13
ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ནི༌ རྐང༌པ༌ ཁྲུའ༌ ཛདས༌།
13:1 ནེ༌ 17
1 པེ༌སག༌གི༌ དོན༌ཏང༌ངི༌ སང༌ སྔུན༌ལ༌, གཙོ༌བོ༌ ཡེ༌ཤུའ༌ འི༌ ཇིག༌རྟེན༌བོ༌ ཕངས༌ཏེ༌ ཁོང༌རང༌ངི༌ ཡབ༌བི༌ཀ༌ སྐྱོད༌ཅེས༌སི༌ ཏུས༌ ལེབས༌ཏེ༌ ཨིན༌ཁན༌བོ༌ ཐུག༌གྱུས༌ ཡོད༌པིན༌། ཁོང༌ངི༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ ཁོང༌རང༌ངི༌ མི༌གུན༌ལ༌ ཅམས༌པ༌ ཛདས༌, ཁོང༌གུན༌ལ༌ ཏ༌ ཁོང༌ངི༌ ཁོང༌རང༌ངི༌ ཅམས༌པ༌ ཚད༌ མེད༌ ལྟན༌ན༌ ཛདས༌། 2 ཁོང༌གུན༌ ཕི༌ཏོག༌གི༌ དོན༌ཏང༌ དོན༌ཨིན༌ ཡོད༌པིན༌, ཤེ༌ཏན༌ནི༌ ཤི༌མོན༌ནི༌ བུ༌ཚ༌ ཡུ༌དཱ༌ ཀར༌ཡོད༌པའེ༌ སྙིང༌ངི༌ ནང༌ང༌ ཡེ༌ཤུའ༌ ངོ༌ལོག༌ ཅོ༌ཅུག༌ཅེས༌སི༌ སམ༌བ༌ སྐྱེ༌ཅུགས༌ ཚར༌ཏེ༌ ཨིན༌པིན༌།
3 ཡེ༌ཤུའི༌ ཡབ༌བི༌ ཅི༌ཚང༌མ༌ ཁོང༌ངི༌ ཆག༌ག༌ སྟད༌ད༌ ཛད༌ཁན༌ དང༌ ཁོང༌ དཀོན༌མཆོག༌གི༌ ཆོགས༌ནེ༌ སྐྱོད༌ཁན༌ ཡང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ལོགས༌ཏེ༌ སྐྱོད༌ཅེས༌པོ༌ ཁྱེན༌ན༌ ཛད༌དད༌པིན༌། 4 ཏེ༌ནེ༌ ཁོང༌ ཅོག༌ཙེ༌ དུན༌ལ༌ ཞངས༌ ཡང༌ རང༌ངི༌ ཁ༌ཐོག༌གི༌ ནམ༌ཟའ༌ ཕུད༌ད༌ ཛདས༌ཏེ༌ ལག༌ཕིས༌ ཆེན༌མོ༌ཞིག༌ ཁོང༌རང༌ངི༌ སྐྱེད༌པ༌ སྲིལ༌ལ༌ ཛདས༌། 5 ཏེ༌ སྟིང༌ནེ༌ ཁོང༌ངི༌ ཅི༌ལིམ༌ཅི༌ ནང༌ང༌ ཆུ༌ ལུགས༌ཏེ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ནི༌ རྐང༌པ༌ ཁྲུ༌ཅེས༌ གོ༌ཟུག༌ ཛད༌ཏེ༌ སྐྱེད༌པ༌ སྲིལ༌ལ༌ ཛད༌ཁན༌ནི༌ ལག༌ཕིས༌ ཆེན༌མོ༌ ཉམ༌པོ༌ ཕིའ༌ ཛདས༌།
6 ཁོང༌ ཤི༌མོན༌ པི༌ཏྲར༌རི༌ དུན༌ལ༌ ལེབ༌བ༌ཅིག༌, པི༌ཏྲར༌རི༌ ཟེརས༌, "གཙོ༌བོ༌ ཉེ༌རང༌ངི༌ ངའེ༌ རྐང༌པ༌ ཁྲུའ༌ ཛད༌དད༌ད༌?"
7 ཡེ༌ཤུའི༌ ཁོའ༌ ལན༌སལས༌, "ངའེ༌ ཅོ༌ཁན༌བོ༌ དག༌ས༌ ཁྱོ༌རང༌ང༌ ཧ༌མི༌གོ༌, ཨིན༌ནའང༌ སྟིང༌ནེ༌ ཧ༌གོ༌ཨིན༌།"
8 པི༌ཏྲར༌རི༌ ཟེརས༌, "མན༌, ཉེ༌རང༌ངི༌ ངའེ༌ རྐང༌པ༌ མ༌ནེ༌ ཁྲུ༌ མ༌ཛད༌།"
ཡེ༌ཤུའི༌ ཁོའ༌ མོལས༌, "གལ༌ཏེས༌ ངའེ༌ ཁྱོ༌རང༌ངི༌ རྐང༌པ༌ མ༌ཁྲུ༌ན༌ ཏེ༌ནེ༌ ངའེ༌ ནོར༌སྐལ༌ལི༌ ནང༌ང༌ ཁྱོ༌རང༌ང༌ ཁག༌ མེད༌།"
9 ཤི༌མོན༌ པི༌ཏྲར༌རི༌ ཟེརས༌, "ཏེ༌ཟུག༌ ཨིན༌ན༌, ཏེ༌ནེ༌ གཙོ༌བོ༌ ངའེ༌ རྐང༌པ༌ མ༌ཚད༌, ལག༌ དང༌ གོའང༌ ཁྲུའ༌ཛད༌།"
10 ཡེ༌ཤུའི༌ ཁོའ༌ ལན༌སལས༌, "ཆུའ༌ ཞུགས༌ཁན༌ནི༌ མི༌བོའེ༌ རྐང༌པ༌ཙ༌ མ༌ནེ༌ ཁྲུ༌གོས༌ མེད༌ཏེ༌ ཨིན༌ནོག༌, ཁོའེ༌ ཟུགས༌པོ༌ གང༌པོ༌ ལག༌མོ༌ ཨིན༌ནོག༌། ཅིག༌ཅིག༌ མ༌སྟོགས༌ ཁྱོ༌ཞའ༌ ཚང༌མ༌ རྩང༌མ༌ ཨིན༌།" 11 ཡེ༌ཤུའ༌ ངོ༌ལོག༌ ཅོ༌ཅེས༌ཅན༌ནི༌ མི༌བོ༌ ཐུག༌གྱུས༌ ཡོད༌ པ༌སང༌, 'ཅིག༌ཅིག༌ མ༌སྟོགས༌ ཁྱོ༌ཞའ༌ ཚང༌མ༌ རྩང༌མ༌ ཨིན༌' མོལས༌།
12 ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ནི༌ རྐང༌པ༌ ཁྲུ༌ ཚར༌ར༌ཅིག༌ ནམ༌ཟའ༌ ནམས༌ཏེ༌ ཁོང༌རང༌ངི༌ ནས༌སའེ༌ཀ༌ ཞུགས༌, ཡང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ལ༌ ཏྲིའ༌ ཛདས༌, "ངའེ༌ ཅོས༌ཁན༌ནི༌ ཏོན༌བོ༌ ཁྱོ༌ཞའ༌ ཧ༌གོའ༌? 13 ཁྱོ༌ཞའེ༌ ང༌ ལོབ༌པོན༌ དང༌ གཙོ༌བོ༌ ཟེར༌ར༌ནོག༌, ཏེ༌ཟུག༌ ཟེར༌ཅེས༌པོ༌ དྲང༌པོ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ང༌ ཏེ༌བོ༌ ཨིན༌ནའང༌ ཨིན༌། 14 ཏ༌ ང༌ ཁྱོ༌ཞ༌གུན༌ནི༌ ལོབ༌པོན༌ དང༌ གཙོ༌བོ༌ ཨིན༌ཨིན༌ཞིག༌ ཁྱོ༌ཞའེ༌ རྐང༌པ༌ ཁྲུའད༌ན༌, ཁྱོ༌ཞ༌གུན༌ནིའང༌ ཅིག༌ དང༌ ཅིག༌གི༌ རྐང༌པ༌ ཁྲུ༌གོས༌། 15 ངའེ༌ ཅོས༌ཁན༌གུན༌ ཁྱོ༌ཞེའང༌ ཅོ༌ཅེས༌སི༌ ཕིའ༌ ཁྱོ༌ཞ༌གུན༌ལ༌ ངའེ༌ སྤེ༌ཞིག༌ ལྟན༌ཏེ༌ ཨིན༌། 16 ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ཡོག༌པོ༌ སྤོན༌བོའེ༌ སང༌ ཆེའ༌ མ༌ནོག༌, ཡང༌ ལོན༌ ཁྱོང༌ཁན༌བོ༌ ལོན༌ ཀལ༌ཁན༌བོའེ༌ སང༌ ཆེའ༌ མ༌ནོག༌། 17 ཏ༌ ཁྱོ༌ཞ༌གུན༌ལ༌ འི༌གུན༌ ཧ༌གོ༌ཏེ༌ ཨིན༌ནོག༌། འི༌གུན༌ནི༌ཀ༌ ལག༌ལེན༌ ཅོ༌ན༌ ཅིན༌ལབས༌ ཐོབ༌ཨིན༌།"
ཡེ༌ཤུའ༌ ངོ༌ལོག༌ ཅོ༌ཅེས༌པོ༌ ཁོང༌ངི༌ ལུང༌སྟན༌ སལས༌།
13:18 ནེ༌ 30
18 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ངའེ༌ ཁྱོ༌ཞའ༌ ཚང༌མའེ༌ སྐོར༌ལ༌ ཟེར༌ར༌མེད༌, ངའེ༌ ལྡམས༌ཁན༌གུན༌ ང༌ གྱུས༌ཡོད༌། ཨིན༌ནའང༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌, 'ང༌ ཉམ༌པོ༌ ཟའ༌ཁན༌བོའེ༌ ངའ༌ ངོ༌ལོག༌ ཅོ༌ཨིན༌' བྲིས༌ཁན༌བོ༌ དྲན༌དྲ༌ གྲུབ༌གོས༌། 19 འི༌གུན༌ བྱུང༌ ཟ༌ནེ༌ ཁྱོ༌ཞ༌གུན༌ནི༌ ང༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ཁན༌བོ༌ ཏད༌པ༌ ཅོ༌ཅེས༌སི༌ ཕིའ༌ ངའེ༌ འི༌བོ༌ བྱུང༌ངི༌ སང༌ སྔུན༌ལ༌ དག༌ས༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌། 20 ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ངའེ༌ ཀལ༌ཁན༌གུན༌ལ༌ གའ༌སུས༌ ཅོ༌ཁན༌གུན༌ནི༌ ངའ༌ གའ༌སུས༌ ཅོས༌ཏེ༌ ཨིན༌, ཡང༌ ང༌ གའ༌སུས༌ ཅོ༌ཁན༌གུན༌ནི༌ ང༌ ཀལ༌ལ༌ ཛད༌ཁན༌བོའ༌ གའ༌སུས༌ ཞུས༌ཏེ༌ ཨིན༌ནོག༌།"
21 ཏེ༌བོ༌ མོལ༌ཏེ༌ སྟིང༌ནེ༌ ཡེ༌ཤུའི༌ སེམས༌ལ༌ མ༌སྲན༌ཏྲེ༌ ནགས༌ ཐོང༌, ཡང༌ སྤང༌པོ༌ སལ༌ཏེ༌ མོལས༌, "ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ཁྱོ༌ཞའེ༌ ཕྲོ༌ནེ༌ ཅིག༌ཅིག༌གི༌ ངའ༌ ངོ༌ལོག༌ ཅོ༌ཨིན༌།"
22 ཏེ༌ནེ༌ ལོབ༌ཕྲུགས༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ལྟས༌, ཅིའ༌ཟེར༌ན༌ ཁོང༌ངི༌ སུའི༌ སྐོར༌ལ༌ མོལ༌ཏེ༌ ཨིན༌ སུའང༌ གྱུས༌ མེད༌པིན༌། 23 ཡེ༌ཤུའི༌ ཅེས༌པ༌ ཛད༌ཁན༌ནི༌ ལོབ༌ཕྲུགས༌པོ༌ ཁོང༌ངི༌ ལྡོའེ༌ཀ༌ དུགས༌ཏེ༌ ཡོད༌པིན༌། 24 ཤི༌མོན༌ པི༌ཏྲར༌རི༌ ཏེ༌ ལོབ༌ཕྲུགས༌པོའ༌, སུའི༌ སྐོར༌ལ༌ མོལ༌ཏེ༌ ཨིན༌ ཡེ༌ཤུའ༌ ཏྲི༌ཅེས༌ལ༌ རྡའ༌ ཏངས༌?
25 ཁོ༌ ཡེ༌ཤུའི༌ ཆོགས༌ལ༌ ཉེས༌ཏེ༌ ཁོང༌ང༌ ཏྲིས༌, "གཙོ༌བོ༌ ཁོ༌ སུ༌ ཨིན༌ནོག༌?"
26 ཡེ༌ཤུའི༌ ལན༌སལས༌, "ངའེ༌ ཏ༌གི༌ ད༌བེན༌ནི༌ ནང༌ང༌ སྤགས༌ཏེ༌ ཏང༌ཅེས༌ཅན༌བོ༌ ཨིན༌།" ཏེ༌ནེ༌ ཡེ༌ཤུའི༌ ཤི༌མོན༌ ཀར༌ཡོད༌པའེ༌ བུ༌ཚ༌ ཡུ༌དཱ༌ ཏ༌གི༌ སྤགས༌ཁན༌བོ༌ སལས༌། 27 ཏ༌གི༌ ཁམ༌བུ༌བོ༌ ཟའ༌ཅིག༌ ཤེ༌ཏན༌ ཁོའེ༌ ནང༌ང༌ ཞུགས༌། ཡེ༌ཤུའི༌ ཁོའ༌ མོལས༌, "ཁྱོ༌རང༌ངི༌ ཅོ༌ཅེས༌ཅན༌བོ༌ གྱོགས༌པ༌ ཅོས༌།" 28 ཨིན༌ནའང༌ ཁར༌ཇི༌ ཟེན༌ ཡོད༌ཁན༌ ཞན༌ཚང༌མའ༌ ཡེ༌ཤུའི༌ ཁོའ༌ ཏེ༌ཟུག༌ ཅིའ༌ མོལ༌ཏེ༌ ཨིན༌ ཅའང༌ ཧ༌མ༌གོ༌། 29 ཡུ༌དཱ༌ པེ༌ནེ༌ ཁག༌ཁུར༌པ༌ ཨིན༌པ༌, ཁ༌ཅིག༌གི༌ ཡེ༌ཤུའི༌ ཁོའ༌ ཏུས༌ཆེན༌ནི༌ ཕིའ༌ སྒོས༌དོམ༌གུན༌ ཉོ༌ཅེས༌ ཡ༌ ཉལ༌བ༌ཅན༌ གུན༌ལ༌ པེ༌ནེ༌ ཏང༌ཅེས༌སི༌ ཕིའ༌ མོལ༌ཏེ༌ ཨིན༌གྲོ༌ སམ༌། 30 ཡུ༌དཱའེ༌ ཏ༌གི༌ ཁམ༌བུ༌བོ༌ ཟོས༌ཏེ༌ ཁོ༌ ཕི༌ལོག༌ག༌ བིང༌ཏེ༌ སོང༌, ཏེ༌ ཟ༌ནེ༌ ཚན༌ སོང༌ཏེ༌ ཡོད༌པིན༌།
པི༌ཏྲར༌རི༌ མི༌ཤེས༌ཟུན༌ ཏང༌ཅེས༌ ཡེ༌ཤུའི༌ ལུང༌སྟན༌ ཛདས༌།
13:31 ནེ༌ 38
31 ཡུ༌དཱ༌ སོང༌ ཚར༌ར༌ཅིག༌ གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ཏ༌ མི༌རིགས༌སི༌བུའ༌ སྤལ༌ ཐོབ༌ཨིན༌, ཡང༌ ཁོ༌ གྱུད༌ཏེ༌ དཀོན༌མཆོག༌ག༌ སྤལ༌ ཐོབ༌ཨིན༌། 32 གལ༌ཏེས༌ ཁོའེ༌ ཞས༌ཏེ༌ དཀོན༌མཆོག༌ག༌ སྤལ༌ ཐོབ༌བད༌ན༌, དཀོན༌མཆོག༌གི༌ ཁོང༌རང༌ངི༌ ནང༌ང༌ སྲས༌ལའང༌ སྤལ༌ གྱོགས༌པ༌ སལ༌ལ༌ ཛད༌ཨིན༌། 33 ངའེ༌ ཕྲུ༌གུ༌གུན༌, ཁྱོ༌ཞ༌གུན༌ ཉམ༌པོ༌ ང༌ ཏ༌རུང༌ ཏུས༌ ཉུ༌ངུན༌ཞིག༌ ལུས༌ཨིན༌། ཁྱོ༌ཞའེ༌ ང༌ ཙལ༌ཨིན༌, ཀ༌ཟུག༌ ངའེ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ལ༌ ཟེར༌པིན༌ དག༌ས༌ ཁྱོ༌ཞ༌གུན༌ལའང༌ ཟེར༌རད༌, ཀ༌རུ༌ ང༌ ཆའད༌ ཁྱོ༌ཞ༌གུན༌ ཏེ༌རུ༌ ཡོང༌ མི༌ཉན༌། 34 ངའེ༌ ཁྱོ༌ཞ༌གུན༌ལ༌ བཀའ༌རྒྱ༌ སོ༌མ༌ཞིག༌ ཏང༌ངད༌, ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཅོས༌། ངའེ༌ ཁྱོ༌ཞའ༌ ཅམས༌པ༌ ཅོའ༌ ཙོགས༌ལ༌, ཁྱོ༌ཞ༌གུན༌ནིའང༌ ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཅོ༌གོས༌། 35 ཏེ༌བོའེ༌ མི༌ཚང༌མ༌ལ༌ ཁྱོ༌ཞ༌གུན༌ ངའེ༌ ལོབ༌ཕྲུགས༌ ཨིན༌ཁན༌བོ༌ ཤེས༌ཨིན༌, གལ༌ཏེས༌ ཁྱོ༌ཞའེ༌ ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཅོ༌ན༌།"
36 ཤི༌མོན༌ པི༌ཏྲར༌རི༌ ཡེ༌ཤུའ༌ ཟེརས༌, "གཙོ༌བོ༌ ཉེ༌རང༌ ཀ༌རུ༌ སྐྱོད༌ཅེས༌ ཨིན༌?"
ཡེ༌ཤུའི༌ ལན༌སལས༌, "ང༌ ཆ༌སའ༌ དག༌ས༌ ཁྱོ༌རང༌ ཡོང༌ མི༌ཉན༌, ཨིན༌ནའང༌ སྟིང༌ནེ༌ ཁྱོ༌རང༌ ངའ༌ བྲངས༌ཏེ༌ ཡོང༌ཨིན༌།"
37 པི༌ཏྲར༌རི༌ ཏྲིས༌, "ཀྱེ༌ གཙོ༌བོ༌ ང༌ ཉེ༌རང༌ ཉམ༌པོ༌ དག༌ས༌ ཅིའ༌ ཡོང༌ མི༌ཉན༌། ཉེ༌རང༌ངི༌ ཕིའ༌ ངའེ༌ སྲོག༌ ཏང༌ཨིན༌།"
38 ཡེ༌ཤུའི༌ ལན༌སལས༌, "ཁྱོ༌རང༌ངི༌ ངའེ༌ ཏོན༌ལ༌ རང༌ངི༌ སྲོག༌པོ༌ ཏང༌ཨིན༌ན༌? ངའེ༌ ཁྱོ༌རང༌ང༌ དེན༌བ༌ དེན༌བ༌ ཟེར༌རད༌, ཅ༌པོའེ༌ ཅ༌སྐད༌ ཏང༌ངི༌ སང༌ སྔུན༌ལ༌, ཁྱོ༌རང༌ངི༌ ངའ༌ ལན༌ སུམ༌ མི༌ཤེས༌ཟུན༌ ཏང༌ཨིན༌།"