26
ཨི༌སཱག༌ དང༌ ཨ༌བི༌མེ༌ལེག༌།
1 ཨབ༌ར༌ཧམ༌མི༌ ཏུས༌ལ༌ བྱུང༌ཁན༌ནི༌ མུ༌གེ༌ མན༌པ༌ ཡང༌ མུ༌གེ༌ཞིག༌ བྱུངས༌པ༌, ཨི༌སཱག༌ གེ༌རར༌ལ༌ ཕི༌ལིས༌ཏིའི༌ གྱལ༌པོ༌ ཨ༌བི༌མེ༌ལེག༌གི༌ཀ༌ སོང༌། 2 ཡ༌ཝ༌ ཨི༌སཱག༌ག༌ ཇལ༌ཏེ༌ མོལས༌, "ཨི༌ཇིབ༌བི༌ ཡུལ༌ལ༌ མ༌ཆ༌, ངའེ༌ ལྟན༌ཅེས༌ཅན༌ནི༌ ས༌ཀྱད༌པོའེ༌ཀ༌ དུག༌། 3 ཏེ༌རུ༌ ཞན༌ཡུལ༌ལི༌ མི༌ཞིག༌ ཙོགས༌ལ༌ དུག༌ ཡང༌ ང༌ ཁྱོ༌རང༌ ཉམ༌པོ༌ དུགས༌ཏེ༌ ཁྱོ༌རང༌ང༌ ཅིན༌ལབས༌ ཏང༌ཨིན༌། ངའེ༌ ཁྱོ༌རང༌ ཡང༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ལ༌ འི༌ ས༌ཀྱད༌ ཚང༌མ༌ ཏང༌ཨིན༌ ཡང༌ ངའེ༌ ཁྱོ༌རང༌ངི༌ ཨ༌བ༌ ཨབ༌ར༌ཧམ༌ ཉམ༌པོ༌ ནའ༌ ཁུར༌ཁན༌བོ༌ དྲན༌དྲའ༌ གྲུབ༌ཅུག༌ ཨིན༌། 4 ངའེ༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ ནམ༌མི༌ སྐར༌མ༌ ཙོགས༌ ཕེལ༌ཅུགས༌ཏེ༌ ཁོང༌གུན༌ལ༌ འི༌ ས༌ཀྱད༌ ཚང༌མ༌ ཏང༌ཨིན༌ ཡང༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ གྱུད༌ཏེ༌ གྱལ༌ཁམས༌ ཚང༌མ༌ལ༌ ཅིན༌ལབས༌ ཐོབ༌ཨིན༌ 5 ཅིའ༌ཟེར༌ན༌ ཨབ༌ར༌ཧམ༌མི༌ ངའེ༌ ཁའ༌ཉན༌ཏེ༌ ངའེ༌ བཀའ༌ཁྲིམས༌, བཀའ༌རྒྱ༌ དང༌ ལབ༌ཞ༌ གུན༌ནི༌ཀ༌ གྲུལས༌།" 6 ཏེན༌ན༌བོའེ༌ཕིའ༌ ཨི༌སཱག༌ གེ༌རར༌རི༌ ནང༌ང༌ དུགས༌།
7 ཏེ༌རུ༌ ཡོད༌ཁན༌ནི༌ མི༌གུན༌ནི༌ ཁོའ༌ ཁོ༌རང༌ངི༌ ན༌མའེ༌ སྐོར༌ལ༌ ཏྲིའ༌ཅིག༌, ཁོའེ༌ ཟེརས༌, "ཁོ༌ ངའེ༌ སྲིང༌མོ༌ ཨིན༌" ཅིའ༌ཟེར༌ན༌ ར༌བེ༌ཀ༌ མའ༌ ལྡེ༌མོ༌ ཡོད༌ པ༌སང༌ ཁོའེ༌ ན༌མ༌ ཨིན༌ ཟེར༌ན༌ ཁོང༌གུན༌ནི༌ ར༌བེ༌ཀའེ༌ ཕིའ༌ ཁོ༌ སད༌སྲིད༌ཅེས༌ ཨིན༌ནོག༌ སམས༌ཏེ༌ ཇིགས༌།
8 ཨི༌སཱག༌ ཏེ༌རུ༌ དུག༌ཏེ༌ ཏུས༌ མང༌པོའེ༌ སྟིང༌ནེ༌ ཕི༌ལིས༌ཏིའི༌ གྱལ༌པོ༌ ཨ༌བི༌མེ༌ལེག༌གི༌ ཁོ༌རང༌ངི༌ ཀར༌ཁུང༌ནེ༌ ལྟའ༌ཅིག༌ ཁོའ༌ ཨི༌སཱག༌གི༌ ར༌བེ༌ཀ༌ ཅེས༌པ༌ ཅོ༌ཨིན༌ ཐོང༌། 9 ཨ༌བི༌མེ༌ལེག༌གི༌ ཨི༌སཱག༌ བོད༌ཏེ༌ ཁྱོང༌ཅུགས༌ ཡང༌ ཟེརས༌, "ར༌བེ༌ཀ༌ ཁྱོ༌རང༌ངི༌ ན༌མ༌ ཨིན༌ཀྱག༌ ཏེ༌ནེ༌ ཁོ༌ ཁྱོ༌རང༌ངི༌ སྲིང༌མོ༌ ཨིན༌ ཅིའ༌ ཟེར༌པིན༌?"
ཁོའེ༌ ལན༌ཏངས༌, "ར༌བེ༌ཀའེ༌ ཕིའ༌ ཁྱོ༌ཞའེ༌ ང༌ སད༌སྲིད༌ཅེས༌ ཨིན༌ནོག༌ སམ༌།"
10 ཨ༌བི༌མེ༌ལེག༌གི༌ ཟེརས༌, "ཁྱོ༌རང༌ངི༌ ང༌ཞའ༌ ཅི༌ ཅོས༌ཏེ༌ ཨིན༌? ང༌ཞའ༌ ཅིག༌གི༌ ཁྱོ༌རང༌ངི༌ ན༌མ༌ ཉམ༌པོ༌ ལུས༌བྲེལ༌ བོར༌ སྲིད༌ཅེས༌ ཨིན༌ནོག༌ ཡང༌ ཁྱོ༌རང༌ངི༌ ང༌ཞའ༌ གལ༌ཅན༌ གྱུར༌ཅུགས༌ཏེ༌ ཡོད༌གྲོ༌།"
11 ཏེ༌ནེ༌ ཨ༌བི༌མེ༌ལེག༌གི༌ མི༌ཚང༌མ༌ལ༌ སྤང༌པུད༌ཏེ༌ ཟེརས༌, "འི༌ མི༌ དང༌ ཁོའེ༌ ན༌མའ༌ ངན༌པ༌ ཅོ༌ཁན༌གུན༌ སད༌ཨིན༌།"
12 ཏེ༌རུ༌ ཨི༌སཱག༌གི༌ སྟོན༌ཐོག༌ ཏབས༌ ཡང༌ ཏེན༌ན༌ ལོའེ༌ ནང༌ང༌ ཁོའེ༌ སྟོན༌ཐོག༌ ཏབ༌ཁན༌ནི༌ གྱ༌ལྡབ༌པོ༌ རྔས༌, ཅིའ༌ཟེར༌ན༌ ཡ༌ཝའེ༌ ཁོའ༌ ཅིན༌ལབས༌ སལས༌། 13 ཁོའེ༌ གྱུ༌ནོར༌གུན༌ གྱས༌ཨིན༌ སོང༌ཏེ༌ ཁོ༌ མའ༌ མི༌ ཆུག༌པོ༌ཞིག༌ གྱུར༌། 14 ཁོའ༌ ལུག༌ དང༌ བ༌ལང༌ངི༌ ཁྱུ༌ མང༌པོ༌ ཡང༌ ཡོག༌པོ༌ མང༌པོ༌ ཡོད༌ པ༌སང༌ ཕི༌ལིས༌ཏིའ༌པ༌གུན༌ ཁོའེ༌ཀ༌ ཚིག༌གད༌པིན༌། 15 ཏེན༌ན༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཆུ༌དོང༌ ཚང༌མ༌ སྐངས༌ ཀ༌བོ༌ ཁོའེ༌ ཨ༌བ༌ ཨབ༌ར༌ཧམ༌མི༌ ཏུས༌ལ༌ ཁོའེ༌ ཡོག༌པོ༌གུན༌ནི༌ བྲུས༌ཏེ༌ ཨིན༌པིན༌།
16 ཏེ༌ནེ༌ ཨ༌བི༌མེ༌ལེག༌གི༌ ཨི༌སཱག༌ག༌ ཟེརས༌, "ང༌ཞའེ༌ ཡུལ༌ནེ༌ བིང༌ཏེ༌ སོང༌ ཅིའ༌ཟེར༌ན༌ ཁྱོ༌རང༌ ང༌ཞ༌གུན༌ནི༌ སང༌ མང༌ང༌ ཤེད༌ཆེའ༌ གྱུར༌ཏེ༌ ཨིན༌ནོག༌།"
17 ཏེ༌ནེ༌ ཨི༌སཱག༌ ཏེ༌ ནས༌ས༌ནེ༌ བིང༌ཏེ༌ སོང༌ ཡང༌ གེ༌རར༌རི༌ ལུང༌པའེ༌ ནང༌ང༌ ཁོང༌གུན༌ ཀུར༌ ཙུགས༌ཏེ༌ དུགས༌། 18 ཁོའེ༌ ཁོ༌རང༌ངི༌ ཨ༌བ༌ ཨབ༌ར༌ཧམ༌མི༌ ཏུས༌ལ༌ བྲུས༌ཁན༌ནི༌ ཆུ༌དོང༌གུན༌ ཡང༌སྐྱར༌ བྲུས༌ ཀ༌བོ༌ ཨབ༌ར༌ཧམ༌ ཀྲོངས༌ཏེ༌ སྟིང༌ནེ༌ ཕི༌ལིས༌ཏིའ༌པ༌གུན༌ནི༌ སྐངས༌ཏེ༌ ཨིན༌པིན༌། ཨི༌སཱག༌གི༌ ཆུ༌དོང༌གུན༌ལ༌ ཁོའེ༌ ཨ༌བའེ༌ ཏགས༌ཁན༌ནི༌ ཏེན༌ན༌ མིང༌གུན༌ ཏགས༌།
19 ཨི༌སཱག༌གི༌ ཡོག༌པོ༌གུན༌ནི༌ ལུང༌པའེ༌ ནང༌ང༌ ཆུ༌དོང༌ སོ༌མ༌ བྲུས༌པ༌ ཆུ༌ ལག༌མོ༌ བིང༌། 20 གེ༌རར༌པའེ༌ ལུག༌རྫི༌གུན༌ནི༌ ཨི༌སཱག༌གི༌ ལུག༌རྫི༌གུན༌ལ༌ ཛིང༌མོ༌ ཏངས༌ཏེ༌ ཟེརས༌, "འི༌ ཆུ༌བོ༌ ང༌ཞའེ༌ ཨིན༌།" ཏེ༌བོའེ༌ཕིའ༌ ཨི༌སཱག༌གི༌ ཏེ༌ ཆུ༌དོང༌བོའ༌, ཨེ༌སག༌ ཡང༌ན༌ ཛིང༌མོ༌ ཟེར༌ཏེ༌ མིང༌ ཏགས༌། 21 ཨི༌སཱག༌གི༌ ཡོག༌པོ༌གུན༌ནི༌ ཡང༌ ཆུ༌དོང༌ཞིག༌ བྲུས༌ ཡང༌ ཏེ༌བོའེ༌ ཕིའང༌ ཛིང༌མོ༌ སོང༌པ༌ ཁོའེ༌ ཏེ༌བོའ༌ "སིཏ༌ནཧ༌ ཡང༌ན༌ གྱབ༌གལ༌" ཟེར༌ཏེ༌ མིང༌ ཏགས༌། 22 ཁོ༌ ཏེ༌ཀ༌ནེ༌ ཐག༌རིང༌ང༌ སོང༌ཏེ༌ ཡང༌ ཆུ༌དོང༌ཞིག༌ བྲུས༌། ཏེ༌བོའེ༌ ཕིའ༌ ཅའང༌ ཟེར༌ལེན༌ མ༌སོང༌ པ༌སང༌ ཁོའེ༌ ཏེ༌བོའ༌ རེ༌ཧོ༌བོཐ༌ ཟེར༌ཏེ༌ མིང༌ ཏགས༌ ཡང༌ ཁོའེ༌ ཟེརས༌, "ཏ༌ ཡ༌ཝའེ༌ ང༌དང༌གུན༌ལ༌ དུག༌ཅེས༌སི༌ ཕིའ༌ ས༌ཀྱད༌ ཕལ༌ཅན༌ སལ༌ཏེ༌ ཨིན༌ནོག༌ ཡང༌ ང༌དང༌གུན༌ འི༌ ནས༌སའེ༌ ནང༌ང༌ གྱས༌ཨིན༌།"
23 ཏེ༌ཀ༌ནེ༌ བིང༌ཏེ༌ ཨི༌སཱག༌ བེར༌ཤེ༌བ༌ ཟེར༌ཁན༌ནི༌ ནས༌སའ༌ སོང༌། 24 ཏེ༌ ཚན༌བོའ༌ ཁོའ༌ ཡ༌ཝའ༌ ཇལ༌ཏེ༌ མོལས༌, "ང༌ ནི༌ ཁྱོ༌རང༌ངི༌ ཨ༌བ༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌ ཨིན༌; ཇིགས༌ མ༌ཇིགས༌; ང༌ ཁྱོ༌རང༌ ཉམ༌པོ༌ ཡོད༌། ངའེ༌ ཁྱོ༌རང༌ང༌ ཅིན༌ལབས༌ ཏངས༌ཏེ༌ ངའེ༌ ཡོག༌པོ༌ ཨབ༌ར༌ཧམ༌མི༌ ཏོན༌ལ༌ ཁྱོ༌རང༌ངི༌ པུར༌གྱུད༌ མང༌པོ༌ གྱས༌ཅུག༌ཨིན༌། 25 ཏེ༌རུ༌ ཨི༌སཱག༌གི༌ ཆོད༌ཁྲི༌ རྩིགས༌ཏེ༌ ཡ༌ཝའ༌ ཅོལས༌། ཏེ༌རུ༌ ཁོའེ༌ ཁོ༌རང༌ངི༌ ཀུར༌བོ༌ ཙུགས༌ ཡང༌ ཁོའེ༌ ཡོག༌པོ༌གུན༌ནི༌ ཆུ༌དོང༌ བྲུས༌།
ཨི༌སཱག༌ དང༌ ཨ༌བི༌མེ༌ལེག༌གི༌ པར༌ལ༌ ཆད༌དོན༌།
26 ཨ༌བི༌མེ༌ལེག༌ གེ༌རར༌ནེ༌ ཁོ༌རང༌ངི༌ ལབ༌སྟོན༌པ༌ ཨ༌ཧུ༌ཟཐ༌ དང༌ ཁོའེ༌ མག༌མིའི༌ སྤོན༌བོ༌ ཕི༌ཀོལ༌ ཁྲིད༌ཏེ༌ ཨི༌སཱག༌ ཡོད༌ས༌ ཡོངས༌། 27 ཨི༌སཱག༌གི༌ ཁོང༌གུན༌ལ༌ ཏྲིས༌, "ཅི༌ཕིའ༌ ཁྱོ༌ཞ༌གུན༌ ང༌ ཡོད༌ས༌ ཡོངས༌པིན༌? ཁྱོ༌རང༌གུན༌ནི༌ ང༌ ནཕ༌རད༌ ཅོས༌ཏེ༌ ཁྱོ༌ཞའེ༌ ཡུལ༌ནེ༌ ཕིངས༌ཏེ༌ ཏངས༌།"
28 ཁོང༌གུན༌ནི༌ ལན༌ཏངས༌, "ང༌ཞའ༌ གྱུས༌སོང༌ ཡ༌ཝའ༌ ཁྱོ༌རང༌ ཉམ༌པོ༌ ཡོད༌ཏེ༌ ཨིན༌ནོག༌ ཏེ༌བོའེ༌ཕིའ༌ ང༌དང༌གུན༌ནི༌ པར༌ལ༌ ཆད༌དོན༌ ཡོང༌གོས༌། ཇུ༌ཇུ༌ ང༌ཞའ༌ ཉམ༌པོ༌ ཆད༌དོན༌ཞིག༌ ཅོས༌། 29 ཁྱོ༌རང༌ངི༌ ང༌ཞའ༌ ནོད༌སྐྱལ༌ ཏང༌ མ༌གོས༌, ཀ༌ཟུག༌ ང༌ཞའེ༌ ཁྱོ༌རང༌ང༌ གྱལ༌ལ༌ ཅོས༌ཏེ༌ ནོད༌ མ༌སྐྱལ༌ལ༌ ཁྱོ༌རང༌ ཞི༌དེ༌ ཉམ༌པོ༌ ཆ༌ཅུགས༌པིན༌། ཏ༌ ཡ༌ཝའེ༌ ཁྱོ༌རང༌ང༌ ཅིན༌ལབས༌ སལ༌ཏེ༌ ཨིན༌ནོག༌།
30 ཏེ༌ནེ༌ ཨི༌སཱག༌གི༌ ཁོང༌གུན༌ནི༌ ཕིའ༌ དོན༌ཏང༌ གྲལ༌གྲིག༌ ཅོས༌ ཡང༌ ཁོང༌གུན༌ ཟོས༌ཏེ༌ ཐུངས༌ཏེ༌ ཐད༌པོ༌ ཅོས༌། 31 ཐོ༌རེ༌ཟུག༌པོ༌ ང༌མོ༌ནེ༌ ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ནོད༌སྐྱལ༌ མི༌ཏང༌ཅེས༌སི༌ ནའ༌ ཁུརས༌། ཏེ༌ནེ༌ ཨི༌སཱག༌གི༌ ཁོང༌གུན༌ ཞི༌དེ༌ ཉམ༌པོ༌ ལོགས༌ཏེ༌ ལམ༌ཅུགས༌།
32 ཏེན༌ན༌ ཞག༌ག༌ ཨི༌སཱག༌གི༌ ཡོག༌པོ༌གུན༌ ཡོངས༌ཏེ༌ ཁོའ༌ ཤདས༌, "ང༌ཞའ༌ ཆུ༌དོང༌ བྲུས༌ཏེ༌ ཆུ༌ ཐོབས༌།" 33 ཁོའེ༌ ཏེ༌ ཆུ༌དོང༌བོའ༌ ཤི༌བཧ༌ ཡང༌ན༌ དམ༌ཆའ༌ ཟེར༌ཏེ༌ མིང༌ ཏགས༌ ཡང༌ ཏེན༌ན༌ ནས༌ས༌བོའ༌ དག༌སའང༌ བེར༌ཤེ༌བ༌ གྲོང༌ཁྱེར༌ ཟེར༌ར༌ནོག༌།
34 ཨི༌སུའ༌ ལོ༌ ཞིབ༌ཅུ༌ ཆའ༌ཅིག༌ ཁོའེ༌ ཧེད༌པ༌ བེ༌རི༌ བུ༌མོ༌ ཡུ༌གྲིད༌ དང༌ ཨི༌ལོན༌ནི༌ བུ༌མོ༌ བེས༌མེད༌ གུན༌ ཉམ༌པོ༌ བག༌སྟོན༌ ཅོས༌། 35 ཨི༌སུའི༌ ན༌མ༌གུན༌ནི༌ ཨི༌སཱག༌ དང༌ ར༌བེ༌ཀའེ༌ མི༌ཚེ༌ ནང༌ང༌ རྡུག༌ངལ༌ ཁྱོངས༌།