༌ གོའ༌ ཡོད༌ཁན༌གུན༌ སྟིང༌ཇུག༌ག༌ ལུས༌ཨིན༌ ཡང༌ དག༌ས༌ སྟིང༌ཇུག༌གི༌ཀ༌ ཡོད༌ཁན༌གུན༌ གོའ༌ ལེབ༌ཨིན༌།"
ཡེ༌ཤུའི༌ ཁོང༌རང༌ ཀྲོང༌ཤེས༌སི༌ སྐོར༌ ཤད༌ད༌ ཛདས༌།
20:17 ནེ༌ 19
17 གཙོ༌བོ༌ ཡེ༌ཤུ༌ ཀེན༌ལ༌ ཡེ༌རུ༌ཤ༌ལེམ༌མ༌ སྐྱོད༌ཨིན༌ ཡོད༌ཏུས༌ ལོབ༌ཕྲུགས༌ ཅུག༌ཉིས༌པོ༌ སོ༌སོ༌ ཁྱེར༌ཏེ༌ མོལས༌། 18 "ཉོན༌ཤིག༌, ང༌དང༌གུན༌ ཀེན༌ལ༌ ཡེ༌རུ༌ཤ༌ལེམ༌མ༌ ཆ༌ཅེས༌ ཨིན༌ནོག༌, མི༌རིགས༌སི༌བུ༌ བླ༌མ༌ འུ༌སྐྱོང༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌ ལག༌ག༌ སྟད༌ཨིན༌, ཡང༌ ཁོང༌གུན༌ནི༌ ཁོའ༌ ཤི༌ཅེས༌སི༌ ཆད༌པ༌ ཅད༌ཏེ༌ 19 ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ལག༌ག༌ སྟད༌ཨིན༌། ཏེ༌ནེ༌ ཁོང༌གུན༌ནི༌ ཁོའ༌ ཁྲེལ༌བ༌ ལྟན༌ཏེ༌, རྟལ༌ལྕག༌ གྱབས༌ཏེ༌ རྐྱང༌ཤིང༌ངི༌ཀ༌ རྐྱང༌ཏེ༌ སད༌ཨིན༌, ཡང༌ ཞག༌ སུམ༌པའེ༌ ཞག༌ག༌ སོན༌ཏེའ༌ ལངས༌ཤུག༌ག༌ ཛད༌ཨིན༌།"
ཞན༌མ༌གུན༌ལ༌ ཞབ༌སྟོག༌ ཞུ༌ཅེས༌།
20:20 ནེ༌ 28
20 ཏེ༌ནེ༌ ཟེ༌བེད༌དིའི༌ ན༌མ༌, ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ནི༌ ཨ༌མ༌, ཁོང༌གུན༌ ཉམ༌པོ༌ གཙོ༌བོ༌ ཡེ༌ཤུའི༌ སྐུ༌དུན༌ལ༌ ཡོངས༌ ཡང༌ པིག༌དོང༌ ཙུགས༌ཏེ༌ ཁོའེ༌ཀ༌ ཀའ༌ཀྲིན༌ ཛད༌ཅེས༌ལ༌ ཟེརས༌།
21 ཡེ༌ཤུའི༌ ཁོའ༌ མོལས༌, "ཉེ༌རང༌ང༌ ཅི༌ གོས༌སད༌?"
ཁོའེ༌ ཟེརས༌, "ཉེ༌རང༌ངི༌ གྱལ༌སྲིད༌དི༌ ནང༌ང༌ ངའེ༌ བུ༌ཚ༌ ཉིས༌ཀོ༌ ཉེ༌རང༌ངི༌ ཆག༌ ཡས༌པ༌ དང༌ ཡོ༌མའེ༌ རྩི༌ཝ༌ཅན༌ ཀོ༌སའེ༌ཀ༌ དུག༌ ཅུག༌ག༌ ཛད༌ལེ༌།"
22 ཡེ༌ཤུའི༌ ཁོང༌གུན༌ལ༌ ལན༌སལས༌, "ཁྱོ༌ཞའེ༌ ཞུ༌ཝ༌ ཕུལ༌ཁན༌བོ༌ ཁྱོ༌ཞའ༌ ཧ༌མ༌གོའ༌ ཨིན༌ནོག༌, ང༌ ཐུང༌ཅེས༌ཅན༌ནི༌ རྡུག༌ངལ༌ལི༌ ཀོ༌རེ༌བོ༌ ཁྱོ༌ཞའེ༌ ཐུང༌ཉན༌ཅེས༌ རག༌ག༌?"
ཁོང༌གུན༌ནི༌ ཟེརས༌, "ཉན༌ཅེས༌རག༌ལེ༌།"
23 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ཁྱོ༌ཞ༌གུན༌ནི༌ ཏན༌ཏན༌ལ༌ ངའེ༌ རྡུག༌ངལ༌ལི༌ ཀོ༌རེ༌ ནང༌ནེ༌ ཐུང༌ཨིན༌, ཨིན༌ནའང༌ ངའེ༌ ཡས༌པ༌ དང༌ ཡོ༌མའེ༌ཀ༌ དུག༌ཅུག༌ཅེས༌སི༌ ཝང༌ཆ༌ ངའ༌ མེད༌། ངའེ༌ ཡབ༌བི༌ ཏེ༌ ནས༌ས༌གུན༌ ཁོང༌ངི༌ ལྡམ༌མ༌ ཛད༌ཁན༌གུན༌ནི༌ ཕིའ༌ གྲལ༌གྲིག༌ ཛད༌ཏེ༌ ཨིན༌།
24 ཏེ༌བོ༌ ཚོར༌ར༌ཅིག༌, ཞན༌ ལོབ༌ཕྲུགས༌ རྕུ༌བོའ༌ ཁོང༌ ཉིས༌ཀོའེ༌ཀ༌ སྲོ༌ ཡོངས༌། 25 ཡེ༌ཤུའི༌ ཁོང༌ ཚང༌མའ༌ བོད༌ད༌ ཛད༌ཏེ༌ མོལས༌, "ཁྱོ༌ཞའ༌ གྱུས༌མེད༌ད༌? ཡ༌ཧུ༌དཱ༌པ༌ མན༌ཁན༌ ཝང༌སྲུལ༌པ༌གུན༌ནི༌ ཁོ༌རང༌ངི༌ ཡུལ༌མི༌གུན༌ནི༌ཀ༌ སྙིང༌རྗེ༌ མེད༌པ༌ ཝང༌སྲུལ༌ལ༌ནོག༌, ཡང༌ ཁོང༌གུན༌ནི༌ ལོན༌པོ༌གུན༌ནིའང༌ མི༌གུན༌ལ༌ སྲན༌ཏྲེ༌ ནགས༌ ལྟན༌ཨིན༌ ཝང༌སྲུལ༌ལ༌ནོག༌། 26 ཁྱོ༌ཞའེ༌ ནང༌ང༌ ཏེ༌ཙོགས༌ ཡོང༌ མ༌གོས༌། ཁྱོ༌ཞའེ༌ ཕྲོ༌ནེ༌ ཀྲག༌པོ༌ གྱུར༌ཉིན༌ ཡོད༌ཁན༌བོ༌ ཞན༌མ༌གུན༌ནི༌ ཡོག༌པོ༌ གྱུར༌གོས༌, 27 ཡང༌ ཁྱོ༌ཞའེ༌ ཕྲོ༌ནེ༌ གོའ༌ ལེབ༌ཉིན༌ ཡོད༌ཁན༌བོ༌ ཞན༌གུན༌ནི༌ ཚེ༌ཡོག༌ གྱུར༌གོས༌། 28 ཀ༌ཟུག༌ མི༌རིགས༌སི༌བུ༌ ཞབ༌སྟོག༌ ཞུ༌ཅུག༌ཅེས༌ལ༌ མན༌པ༌ ཞབ༌སྟོག༌ ཞུའ༌ལ༌ ཡོངས༌པིན༌, ཡང༌ མི༌ མང༌པོའེ༌ སྲོག༌རིན༌ ཤལ༌ཅེས༌ལ༌ ཁོང༌རང༌ངི༌ སྲོག༌ ཏང༌ཨིན༌།"
ཡེ༌ཤུའི༌ ཞ༌ར༌ ཉིས༌ལ༌ ཐོང༌ ཅུག༌ག༌ ཛདས༌།
20:29 ནེ༌ 34
29 ཡེ༌རི༌ཀོ༌ གྲོང༌ཁྱེར༌ནེ༌ གཙོ༌བོ༌ ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ བིང༌ཏེ༌ སྐྱོད༌ ཟ༌ནེ༌, མི༌ཚོགས༌ ཆེན༌མོ༌ཞིག༌ ཁོང༌ངི༌ སྟིང༌རང༌ནེ༌ ཡོངས༌། 30 ལམ༌མི༌ ཐའ༌མའེ༌ཀ༌ ཡོད༌ཁན༌ནི༌ ཞ༌ར༌ ཉིས༌སི༌ ཡེ༌ཤུ༌ ཏེ༌ཀ༌ནེ༌ སྐྱོད༌དུག༌ ཟེར༌ཏེ༌ ཚོར༌ར༌ཅིག༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "གཙོ༌བོ༌, གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌, ང༌ཞའེ༌ཀ༌ སྙིང༌རྗེ༌ ཛད༌།"
31 མི༌ཚོགས༌སི༌ ཞ༌ར༌ ཉིས༌ཀོའ༌ ཁའ༌སྐྱེས༌ཏེ༌ ཅུབ༌ཅོད༌ ཟེརས༌།
ཨིན༌ནའང༌ ཁོང༌གུན༌ནི༌ མང༌ང༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, "གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌, ང༌ཞའེ༌ཀ༌ སྙིང༌རྗེ༌ ཛད༌དའང༌།"
32 ཡེ༌ཤུ༌ སྲུང༌ང༌ ཛདས༌ ཡང༌ ཁོང༌གུན༌ལ༌ བོད༌ཏེ༌ ཏྲིའ༌ ཛདས༌, "ངའེ༌ ཁྱོ༌ཞའེ༌ ཕིའ༌ ཅི༌ ཅོ༌?"
33 ཁོང༌གུན༌ནི༌ ཟེརས༌, "གཙོ༌བོ༌ལེ༌, ང༌ཞའ༌ ཐོང༌ཅེས༌སི༌ ཁྱུད༌པོ༌ སལ༌ལའང༌།" 34 ཡེ༌ཤུའ༌ ཁོང༌ངི༌ཀ༌ སྙིང༌རྗེ༌ སྐྱེས༌ཏེ༌ ཁོང༌གུན༌ནི༌ མིག༌གི༌ཀ༌ ཆག༌ རྩེའ༌ ཛདས༌, ཏེན༌ན༌མལ༌ལ༌ ཁོང༌གུན༌ལ༌ ཐོང༌ཐུབ༌ ཡང༌ ཁོང༌གུན༌ ཡེ༌ཤུའ༌ བྲངས༌ཏེ༌ སོང༌།