2
ཤར༌ ཆོགས༌ནེ༌ སྐྱོད༌ཁན༌ནི༌ ཤེས༌རབས༌ཅན༌གུན༌།
2:1 ནེ༌ 12
1 ཧེ༌རོ༌དཱ༌ གྱལ༌པོ༌ ཨིན༌ ཟ༌ནེ༌, ཡ༌ཧུ༌དཱའེ༌ ཡུལ༌ལི༌ བེད༌ལེ༌ཧེམ༌མི༌ ནང༌ང༌ ཡེ༌ཤུ༌ སྐུ༌ ལྟམས༌། ཏེ༌ཏུས༌ལ༌ ཤར༌ ཆོགས༌ནེ༌ ཤེས༌རབས༌ཅན༌ སྐར༌མ༌ སིལ༌ཁན༌ནི༌ མི༌ ཁ༌ཅིག༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ ཡོངས༌ཏེ༌ 2 ཏྲིས༌, "ཡ༌ཧུ༌དཱ༌པའེ༌ གྱལ༌པོ༌ ལྟམས༌ཁན༌བོ༌ ཀ༌ནེ༌ དུག༌? ང༌ཞའ༌ ཁོང༌ངི༌ སྐར༌མ༌ ཤར༌ ཆོགས༌ལ༌ ཐོང༌པ༌, ཁོང༌ ཇལ༌ལ༌ ཡོངས༌པིན༌།"
3 ཏེ༌ སྤེ༌ར༌བོ༌ ཚོར༌ར༌ཅིག༌, གྱལ༌པོ༌ ཧེ༌རོ༌དཱ༌ ཧ༌ལས༌ཏེ༌ ཇིགས༌ ཡང༌ ཡེ༌རུ༌ཤ༌ལེམ༌པ༌ ཚང༌མའང༌། 4 གྱལ༌པོ༌ ཧེ༌རོ༌དཱའི༌ བླ༌མ༌ འུ༌སྐྱོང༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌ ཚང༌མ༌ བོད༌ཏེ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཀ༌རུ༌ ཁྲུངས༌ཤེས༌ དུག༌ ཟེར༌ཏེ༌ ཏྲིས༌།
5 ཁོང༌གུན༌ནི༌ ལན༌ཏངས༌, "ཡ༌ཧུ༌དཱའེ༌ གྲོང༌ཁྱེར༌ བེད༌ལེ༌ཧེམ༌མ༌: ཀ༌ཟུག༌ ལུང༌སྟོན༌པ༌ མི༌ཀའི༌ དཀོན༌མཆོག༌གི༌ མོལ༌ལ༌ ཛད༌ཁན༌བོ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌,
6 " 'ཡ༌ཧུ༌དཱའེ༌ གྲོང༌ཁྱེར༌ བེད༌ལེ༌ཧེམ༌,
" ཡ༌ཧུ༌དཱ༌པའེ༌ ཡུལ༌ཇོངས༌སི༌ ནང༌ང༌ ཁྱོ༌ཞའེ༌ གྲོང༌ཁྱེར༌ ཆུ༌ངུན༌བོའང༌,
གྲོང༌ཁྱེར༌ མ༌ ཁག༌ཅན༌ཞིག༌ གྱུར༌ཨིན༌,
ཅིའ༌ཟེར༌ན༌ ཁྱོ༌ཞའེ༌ ཕྲོ༌ནེ༌ ཏེ༌ཟུག༌ ཝང༌སྲུལ༌པ༌ཞིག༌ ཡོང༌ཨིན༌,
ཀ༌བོའེ༌ ཨིས༌ར༌ཨེལ༌པ༌ ངའེ༌ མི༌གུན༌ལ༌ ལུག༌རྫི༌ ཚུལ༌ལ༌ ལྟ༌སྟོག༌ ཅོ༌ཨིན༌། * 2:6 མི༌ཀའི༌ སྤེ༌ཆའེ༌ 5:2"
7 ཏེ༌ནེ༌ ཧེ༌རོ༌དཱའི༌ ཤར༌ ཆོགས༌སི༌ ཤེས༌རབས༌ཅན༌གུན༌ སུའང༌ གྱུས༌ཆའ༌ མ༌ཅུག༌ག༌ ཅིག༌པོ༌ བོད༌ཏེ༌ སྐར༌མ༌ གོ༌མ༌རང༌ ཐོང༌ཁན༌ནི༌ ཏུས༌པོ༌ གྱུས༌ཅོས༌། 8 ཁོའེ༌ ཁོང༌གུན༌ བེད༌ལེ༌ཧེམ༌མ༌ ལམ༌ཅུགས༌ཏེ༌ ཟེརས༌, "སོང༌, ཞིབ༌སལ༌ ཅོས༌ཏེ༌ ཕྲུ༌གུ༌བོ༌ ཙོལ༌, ཡང༌ ཁོང༌ ཐོབ༌བ༌ཅིག༌ ལོགས༌ཏེ༌ ཡོངས༌ཏེ༌ ངའ༌ ཤོད༌, ཅིའ༌ཟེར༌ན༌ ངའ༌ ཁོང༌ ཇལ༌ལ༌ སོང༌ཏེ༌ ཁོང༌ང༌ ཅོལ༌ཨིན༌།"
9 གྱལ༌པོའེ༌ སྤེ༌ར༌ ཟེར༌ཁན༌གུན༌ ཉན༌ཏེ༌ སྟིང༌ནེ༌, ཁོང༌གུན༌ ཤར༌ ཆོགས༌ལ༌ ཐོང༌ཁན༌ནི༌ སྐར༌མའེ༌ གྱབ༌ནེ༌ སོང༌, ཀ༌བོ༌ ཕྲུ༌གུ༌ ཡོད༌སའེ༌ ནས༌སའེ༌ཀ༌ ལེབ༌བ༌ཅིག༌, ནམ༌ཁའེ༌ ནང༌ང༌ གྲུལ༌ མ༌གྲུལ༌ལ༌ དུགས༌། 10 སྐར༌མ༌བོ༌ གྲུལ༌ མ༌གྲུལ༌ལ༌ དུགས༌ཏེ༌ ཐོང༌ང༌ཅིག༌, ཁོང༌གུན༌ནི༌ སེམས༌ ཐད༌པོའེ༌ གངས༌། 11 ཁང༌པའེ༌ ནང༌ང༌ ཆའ༌ཅིག༌, ཁོང༌གུན༌ནི༌ ཕྲུ༌གུ༌ ཁོང༌རང༌ངི༌ ཨ༌མ༌ མིར༌ཡམ༌ ཉམ༌པོ༌ ཐོང༌, ཡང༌ ཁོང༌གུན༌ནི༌ པིག༌དོང༌ ཙུགས༌ཏེ༌ ཆག༌ཕུལས༌། ཏེ༌ནེ༌ སྟེར༌སྒམ༌གུན༌ ཕེས༌ཏེ༌ སེར༌, ཕརང༌ཀེན༌སེནས༌ དང༌ མའེར༌ ཟེར༌ཁན༌ནི༌ ཏྲི༌ཞིམ༌ཅན༌ནི༌ སྤོས༌ དང༌ མར༌རི༌ སྐྱེས༌གུན༌ ཁོང༌ང༌ ཕུལས༌།
12 ཡང༌ ཉི༌ལམ༌མི༌ ནང༌ང༌ དཀོན༌མཆོག༌གི༌ ཁོང༌གུན༌ལ༌ གྱལ༌པོ༌ ཧེ༌རོ༌དཱ༌ ཡོད༌ས༌ ལོགས༌ཏེ༌ མི༌ཆ༌ཅེས༌ལ༌ སྤང༌པུད༌པ༌, ལམ༌ སོ༌སོ༌ཞིག༌ནེ༌ རང༌ཡུལ༌ལ༌ ལོགས༌ཏེ༌ སོང༌།
ཨི༌ཇིབ༌བི༌ ཡུལ༌ཇོངས༌ལ༌ ཤོར༌ར༌ ཛདས༌།
2:13 ནེ༌ 18
13 ཤེས༌རབས༌ཅན༌གུན༌ ལོགས༌ཏེ༌ ཆའ༌ཅིག༌, དཀོན༌མཆོག༌གི༌ ཕོ༌ཉ༌ཞིག༌ ཡོ༌སེབ༌བི༌ ཉི༌ལམ༌མི༌ ནང༌ང༌ མོལ༌ཨིན༌ ཇལ༌, "ལོངས༌, ཕྲུ༌གུ༌ དང༌ ཁོང༌ངི༌ ཨ༌མའ༌ ཨི༌ཇིབ༌བི༌ ཡུལ༌ཇོངས༌ལ༌ ཁྲིད༌ཏེ༌ ཤོར༌། ཡང༌ ནམ༌ཚོག༌པ༌ ངའེ༌ མི༌ཟེར༌ ཏེ༌ཏེ༌ཚོག༌པ༌ ཏེ༌རུ༌ དུག༌, ཅིའ༌ཟེར༌ན༌ གྱལ༌པོ༌ ཧེ༌རོ༌དཱའི༌ འི༌ ཕྲུ༌གུ༌བོ༌ སད༌ཅེས༌ལ༌ ཙལ༌ཨིན༌།"
14 ཡོ༌སེབ༌ ལངས༌ཏེ༌ ཕྲུ༌གུ༌ དང༌ ཕྲུ༌གུའི༌ ཨ༌མ༌ མིར༌ཡམ༌ ཉིས༌ཀོ༌ ཁྲིད༌ཏེ༌ ཏེན༌ན༌ ཚན༌ལ༌ ཨི༌ཇིབ༌བི༌ ཡུལ༌ལ༌ ཤོར༌ཏེ༌ སོང༌, 15 ཀ༌རུ༌ ཁོང༌གུན༌ གྱལ༌པོ༌ ཧེ༌རོ༌དཱ༌ ཤི༌ཤི༌ ཚོག༌པ༌ ཞུགས༌། ཀ༌ཟུག༌གི༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ གྱུད༌ཏེ༌, "ངའེ༌ ཨི༌ཇིབ༌ ཡུལ༌ནེ༌ ཕི༌ལོག༌ག༌ ང༌རང༌ངི༌ བུ༌ཚ༌ བོད༌པིན༌ † 2:15 ཧོ༌ཤཱ༌ཡི༌ སྤེ༌ཆའེ༌ 11:1" མོལ༌ཏེ༌ ཡོད༌ཁན༌བོ༌ དྲན༌དྲ༌ གྲུབ༌།
16 གྱལ༌པོ༌ ཧེ༌རོ༌དཱའི༌ ཤེས༌རབས༌ཅན༌གུན༌ནི༌ གོབ༌སྐོར༌ ཏང༌ཁན༌བོ༌ ཧ༌གོ༌པ༌ མ༌སྲན༌ཏྲེ༌ སྲོ༌ ཡོངས༌། ཁོའེ༌ བེད༌ལེ༌ཧེམ༌ དང༌ ཏེ༌ ཉེ༌ཁོར༌རི༌ ཡུལ༌ལི༌ ནང༌ང༌ ཡོད༌ཁན༌ནི༌ བུ༌ཚ༌ ལོ༌ ཉིས༌ ཡང༌ ཏེ༌སང༌ ཆུང༌ང༌ ཚང༌མ༌ སོད༌ ཟེར༌ཏེ༌ བཀའ༌ ཏངས༌, ཀ༌བོ༌ ཤེས༌རབས༌ཅན༌གུན༌ནི༌ ཏང༌པོ༌རང༌ སྐར༌མ༌བོ༌ ཐོང༌ ཟེར༌ཁན༌ནི༌ ཏུས༌ ནང༌ཞིན༌ ཨིན༌པིན༌། 17 ཏེ༌ནེ༌ ལུང༌སྟོན༌པ༌ ཡེ༌རེམ༌ཡཱ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ མོལ༌ཁན༌གུན༌ གྲུབ༌། ཏེ༌བོ༌ ནི༌,
18 "ར༌མའེ༌ ཡུལ༌ནེ༌ སྐད༌ ཚོར༌ཨིན༌,
ངུ༌ཨིན༌ ཡང༌ རྡུག༌པོ༌ ཅོ༌ཨིན༌།
ར༌ཧེལ༌ལི༌ པུར༌གྱུད༌ རང༌ངི༌ ཕྲུ༌གུ༌གུན༌ནི༌ ཕིའ༌ ངུ༌ཨིན༌,
ཨིན༌ནའང༌ སེམས༌སོ༌ མི༌གོས༌,
ཅིའ༌ཟེར༌ན༌ ཕྲུ༌གུ༌གུན༌ ཤི༌ཏེ༌ མེད༌། ‡ 2:18 ཡེ༌རེམ༌ཡཱའི༌ སྤེ༌ཆའེ༌ 31:15
ཨི༌ཇིབ༌ནེ༌ ལོག༌ཏེ༌ སྐྱོདས༌།
2:19 ནེ༌ 23
19 གྱལ༌པོ༌ ཧེ༌རོ༌དཱ༌ ཤི༌ཏེ༌ སྟིང༌ནེ༌, ཡོ༌སེབ༌ ཨི༌ཇིབ༌བི༌ ཡུལ༌ལ༌ ཡོད༌དི༌ ཏུས༌ལ༌ ཁོའ༌ ཉི༌ལམ༌མི༌ ནང༌ང༌ དཀོན༌མཆོག༌གི༌ ཕོ༌ཉ༌ཞིག༌གི༌ མོལས༌, 20 "ལོངས༌, ཕྲུ༌གུ༌ དང༌ ཁོང༌ངི༌ ཨ༌མ༌ ཁྲིད༌ཏེ༌ ཨིས༌ར༌ཨེལ༌ལི༌ ཡུལ༌ལ༌ སོང༌ ཅིའ༌ཟེར༌ན༌ ཕྲུ༌གུ༌ སད༌ད༌ལ༌ ཙལ༌ཁན༌གུན༌ ཤི༌ཏེ༌ མེད༌།"
21 ཏེ༌བོའེ༌ཕིའ༌ ཡོ༌སེབ༌ ལངས༌ཏེ༌ ཕྲུ༌གུ༌ དང༌ ཨ༌མ༌ ཁྲིད༌ཏེ༌ ཨིས༌ར༌ཨེལ༌ལི༌ ཡུལ༌ལ༌ ལོགས༌ཏེ༌ སོང༌། 22 ཨིན༌ནའང༌ ཡོ༌སེབ༌བ༌ ཧེ༌རོ༌དཱའི༌ ཚབས༌ལ༌ ཁོའེ༌ བུ༌ཚ༌ ཨར༌ཁེ༌ལཱིས༌ ཡ༌ཧུ༌དཱའེ༌ གྱལ༌པོ༌ ཅོ༌ཁན༌བོ༌ ཚོར༌ར༌ཅིག༌, ཁོ༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌ལ༌ ལོགས༌ཏེ༌ ཆ༌ཅེས༌ལ༌ ཇིགས༌། ཁོའ༌ ཉི༌ལམ༌མི༌ ནང༌ང༌ སྤང༌པུད༌ད༌ ཛད༌ པ༌སང༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌ལ༌ སོང༌། 23 ཁོང༌གུན༌ སོང༌ཏེ༌ ན༌ཙ༌རེད༌ ཟེར༌ཁན༌ནི༌ གྲོང༌ཁྱེར༌རི༌ ནང༌ང༌ དུགས༌། ཏེན༌ན༌བོའེ༌ཕིའ༌ སྔུན༌མའེ༌ ལུང༌སྟོན༌པ༌གུན༌ནི༌ ཁོང༌ངི༌ སྐོར༌ལ༌ "ཁོང༌ང༌ ན༌ཙ༌རེད༌པ༌ ཞུའ༌ཨིན༌" མོལ༌ཁན༌བོ༌ དྲན༌དྲ༌ གྲུབ༌།