42
ཡོ༌སེབ༌བི༌ ཨ༌ཅོ༌གུན༌ ཨི༌ཇིབ༌བ༌ སོང༌།
1 ཡ༌ཀོབ༌བ༌ ཨི༌ཇིབ༌བི༌ ནང༌ང༌ གྲུ༌ ཡོད༌ཁན༌བོ༌ ཚོར༌ར༌ཅིག༌ ཁོའེ༌ ཁོང༌རང༌ངི༌ བུ༌ཚ༌གུན༌ལ༌ ཟེརས༌, "ཁྱོ༌རང༌གུན༌ ཚེར༌ཨིན༌ ཅའང༌ མ༌ཅོའ༌ དུགས༌ཏེ༌ ཅི༌ ཅོའད༌? 2 ཨི༌ཇིབ༌བི༌ ནང༌ང༌ གྲུ༌ དུག༌ ཟེར༌ཏེ༌ ངའེ༌ ཚོར༌, ང༌དང༌གུན༌ སྟོག༌རིའ༌ མི༌ ཤི༌ཅེས༌ལ༌ ཏེ༌རུ༌ སོང༌ཏེ༌ གྲུ༌ ཉོས༌ཏེ༌ ཁྱོང༌།"
3 ཏེ༌ནེ༌ ཡོ༌སེབ༌བི༌ ཨ༌ཅོ༌ རྕུ༌ ཨི༌ཇིབ༌བ༌ གྲུ༌ ཉོའ༌ལ༌ སོང༌། 4 ཨིན༌ནའང༌ ཡ༌ཀོབ༌བི༌ ཡོ༌སེབ༌བི༌ ནོ༌ བེན༌ཡཱ༌མིན༌ ཁོང༌གུན༌ ཉམ༌པོ༌ ལམ༌ མ༌ཅུགས༌ ཅིའ༌ཟེར༌ན༌ ཁོ༌ ཉམ༌པོ༌ ངན༌པ༌ ཆ༌སྲིད༌ཅེས༌ ཨིན༌ནོག༌ སམ༌ཏེ༌ ཁོ༌ ཇིགས༌། 5 ཞན༌ མི༌གུན༌ ཉམ༌པོ༌ ཡ༌ཀོབ༌བི༌ བུ༌ཚ༌གུན༌ གྲུ༌ ཉོ༌ཅེས༌ལ༌ སོང༌ ཅིའ༌ཟེར༌ན༌ ཀེ༌ནན༌ནི༌ ནང༌ངའང༌ མུ༌གེ༌ བྱུང༌ཏེ༌ ཡོད༌པིན༌།
6 ཡོ༌སེབ༌ ཨི༌ཇིབ༌བི༌ ལོན༌པོ༌ ཨིན༌ པ༌སང༌ མི༌ཚང༌མ༌ལ༌ གྲུ༌ ཙོང༌ཅེས༌སི༌ ཁག༌ ཁོའེ༌ ཨིན༌པིན༌། ཡོ༌སེབ༌བི༌ ཨ༌ཅོ༌གུན༌ ཁོ༌ ཡོད༌ས༌ ཡོངས༌ ཡང༌ ཁོའེ༌ དུན༌ལ༌ གོ༌ ས༌ ཐུག༌ ཅུགས༌ཏེ༌ སྒུས༌། 7 ཨ༌ཅོ༌གུན༌ ཐོང༌ང༌ཅིག༌ ཡོ༌སེབ༌བི༌ ཁོང༌གུན༌ ཤེས༌ ཨིན༌ནའང༌ མི༌ཤེས༌ཟུན༌ ཏངས༌ཏེ༌ ཁོའེ༌ ཁོང༌གུན༌ལ༌ སྤེ༌ར༌ སྐྱོང༌པོ༌ ཏངས༌ཏེ༌ ཏྲིས༌, "ཁྱོ༌ཞ༌གུན༌ ཀ༌ནེ༌ ཡོངས༌ཏེ༌ ཨིན༌?"
ཁོང༌གུན༌ནི༌ ལན༌ཏངས༌, "ང༌ཞ༌གུན༌ ཀེ༌ནན༌ནེ༌ ཟའ༌ཅེས༌ ཉོའ༌ལ༌ ཡོངས༌པིན༌།"
8 ཡོ༌སེབ༌བི༌ ཁོང༌གུན༌ ཤེས༌ ཨིན༌ནའང༌ ཁོང༌གུན༌ནི༌ ཡོ༌སེབ༌ མ༌ཤེས༌། 9 ཁོའ༌ ཁོང༌གུན༌ནི༌ སྐོར༌ལ༌ ཉི༌ལམ༌ ཐོང༌ཁན༌བོ༌ ཨིད༌ཏུ༌ ཡོངས༌ ཡང༌ ཁོང༌གུན༌ལ༌ ཟེརས༌, "ཁྱོ༌ཞ༌གུན༌ ཇའ༌སུས༌ ཨིན༌ནོག༌། ཁྱོ༌ཞའ༌ ང༌ཞའེ༌ ཡུལ༌ལི༌ སྲུང༌སྐྱོབ༌ འུ༌ཐུགས༌ ཡོད༌ས༌གུན༌ ལྟའ༌ལ༌ ཡོངས༌ཏེ༌ ཨིན༌ནོག༌།"
10 ཁོང༌གུན༌ནི༌ ལན༌ཏངས༌, "མན༌, སྤོན༌བོ༌ལེ༌། ཉེ༌རང༌ངི༌ ཡོག༌པོ༌ ང༌ཞའ༌, ཟའ༌ཅེས༌ ཉོའ༌ལ༌ ཡོངས༌ཏེ༌ ཨིན༌།" 11 ང༌ཞའ༌ ཚང༌མ༌ ཨ༌བ༌ ཅིག༌གི༌ བུ༌ཚ༌གུན༌ ཨིན༌། སྤོན༌བོ༌ལེ༌ ང༌ཞ༌གུན༌ དྲང༌པོ༌ མི༌རིག༌ ཨིན༌, ཇའ༌སུས༌ མན༌།"
12 ཡོ༌སེབ༌བི༌ ཁོང༌གུན༌ལ༌ ཟེརས༌, "མན༌, ཁྱོ༌ཞ༌གུན༌ ང༌ཞའེ༌ ཡུལ༌ལི༌ སྲུང༌སྐྱོབ༌ འུ༌ཐུགས༌ ཡོད༌ས༌གུན༌ ལྟའ༌ལ༌ ཡོངས༌ཏེ༌ ཨིན༌ནོག༌།"
13 ཁོང༌གུན༌ནི༌ ཟེརས༌, "ང༌ཞའ༌ ཨ༌བ༌ ཅིག༌གི༌ བུ༌ཚ༌ ཨ༌ཅོ༌ནོ༌ ཅུག༌ཉིས༌ ཀེ༌ནན༌ ཡུལ༌ལི༌ ནང༌ང༌ དུག༌ཁན༌གུན༌ ཨིན༌། ང༌ཞའེ༌ ནོ༌ ཆུང༌ཤོག༌པོ༌ དག༌ས༌ ང༌ཞའེ༌ ཨ༌བ༌ ཉམ༌པོ༌ ཡོད༌ ཡང༌ ཅིག༌ཅིག༌ ཤི༌།"
14 ཡོ༌སེབ༌བི༌ ཟེརས༌, "ངའེ༌ ཟེར༌ཁན༌བོ༌ ཏན༌ཏན༌ ཨིན༌ནོག༌ ཁྱོ༌ཞ༌གུན༌ ཇའ༌སུས༌ ཨིན༌ནོག༌། 15 ཁྱོ༌ཞ༌གུན༌ནི༌ ཟེར༌ཁན༌བོ༌ དྲང༌པོ༌ ཨིན༌ན༌ མན༌ ལྟ༌ཅེས༌ལ༌ ངའེ༌ གྱལ༌པོའེ༌ མིང༌ངི༌ ནའ༌ ཁུར༌རད༌, ཁྱོ༌ཞའེ༌ ནོ༌ ཆུང༌ཤོག༌པོ༌ འི༌རུ༌ ཡོངས༌ཏེ༌ མ༌ནེ༌ ཁྱོ༌ཞའ༌ འི༌ ནས༌ས༌ནེ༌ བིངས༌ཏེ༌ ཆ༌ མི༌ཉན༌། 16 ཁྱོ༌ཞའེ༌ ནང༌ནེ༌ ཅིག༌, ནོ༌ ཁྱོང༌ང༌ལ༌ སོང༌, ཞན༌གུན༌ ཙོན༌ཁང༌ངི༌ ནང༌ང༌ བོར༌ཨིན༌ ནམ༌ཚོག༌པ༌ ཁྱོ༌ཞའེ༌ ཟེར༌ཁན༌བོ༌ དྲང༌པོ༌ མི༌བིང༌, དྲང༌པོ༌ མ༌བིང༌ན༌ གྱལ༌པོ༌ ཚན༌ནི༌ ནང༌ང༌ ཁྱོ༌རང༌གུན༌ ཇའ༌སུས༌ ཨིན༌ནོག༌།" 17 ཏེ༌ནེ༌ ཁོའེ༌ ཁོང༌གུན༌ ཙོན༌ཁང༌ངི༌ ནང༌ང༌ ཞག༌པོ༌ སུམ༌མི༌ ཕིའ༌ ཀག༌ཅུགས༌།
18 ཞག༌པོ༌ སུམ༌པའེ༌ ཞག༌ག༌ ཡོ༌སེབ༌བི༌ ཁོང༌གུན༌ལ༌ ཟེརས༌, "ང༌ དཀོན༌མཆོག༌ག༌ ཇིགས༌ཁན༌ནི༌ མི༌ཞིག༌ ཨིན༌། ངའེ༌ ཟེར༌ཁན༌བོ༌ ཅོ༌ན༌ ཁྱོ༌ཞ༌གུན༌ སོན༌ཏེའ༌ ལུས༌ཨིན༌། 19 ཁྱོ༌རང༌གུན༌ དྲང༌པོ༌ ཨིན༌ན༌ ཁྱོ༌ཞ༌གུན༌ནི༌ ནང༌ནེ༌ ཅིག༌ ཙོན༌ཁང༌ངི༌ ནང༌ང༌ དུག༌, ཞན༌གུན༌ནི༌ ཁྱོ༌ཞའེ༌ ནང༌མི༌ སྟོག༌རིའ༌ ཡོད༌ཁན༌གུན༌ནི༌ ཕིའ༌ གྲུ༌ ཉོས༌ཁན༌བོ༌ ཁྱེར༌། 20 ཨིན༌ནའང༌ ཁྱོ༌ཞའེ༌ ཟེར༌ཁན༌བོ༌ དྲང༌པོ༌ ཨིན༌ཁན༌ ལྟན༌ཅེས༌ལ༌ ཁྱོ༌ཞ༌གུན༌ནི༌ ནོ༌ ཆུང༌ཤོག༌པོ༌ ང༌ ཡོད༌ས༌ ཁྲིད༌ཏེ༌ ཁྱོང༌གོས༌། ཏེ༌ནེ༌ ངའེ༌ ཁྱོ༌རང༌གུན༌ སད༌ མི༌སད༌།" ཁོང༌གུན༌ནི༌ ཏེ༌བོ༌ ཅོ༌ཅེས༌ལ༌ ཁའ༌ ཆམས༌།
21 ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, "ཏན༌ཏན༌ལ༌, ང༌དང༌གུན༌ནི༌ ནོ༌ ཉམ༌པོ༌ ཅོས༌ཁན༌བོའེ༌ ཞས༌ཏེ༌ ང༌དང༌གུན༌ལ༌ ཆད༌པ༌ ཕོག༌ཏེ༌ ཨིན༌ནོག༌། ཁོའ༌ ནོད༌པ༌ མི༌སྐྱལ༌ཅེས༌ལ༌ ཞུ༌ཝ༌ ཕུལ༌ ཟ༌ནེ༌ ཁོ༌ ཚེར༌ཁ༌ དང༌ ཇིགས༌ཏེ༌ ཡོད༌ཁན༌བོ༌ ང༌དང༌གུན༌ནི༌ ཐོང༌ ཨིན༌ནའང༌ ང༌དང༌གུན༌ནི༌ ཁོའེ༌ ཞུ༌ཝ༌ མ༌ཉནས༌། ཏེན༌ན༌བོའེ༌ ཞས༌ཏེ༌ དག༌ས༌ ང༌དང༌གུན༌ལ༌ ནགས༌ ཐོང༌ཨིན༌ ཨིན༌ནོག༌།"
22 རའུ༌བེན༌ནི༌ ཟེརས༌, "ངའེ༌ ཁྱོ༌ཞའ༌ ཟེར༌ར༌ མེ༌རག༌ག༌ 'བུ༌ཚའེ༌ གྱབ༌གལ༌ལ༌ སྡིག༌པ༌ མ༌ཅོ༌' ཨིན༌ནའང༌ ཁྱོ༌ཞའེ༌ མ༌ཉནས༌། ཏ༌ ང༌དང༌གུན༌ལ༌ ཁོའེ༌ སྲོག༌རིན༌ ཤལ༌གོས༌ཏེ༌ ཨིན༌ནོག༌།" 23 ཁོང༌གུན༌ནི༌ ཟེར༌ཁན༌གུན༌ ཡོ༌སེབ༌བ༌ ཧ༌གོ༌ཅེས༌པོ༌ ཁོང༌གུན༌ལ༌ མ༌ཤེས༌ ཅིའ༌ཟེར༌ན༌ ཁོའེ༌ སྐད༌གྱུར༌ཁན༌ ཀོལ༌ལད༌པིན༌།
24 ཡོ༌སེབ༌ ཁོང༌གུན༌ནེ༌ ཐག༌རིང༌ང༌ སོང༌ཏེ༌ ངུས༌ ཨིན༌ནའང༌ ཡང༌སྐྱར༌ ལོགས༌ཏེ༌ ཡོངས༌ཏེ༌ ཁོང༌གུན༌ལ༌ སྤེ༌ར༌ ཏངས༌། ཁོང༌གུན༌ནི༌ ཕྲོ༌ནེ༌ ཁོའེ༌ སི༌མེ༌འོན༌ ཁྱེར༌ཏེ༌ ཚང༌མའེ༌ དུན༌ལ༌ ཁོ༌ ཏགས༌ཏེ༌ ཙོན༌ཁང༌ངི༌ ནང༌ང༌ བོར༌ཅུགས༌།
ཡོ༌སེབ༌བི༌ ཨ༌ཅོ༌གུན༌ ཀེ༌ནན༌ལ༌ ལོགས༌ཏེ༌ སོང༌།
25 ཡོ༌སེབ༌བི༌ ཁོའེ༌ ཨ༌ཅོ༌གུན༌ནི༌ ཕ༌ཙ༌གུན༌ གྲུའི༌ སྐང༌ཅེས༌, ཁོང༌གུན༌ནི༌ པེ༌ནེ༌ གྲུའི༌ ཕ༌ཙའེ༌ ནང༌ང༌ ལོགས༌ཏེ༌ གྱང༌ཅེས༌ ཡང༌ ཁོང༌གུན༌ནི༌ བེས༌སི༌ ཕིའ༌ ཁར༌ཇི༌ ཏང༌ཅེས༌ལ༌ བཀའ༌ ཏངས༌། ཏེ༌གུན༌ ཅོས༌ ཚར༌ར༌ཅིག༌, 26 ཨ༌ཅོ༌གུན༌ནི༌ ཁོང༌རང༌ངི༌ བུང༌བུ༌གུན༌ནི༌ཀ༌ གྲུའི༌ ཁུ༌རུ༌ ཀལས༌ ཡང༌ སོང༌།
27 ཁོང༌གུན༌ ཚན༌ལ༌ དུགས༌སའེ༌ ནས༌སའེ༌ཀ༌ ཁོང༌ ཅིག༌གི༌ ཁོ༌རང༌ངི༌ བུང༌བུའ༌ གྲུ༌ ཏང༌ཅེས༌ལ༌ ཕ༌ཙ༌བོ༌ ཕེས༌པ༌ ཁོ༌རང༌ངི༌ པེ༌ནེ༌བོ༌ ཕ༌ཙའེ༌ ཁའེ༌ཀ༌ ཐོང༌། 28 ཁོའེ༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌གུན༌ལ༌ ཟེརས༌, "ངའེ༌ པེ༌ནེ༌ ཕ༌ཙའེ༌ གྲུ༌ ཉམ༌པོ༌ ལོགས༌ཏེ༌ ཏངས༌ཏེ༌ དུག༌།" ཁོང༌གུན༌ ཇིགས༌ཏེ༌ སྲན༌ཏྲེ༌ དར༌ཨིན༌ ཟེརས༌, "དཀོན༌མཆོག༌གི༌ ང༌དང༌གུན༌ ཉམ༌པོ༌ ཅི༌ ཛད༌ཏེ༌ ཨིན༌ནོག༌?"
29 ཁོང༌གུན༌ ཀེ༌ནན༌ལ༌ ཁོ༌རང༌གུན༌ནི༌ ཨ༌བ༌ ཡ༌ཀོབ༌ ཡོད༌ས༌ ལེབ༌བ༌ཅིག༌, ཁོང༌གུན༌ནི༌ བྱུང༌ཁན༌ ཚང༌མ༌ ཁོའ༌ ཤདས༌། ཁོང༌གུན༌ནི༌ ཟེརས༌, 30 "ཨི༌ཇིབ༌བི༌ ལོན༌པོའི༌ ང༌ཞའ༌ ཉམ༌པོ༌ སྤེ༌ར༌ སྐྱོང༌པོ༌ ཏངས༌ ཡང༌ 'ང༌ཞའ༌ ཁོའེ༌ ཡུལ༌ལི༌ ནང༌ང༌ ཇའ༌སུས༌ ཅོའ༌ལ༌ ཡོང༌ཏེ༌ ཨིན༌ནོག༌' ཟེར༌ཏེ༌ ཉད༌གལ༌ ཀལས༌། 31 ཨིན༌ནའང༌ ང༌ཞའེ༌ ཁོའ༌ ཟེར༌པིན༌ 'ང༌ཞ༌གུན༌ མི༌ དྲང༌པོ༌ རིག༌ ཨིན༌ ཇའ༌སུས༌ མན༌། 32 ང༌ཞའ༌ ཨ༌ཅོ༌ནོ༌ ཅུག༌ཉིས༌ ཡོད༌, ཨ༌བ༌ ཅིག༌ཅིག༌གི༌ བུ༌ཚ༌གུན༌, ཅིག༌ཅིག༌ ཤི༌ ཡང༌ ཆུང༌ཤོག༌པོ༌ ཀེ༌ནན༌ནི༌ ནང༌ང༌ ང༌ཞའེ༌ ཨ༌བ༌ ཉམ༌པོ༌ ཡོད༌།'"
33 "ཏེ༌ནེ༌ ཏེ༌ ས༌ཆའེ༌ ལོན༌པོའེ༌ ཟེར༌ར༌རག༌, 'ཁྱོ༌ཞའེ༌ ཟེར༌ཁན༌བོ༌ དྲང༌པོ༌ ཨིན༌ཁན༌ ཏན༌ཏན༌ ཅོ༌ཅེས༌ལ༌ ཁྱོ༌ཞའེ༌ ནང༌ནེ༌ ཅིག༌ འི༌ཀ༌ བོར༌ཏེ༌ ཞན༌གུན༌ནི༌ ཁྱོ༌ཞའེ༌ ནང༌ཚངས༌ལ༌ སྟོག༌རི༌ མི༌ཐོང༌ཅེས༌སི༌ ཕིའ༌ གྲུ༌ ཉོས༌ཁན༌བོ༌ ཁྱེར༌། 34 ཡང༌ ཁྱོ༌ཞ༌གུན༌ནི༌ ནོ༌ ཆུང༌ཤོག༌པོ༌ ངའ༌ ཡོད༌ས༌ ཁྲིད༌ཏེ༌ ཁྱོང༌ ཏེ༌ནེ༌ ཁྱོ༌ཞ༌གུན༌ མི༌ དྲང༌པོ༌, ཇའ༌སུས༌ མན༌ཁན༌བོ༌ ངའ༌ གྱུས༌ཆེན༌། ཡང༌ ངའེ༌ ཁྱོ༌རང༌གུན༌ནི༌ ནོ༌ ལོགས༌ཏེ༌ ཏང༌ཨིན༌ ཡང༌ ཁྱོ༌རང༌གུན༌ འི༌རུ༌ དུག༌ཏེ༌ ཚོང༌ ཅོ༌ནའང༌ གྲིག༌།'"
35 ཁོང༌གུན༌ནི༌ རང༌རང༌ངི༌ ཕ༌ཙ༌ ནང༌ནེ༌ གྲུ༌ ལུག༌ ཟ༌ནེ༌ ཁོང༌གུན༌ནི༌ པེ༌ནེ༌ སྒི༌གུ༌བོ༌ ཐོང༌། ཡང༌ ཁོང༌གུན༌ནི༌ པེ༌ནེ༌ སྒི༌གུ༌ ཐོང༌ང༌ཅིག༌ ཁོང༌གུན༌ དང༌ ཁོང༌གུན༌ནི༌ ཨ༌བ༌ སྲན༌ཏྲེ༌ ཇིགས༌། 36 ཨ༌བའེ༌ ཁོང༌གུན༌ལ༌ ཟེརས༌, "ཁྱོ༌རང༌གུན༌ནི༌ ངའ༌ ཕྲུ༌གུ༌ མེད༌ཁན༌ ཅོའ༌ནོག༌, ཡོ༌སེབ༌ སྟོར༌, སི༌མེ༌འོན༌ འི༌རུ༌ མེད༌, ཏ༌ བེན༌ཡཱ༌མིན༌ནའང༌ ཁྱེར༌རད༌ད༌? འི༌ ཚང༌མ༌ ངའེ༌ཀ༌ བྱུང༌གོས༌ས༌?
37 རའུ༌བེན༌ནི༌ ཨ༌བ༌ ཟེརས༌, "གལ༌ཏེས༌ ངའེ༌ བེན༌ཡཱ༌མིན༌ ལོགས༌ཏེ༌ མ༌ཁྱོང༌ན༌, ཉེ༌རང༌ངི༌ ངའེ༌ བུ༌ཚ༌ ཉིས༌ཀོ༌ སད༌ནའང༌ གྲིག༌། ལོ༌ཁྱེལ༌ ཛད༌ཏེ༌ ཁོ༌ ངའེ༌ ལག༌ག༌ སལ༌ ཡང༌ ངའེ༌ ཁོ༌ ལོགས༌ཏེ༌ ཁྱོང༌ཨིན༌།"
38 ཨིན༌ནའང༌ ཡ༌ཀོབ༌བི༌ ཟེརས༌, "ངའེ༌ བུ༌ཚ༌ ཁྱོ༌རང༌ ཉམ༌པོ༌ མི༌ཆ༌། ཁོའེ༌ ཨ༌ཅོ༌ ཤི༌, ཏ༌ ཁོ༌ མ༌ནེ༌ ལུས༌ཏེ༌ མེད༌། བེས༌སི༌ ནང༌ང༌ གལ༌ཏེས༌ ཁོ༌ ཉམ༌པོ༌ ངན༌པ༌ ཆ༌ན༌ ཁྱོ༌ཞ༌གུན༌ནི༌ ངའ༌ རྒད༌པོ༌ མིའ༌ རྡུག༌ངལ༌ ལྟན༌ཏེ༌ ཤི༌ ཅུག༌ག༌ནོག༌།"