40
ཆང༌ལུག༌ཁན༌ དང༌ ཏ༌གི༌ ཅོ༌ཁན༌
1 ཏུས༌བན༌ཤིག༌གི༌ སྟིང༌ནེ༌ ཨི༌ཇིབ༌བི༌ གྱལ༌པོ༌ ཁོའེ༌ ཆང༌ལུག༌ཁན༌ དང༌ ཏ༌གི༌ ཅོ༌ཁན༌ ཉིས༌ཀོའེ༌ཀ༌ མ༌ཐད༌། 2 གྱལ༌པོའ༌ ཁོང༌གུན༌ནི༌ཀ༌ སྲོ༌ ཡོངས༌, 3 ཡང༌ ཁོང༌གུན༌ སྲུལ༌ཁན༌ནི༌ མག༌མི༌ སྤོན༌བོའེ༌ ཡོག༌ག༌ ཡོད༌ཁན༌ནི༌ ཙོན༌ཁང༌ངི༌ ནང༌ང༌ ཀག༌ཅུགས༌ ཀ༌རུ༌ ཡོ༌སེབ༌བའང༌ ཀགས༌ཏེ༌ ཡོད༌པིན༌། 4 ཙོན༌ཁང༌ངི༌ མག༌མི༌ སྤོན༌བོའེ༌ ཡོ༌སེབ༌ ཁོང༌གུན༌ནི༌ ཞབ༌སྟོག༌ ཅོ༌ཁན༌ལ༌ སྐོས༌།
ཙོན༌ཁང༌ངི༌ ནང༌ང༌ ཏུས༌ བན༌ཤིག༌གི༌ སྟིང༌ནེ༌, 5 ཞག༌ཤིག༌ ཚན༌ལ༌ ཨི༌ཇིབ༌བི༌ གྱལ༌པོའེ༌ ཆང༌ལུག༌ཁན༌ དང༌ ཏ༌གི༌ ཅོ༌ཁན༌གུན༌ལ༌ ཉི༌ལམ༌ རིག༌ ཐོང༌ ཀ༌གུན༌ནི༌ ཏོན༌ སོ༌སོ༌ ཡོད༌པིན༌།
6 ཐོ༌རེ༌ཟུག༌པོ༌ ང༌ཏོག༌ ཡོ༌སེབ༌ ཁོང༌གུན༌ ཡོད༌ས༌ ཡོང༌ང༌ཅིག༌, ཁོང༌གུན༌ ཚེར༌ཁའེ༌ ནང༌ང༌ ཡོད༌ཁན༌བོ༌ ཐོང༌། 7 ཁོའེ༌ ཁོང༌གུན༌ལ༌ ཏྲིས༌, "དི༌རིང༌ ཉེ༌ཞའ༌ ཚེར༌ཁའེ༌ ནང༌ང༌ ཅིའ༌ ཨིན༌?"
8 ཁོང༌གུན༌ནི༌ ལན༌ཏངས༌, "ང༌ཞའ༌ ཉི༌ལམ༌ རིག༌ ཐོང༌, ཡང༌ ཏེ༌གུན༌ནི༌ ཏོན༌ ཤད༌ཁན༌ འི༌རུ༌ སུའང༌ མེད༌པ༌ ཨིན༌ནོག༌།"
ཏེ༌ནེ༌ ཡོ༌སེབ༌བི༌ ཟེརས༌, "ཉི༌ལམ༌ གྱུར༌ཅེས༌སི༌ ཁྱུད༌ དཀོན༌མཆོག༌གི༌ སལ༌ལ༌ ཛད༌ད༌ མ༌ནོག༌ག༌? ཉེ༌ཞའེ༌ ཉི༌ལམ༌གུན༌ ངའ༌ ཤད༌ད༌ཛད༌།"
9 ཏེ༌ནེ༌ ཆང༌ ལུག༌ཁན༌ནི༌ འུ༌སྐྱོང༌ངི༌ ཡོ༌སེབ༌བ༌ ཁོ༌རང༌ངི༌ ཉི༌ལམ༌ ཤདས༌། ཁོའེ༌ ཟེརས༌, "ངའེ༌ ཉི༌ལམ༌མི༌ ནང༌ང༌ ངའེ༌ དུན༌ལ༌ རྒུན༌ནི༌ ལྕང༌མ༌ཞིག༌ ཐོང༌, 10 ཀ༌བོའེ༌ཀ༌ ཡལ༌ག༌ སུམ༌ དུག༌པིན༌། པ༌ཏུམ༌ ཏངས༌ཏེ༌ མེན༌ཏོག༌ བར༌ ཡང༌ རྒུན༌ ཆགས༌ཏེ༌ ཚོས༌། 11 གྱལ༌པོའེ༌ དོན༌སྐྱོག༌ ངའེ༌ ལག༌པའེ༌ ནང༌ང༌ དུག༌པིན༌ ཡང༌ ངའེ༌ རྒུན༌བོ༌ ཁྱོངས༌ཏེ༌ དོན༌སྐྱོག༌གི༌ ནང༌ང༌ ཙིར༌ཏེ༌ ཁོང༌ང༌ ཏང༌དུག༌པིན༌།"
12 ཡོ༌སེབ༌བི༌ ཟེརས༌, "ཡལ༌ག༌ སུམ༌ཀོའེ༌ ཏོན༌བོ༌ ནི༌ ཞག༌པོ༌ སུམ༌བོ༌ ཨིན༌ནོག༌། 13 ཞག༌པོ༌ སུམ༌མི༌ ནང༌ང༌ གྱལ༌པོའེ༌ ཁྱོ༌རང༌ ཙོན༌ནེ༌ ཕུད༌ཏེ༌ ཁྱོ༌རང༌ངི༌ སྔུན༌ནི༌ ཀོ༌སའེ༌ཀ༌ སྐོ༌ཨིན༌། ཁྱོ༌རང༌ངི༌ ཕེ༌རོའེ༌ དོན༌སྐྱོག༌པོ༌ ཁོང༌ངི༌ ཆག༌ག༌ ཏང༌ཨིན༌ ཀ༌ཟུག༌ སྔུན༌ལ༌ ཁྱོ༌རང༌ ཁོང༌ངི༌ ཆང༌ ལུག༌ཁན༌བོ༌ ཨིན༌ ཟ༌ནེ༌ ཅོའད༌པིན༌། 14 ཨིན༌ནའང༌ ཅི༌ཚང༌མ༌ ཉེ༌རང༌ངི༌ ཕིའ༌ གྱལ༌ལ༌ ཆ༌ ཟ༌ནེ༌ ཇུ༌ཇུ༌ ངའ༌ ཨིད༌ཏུ༌ ཅོའ༌ ཛད༌། གྱལ༌པོའ༌ ངའེ༌ སྐོར༌ལ༌ ཤད༌ཏེ༌ ཇུ༌ཇུ༌ ངའ༌ ཐུག༌རྗེ༌ ལྟན༌ན༌ ཛད༌ཏེ༌ ངའ༌ འི༌ ཙོན༌ཁང༌ནེ༌ ཕུད༌ཅུག༌ག༌ ཛད༌། 15 ཨིབ༌རི༌པའེ༌ ཡུལ༌ནེ༌ ངའ༌ མི༌གུན༌ནི༌ ཝང༌ ཉམ༌པོ༌ ཁྱོངས༌, མ༌ཚད༌ འི༌རུའང༌ ཙོན༌ཁང༌ང༌ ཀག༌ཅེས༌སི༌ འོས༌པ༌ ངའེ༌ ཅའང༌ མ༌ཅོས༌པིན༌།"
16 ཏ༌གི༌ ཅོ༌ཁན༌ནི༌ འུ༌སྐྱོང༌ངི༌ ཡོ༌སེབ༌བི༌ ཉི༌ལམ༌ གྱུར༌ཁན༌བོ༌ ཕན༌ཐོགས༌ཅན༌ ཐོང༌ང༌ཅིག༌ ཁོའེ༌ ཡོ༌སེབ༌བ༌ ཟེརས༌, "ངའང༌ ཉི༌ལམ༌ཞིག༌ ཐོང༌, ངའེ༌ གོའེ༌ཀ༌ ཏ༌གི༌ ཙེ༌པོ༌ སུམ༌ ཁུར༌ཏེ༌ ཐོང༌། 17 ངའེ༌ གོའེ༌ཀ༌ ཡོད༌ཁན༌ནི༌ ཁེ༌ཐོག༌གི༌ ཙེ༌པོའེ༌ ནང༌ང༌ གྱལ༌པོའེ༌ ཕིའ༌ སྲགས༌ཁན༌ནི༌ ཏ༌གི༌ སྣ༌ཚོགས༌ དུག༌པིན༌ ཨིན༌ནའང༌ ཏེ༌གུན༌ ཅི༌པ༌གུན༌ནི༌ ཟ༌དུག༌པིན༌།"
18 ཡོ༌སེབ༌བི༌ ལན༌ཏངས༌, "ཙེ༌པོ༌ སུམ༌ཀོའེ༌ ཏོན༌བོ༌ ནི༌ ཞག༌པོ༌ སུམ༌བོ༌ ཨིན༌ནོག༌། 19 ཞག༌པོ༌ སུམ༌མི༌ ནང༌ང༌ གྱལ༌པོའེ༌ ཁྱོ༌རང༌ ཕུད༌ཨིན༌ ཡང༌ ཁྱོ༌རང༌ངི༌ གོ༌ ཅད༌ཅུགས༌ཏེ༌ ཁྱོ༌རང༌ངི༌ ཟུགས༌པོ༌ ལྡུང༌མའེ༌ཀ༌ ཏག༌ཨིན༌ ཡང༌ ཅི༌པ༌གུན༌ནི༌ ཁྱོ༌རང༌ངི༌ ཤ༌ཟེན༌།"
20 ཞག༌ སུམ༌པའེ༌ ཞག༌ག༌ གྱལ༌པོའེ༌ སྐྱེ༌ཞག༌ ཨིན༌པིན༌, ཁོའེ༌ ཁོ༌རང༌ངི༌ ལོན༌པོ༌གུན༌ལ༌ གྲོན༌ ཏངས༌ཏེ༌ ཁོ༌རང༌ངི༌ ཆང༌ལུག༌ཁན༌ དང༌ ཏ༌གི༌ ཅོ༌ཁན༌ནི༌ འུ༌སྐྱོང༌གུན༌ ཙོན༌ཁང༌ནེ༌ པུད༌ཏེ༌ ཁོ༌རང༌ངི༌ ལོན༌པོ༌གུན༌ནི༌ དུན༌ལ༌ ཁྱོངས༌། 21 ཁོའེ༌ ཆང༌ ལུག༌ཁན༌ནི༌ འུ༌སྐྱོང༌, ཁོ༌རང༌ངི༌ སྔུན༌ནི༌ ཀོ༌སའེ༌ཀ༌ སྐོས༌པ༌ ཡང༌སྐྱར༌ ཁོའེ༌ ཕེ༌རོའེ༌ དོན༌སྐྱོག༌པོ༌ གྱལ༌པོའེ༌ ལག༌པའེ༌ཀ༌ ཏངས༌། 22 ཨིན༌ནའང༌ ཏ༌གི༌ ཅོ༌ཁན༌ནི༌ འུ༌སྐྱོང༌ངི༌ ཟུགས༌པོ༌ ལྡུང༌མའེ༌ཀ༌ ཏགས༌, ཀ༌ཟུག༌ ཡོ༌སེབ༌བི༌ ཉི༌ལམ༌མི༌ ཏོན༌ ཤད༌ ཟ༌ནེ༌ ཟེརས༌། 23 ཨིན༌ནའང༌ གྱལ༌པོའེ༌ ཆང༌ ལུག༌ཁན༌ནི༌ འུ༌སྐྱོང༌ང༌ ཡོ༌སེབ༌ ཨིད༌ཏུ༌ མ༌ལུས༌ ཡང༌ ཁོའ༌ ཁོ༌ ཞེད༌།