39
ཡོ༌སེབ༌ དང༌ པོ༌ཏི༌ཕར༌རི༌ ན༌མ༌།
1 ཡོ༌སེབ༌ ཨི༌ཇིབ༌བ༌ ཁྱེརས༌, ཏེ༌རུ༌ ཁོ༌ གྱལ༌པོ༌ ཕེ༌རོ༌ སྲུང༌ཁན༌ མག༌མི༌གུན༌ནི༌ སྤོན༌བོ༌ པོ༌ཏི༌ཕར༌རི༌ ཨིཤ༌མ༌ཨེལ༌པ༌ ཚོང༌པ༌གུན༌ནི༌ ཀ༌ནེ༌ ཉོས༌།
2 ཡ༌ཝ༌ ཡོ༌སེབ༌ ཉམ༌པོ༌ ཡོད༌པིན༌ ཡང༌ ཁོ༌ ཅི༌ཚང༌མའེ༌ ནང༌ང༌ ཁྲངས༌པོ༌ མི༌ཞིག༌ གྱུར༌, ཁོ༌ ཨི༌ཇིབ༌པ༌ སྤོན༌བོའེ༌ ཁང༌པའེ༌ ནང༌ང༌ དུགས༌། 3 ཡ༌ཝ༌ ཡོ༌སེབ༌ ཉམ༌པོ༌ ཞུགས༌ཁན༌ ཡང༌ ཁོ༌ ཅི༌ཚང༌མའེ༌ ནང༌ང༌ ཁྲངས༌པོ༌ གྱུར༌ ཅུག༌ག༌ ཛད༌ཁན༌བོ༌ ཁོའེ༌ སྤོན༌བོའེ༌ ཐོང༌། 4 ཡོ༌སེབ༌བ༌ པོ༌ཏི༌ཕར༌རི༌ ཆོགས༌སྐྱོར༌ ཐོབ༌ཏེ༌ ཁོའ༌ ཞབ༌སྟོག༌ ཞུ༌ཁན༌བོ༌ གྱུར༌། པོ༌ཏི༌ཕར༌རི༌ ཁོ༌ ཁོ༌རང༌ངི༌ ཁང༌པ༌ དང༌ གྱུ༌ནོར༌གུན༌ནི༌ ལྟ༌སྟོག༌ ཅོ༌ཁན༌ལ༌ སྐོས༌། 5 པོ༌ཏི༌ཕར༌རི༌ ཡོ༌སེབ༌ ཁོ༌རང༌ངི༌ ཁང༌པ༌ དང༌ གྱུ༌ནོར༌གུན༌ནི༌ ལྟ༌སྟོག༌ ཅོ༌ཁན༌ལ༌ སྐོས༌པ༌ནེ༌ ཕར༌ལ༌ ཡ༌ཝའེ༌ པོ༌ཏི༌ཕར༌རི༌ ནང༌ཚངས༌ལ༌ ཅིན༌ལབས༌ སལས༌། ཡོ༌སེབ༌བི༌ ཞས༌ཏེ༌ ཡ༌ཝའེ༌ ཁོའ༌ ཅི༌ཚང༌མའེ༌ ནང༌ང༌ ཅིན༌ལབས༌ སལས༌, ཁང༌པ༌ དང༌ ཞིང༌ ཉིས༌ཀོའེ༌ ནང༌ང༌། 6 ཏེ༌བོའེ༌ཕིའ༌ པོ༌ཏི༌ཕར༌རི༌ ཁོའ༌ ཡོད༌ཁན༌ ཚང༌མ༌ ཡོ༌སེབ༌བི༌ ལག༌ག༌ སྟདས༌ ཡང༌ ཁོའ༌ ཁོ༌རང༌ངི༌ ཁར༌ཇི༌ མ༌ནེ༌ ཞན༌ ཅི༌ཞིག༌གི༌ ཕིའང༌ ཚེར༌ཁ༌ མེད༌པིན༌།
ཡོ༌སེབ༌ ཟུགས༌སྟོབ༌ཅན༌ དང༌ ངམས༌ཅན༌ ཡོད༌པིན༌, 7 ཡང༌ ཏུས༌བན༌ཤིག༌གི༌ སྟིང༌ནེ༌ ཁོའེ༌ སྤོན༌བོའེ༌ ན༌མ༌ ཡོ༌སེབ༌བི༌ཀ༌ དོད༌པ༌ སྐྱེས༌ཏེ༌ ཟེརས༌, "མལ༌ཙའེ༌ ནང༌ང༌ ང༌ ཉམ༌པོ༌ དུག༌ག༌ ཡོང༌།"
8 ཁོའེ༌ ཁའ༌ མ༌ཉནས༌ ཡང༌ ཟེརས༌, "ངའེ༌ སྤོན༌བོའེ༌ ཁོང༌རང༌ངི༌ ལག༌ག༌ ཅའང༌ མ༌བོར༌ར༌ ལོ༌ཁྱེལ༌ ཉམ༌པོ༌ ཅི༌ཚང༌མའེ༌ཀ༌ ངའ༌ ཝང༌ཆ༌ ཏངས༌། 9 འི༌ ཁང༌པའེ༌ ནང༌ང༌ ངའེ༌ སང༌ ཀྲག༌ག༌ སུའང༌ མེད༌ ཡང༌ ཁོང༌ངི༌ ཉེ༌རང༌ མན༌པ༌ ཞན༌ ཅི༌ཚང༌མ༌ ངའ༌ སལ༌ཏེ༌ དུག༌ ཅིའ༌ཟེར༌ན༌ ཉེ༌རང༌ ཁོང༌ངི༌ ན༌མ༌ ཨིན༌ནོག༌། ཏེ༌ནེ༌ ཀ༌ཟུག༌གི༌ ངའེ༌ འི༌ཟམ༌ ངན༌པ༌ ལས༌ ཡང༌ དཀོན༌མཆོག༌གི༌ གྱབ༌གལ༌ལ༌ སྡིག༌པ༌ ཅོ༌?" 10 ཁོའེ༌ ཡོ༌སེབ༌བ༌ ཞག༌ཏང༌ ཟེར༌ཨིན༌ དུགས༌ ཨིན༌ནའང༌ ཡོ༌སེབ༌ ཁོ༌ ཉམ༌པོ༌ མལ༌ཙའེ༌ ནང༌ང༌ མི༌དུག༌ཅེས༌ མ༌ཚད༌ ཁོའེ༌ དུན༌ལའང༌ མ༌ཡོངས༌།
11 ཞག༌ཤིག༌ ཡོ༌སེབ༌ པོ༌ཏི༌ཕར༌རི༌ ཁང༌པའེ༌ ནང༌ང༌ ལས༌ ཅོའ༌ལ༌ ཆ༌ ཟ༌ནེ༌ ཞན༌ཡང༌ ཡོག༌པོ༌ སུའང༌ ཏེ༌རུ༌ མེད༌པིན༌, 12 པོ༌ཏི༌ཕར༌རི༌ ན༌མའེ༌ ཁོའེ༌ ཀོས༌པོ༌ ཟུམས༌ཏེ༌ ཟེརས༌, "ང༌ ཉམ༌པོ༌ མལ༌ཙའེ༌ ནང༌ང༌ ཡོང༌།" ཁོ༌ ཤོར༌ཏེ༌ སོང༌ ཨིན༌ནའང༌ ཁོའེ༌ ཁ༌ཐོག༌གི༌ ཀོས༌པོ༌ བུ༌མོའེ༌ ལག༌ག༌ ལུས༌།
13 ཡོ༌སེབ༌ ཕི༌ལོག༌ག༌ ཤོར༌ཏེ༌ ཁོའེ༌ ཀོས༌པོ༌ ཁོའེ༌ ལག༌ག༌ ལུས༌ཁན༌བོ༌ ཐོང༌ང༌ཅིག༌, 14 ཁོའེ༌ ཞན༌ ཡོག༌པོ༌གུན༌ལ༌ བོདས༌ ཡང༌ ཟེརས༌ "ལྟོས༌, ངའེ༌ མག༌པའེ༌ འི༌ ཨིབ༌རི༌པ༌ མི༌བོ༌ ང༌དང༌ང༌ ཁྲེལ༌བ༌ ལྟན༌ན༌ལ༌ ཁྱོངས༌ཏེ༌ ཨིན༌ནོག༌། ང༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཅེས༌ལ༌ ཁོ༌ ངའེ༌ ནང༌ང༌ ཡོངས༌ ཨིན༌ནའང༌ ངའེ༌ ཀུ༌ཅོ༌ ཏངས༌པིན༌། 15 ངའེ༌ ཀུ༌ཅོ༌ ཏང༌ང༌ཅིག༌, ཁོ༌ ཕི༌ལོག༌ག༌ ཤོར༌ཏེ༌ སོང༌ ཨིན༌ནའང༌ ཁོའེ༌ ཀོས༌པོ༌ འི༌ཀ༌ ལུས༌ཏེ༌ དུག༌།"
16 ཁོའེ༌ ཡོ༌སེབ༌བི༌ ཀོས༌པོ༌ ཁོ༌རང༌ངི༌ མག༌པ༌ ལོགས༌ཏེ༌ ཡོང༌ཡོང༌ ཚོག༌པ༌ བོར༌། 17 ཏེ༌ནེ༌ ཁོའེ༌ ཏེན༌ན༌ རུངས༌པོ༌ ཁོའ༌ ཤདས༌, "ཉེ༌རང༌ངི༌ ཁྱོང༌ཁན༌ནི༌ ཨིབ༌རི༌པ༌ ངའེ༌ ནང༌ང༌ ཡོངས༌ཏེ༌ ངའ༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཅེས༌ ཅོས༌། 18 ཨིན༌ནའང༌ ངའེ༌ ཀུ༌ཅོ༌ ཏང༌ང༌ཅིག༌ ཁོ༌ ཕི༌ལོག༌ག༌ ཤོར༌ཏེ༌ སོང༌ ཡང༌ ཁོའེ༌ ཀོས༌པོ༌ འི༌ཀ༌ ལུས༌ཏེ༌ དུག༌།"
19 ཡོ༌སེབ༌བི༌ སྤོན༌བོའ༌ ཁོའེ༌ ན༌མའེ༌ "ཉེ༌རང༌ངི༌ ཡོག༌པོའེ༌ ཏེ༌ཟུག༌ ངན༌པ༌ ངའ༌ ཅོས༌" ཟེར༌ཏེ༌ ཚོར༌ར༌ཅིག༌ པོ༌ཏི༌ཕར༌ལ༌ མ༌སྲན༌ཏྲེ༌ སྲོ༌ ཡོངས༌, 20 ཡང༌ ཡོ༌སེབ༌ ཟུམས༌ཏེ༌ ཙོན༌ཁང༌ངི༌ ནང༌ང༌ ཀག༌ ཅུགས༌ ཀ༌རུ༌ གྱལ༌པོའེ༌ ཙོན༌པ༌གུན༌ ཀག༌གད༌པིན༌ ཡང༌ ཁོ༌ ཏེ༌ནང༌ང༌ དུགས༌། 21 ཨིན༌ནའང༌ ཡ༌ཝ༌ ཡོ༌སེབ༌ ཉམ༌པོ༌ ཡོད༌པིན༌, ཁོང༌ངི༌ ཁོའ༌ ཐུག༌རྗེ༌ ཟིགས༌ཏེ༌ ཙོན༌ཁང༌ སྲུང༌ཁན༌ནི༌ འུ༌སྐྱོང༌ངི༌ ཆོགས༌སྐྱོར༌ ཐོབ༌ཅུགས༌། 22 ཁོའེ༌ ཡོ༌སེབ༌ ཞན༌ ཙོན༌པ༌ ཚང༌མའེ༌ ལྟ༌སྟོག༌ ཅོ༌ཅེས༌སི༌ ཕིའ༌ སྐོས༌ ཡང༌ ཙོན༌ཁང༌ངི༌ ལས༌ ཚང༌མའེ༌ ཁག༌ ཁོའ༌ ཀལས༌། 23 ཙོན༌ཁང༌ སྲུང༌ཁན༌ནི༌ འུ༌སྐྱོང༌ང༌ ཡོ༌སེབ༌བ༌ ཁག༌ ཀལ༌ཁན༌གུན༌ལ༌ ལྟ༌གོས༌ས༌ མེད༌པིན༌, ཅིའ༌ཟེར༌ན༌ ཡ༌ཝ༌ ཡོ༌སེབ༌ ཉམ༌པོ༌ ཞུགས༌ཏེ༌ ཁོའ༌ ལས༌ ཚང༌མའེ༌ ནང༌ང༌ ཐར༌ཁྱེལ༌ ཅོའ༌ ཛད༌དད༌པིན༌།