2
1 ཁྱོ༌ཞ༌, ལ༌འོ༌དི༌ཀིའི༌ ཆོས༌ཚོགས༌ ཡང༌ ང༌ མ༌ཐུག༌ཁན༌ནི༌ ཏད༌པ༌ཅན༌ ཚང༌མ༌ ཏད༌པའེ༌ ནང༌ང༌ ལྡན༌ཅེས༌སི༌ ཕིའ༌ ངའེ༌ ཚེར༌ཁ༌ ཅོ༌ཨིན༌ སྲན༌ཏྲེ༌ ལས༌ ཅོ༌ཁན༌བོ༌ ཁྱོ༌ཞའ༌ ཧ༌གོ༌ ཅུག༌ཉིན༌རག༌། 2 ངའེ༌ ཁོང༌གུན༌ལ༌ སྤོས༌པ༌ སྐྱེ༌ཅུག༌ཅེས༌ དང༌ ཅེས༌པའེ༌ ནང༌ང༌ ཐུན༌བྲེལ༌ ཆ༌ཅེས༌སི༌ དོད༌པ༌ ཅོའད༌། ཁོང༌གུན༌ལ༌ དཀོན༌མཆོག༌གི༌ སང༌ཝའེ༌ ནང༌ང༌ བོར༌ར༌ ཛད༌ཁན༌ནི༌ ཐབས༌, ཀ༌བོ༌ མ༌ཤི༌ཀ༌ ཁོང༌རང༌ ཨིན༌, ཏེ༌བོ༌ ཧ༌གོ༌ཅེས༌སི༌ ནང༌ང༌ ལོ༌ཁྱེལ༌ གང༌པོ༌ ཡོང༌གོ༌ཤེས༌སི༌ ངའེ༌ དོད༌པ༌ རག༌། 3 མ༌ཤི༌ཀའེ༌ ནང༌ང༌ དཀོན༌མཆོག༌གི༌ ཤེས༌རབས༌ དང༌ ཡོན༌ཏན༌ནི༌ སྟེར༌ ཚང༌མ༌ སྦས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།
4 སུ༌ཞིག༌གིའང༌ ཁས༌པའེ༌ སྤེ༌ར༌གུན༌ ཏངས༌ཏེ༌ ཁྱོ༌ཞའ༌ གོབ༌སྐོར༌ མི༌ཉན༌ཅེས༌སི༌ ཕིའ༌ ངའེ༌ ཏེ༌གུན༌ ཁྱོ༌ཞའ༌ ཤད༌དད༌། 5 ཟུགས༌སི༌ ཐོག༌ནེ༌ ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ མེད༌ནའང༌, སེམས༌ཉིད༌དི༌ ཐོག༌ནེ༌ ང༌ ཁྱོ༌ཞའ༌ ཉམ༌པོ༌ ཨིན༌། ཡང༌ ཁྱོ༌ཞ༌གུན༌ ཐུན༌ཏེ༌ མ༌ཤི༌ཀའེ༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུགས༌ཏེ༌ ཡོད༌ཁན༌བོ༌ ཚོར༌ཏེ༌ ངའ༌ ཐད༌པོ༌ སོང༌།
མ༌ཤི༌ཀའེ༌ ནང༌ང༌ མི༌ཚེ༌ ཚངས༌པོ༌།
2:6 ནེ༌ 23
6 ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀ༌ ཡེ༌ཤུ༌ ཁྱོ༌ཞ༌རང༌ངི༌ གཙོ༌བོ༌ ཨིན༌ཁན༌བོ༌ ཨིད༌ཤེས༌ ཅོའ༌ ཙོགས༌ལ༌ ཏ༌རུང༌ངའང༌ ཁོང༌ངི༌ ནང༌ང༌ དུག༌ཤིག༌། 7 ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀའེ༌ ནང༌ང༌ པ༌ཀྲག༌ རྐྱངས༌ཏེ༌ ཡར༌གྱས༌ ཅོ༌ཨིན༌, ཏད༌པ༌བོ༌ སྟན༌པོ༌ ཅོ༌ཤིག༌ ཀ༌ཟུག༌གི༌ ཁྱོ༌ཞ༌གུན༌ལ༌ ལབས༌ཏེ༌ ཨིན༌པིན༌། ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཏུས༌གྱུན༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུ༌ཨིན༌།
8 སུ༌ཞིག༌གིའང༌ ཁྱོ༌ཞ༌གུན༌ལ༌ ཏོན༌ཏག༌ མེད༌ཁན༌ དང༌ ཟུས༌མ༌ ལབ༌ཞ༌ གུན༌ གྱུད༌ཏེ༌, གོབ༌སྐོར༌ མི༌ཅུག༌ཅེས༌ལ༌ ཤང༌ ཅོ༌ཤིག༌, ཏེ༌ ལབ༌ཞ༌གུན༌ མ༌ཤི༌ཀའེ༌ མན༌པ༌, མིའི༌ ལུག༌སྲོལ༌ དང༌ ཇིག༌རྟེན༌ནི༌ ངན༌པ༌ སེམས༌ཉིད༌དི༌ ཝང༌གུན༌ནེ༌ ཡོངས༌ཏེ༌ ཨིན༌ནོག༌། 9 གོབ༌སྐོར༌ མི༌ཅུག༌ཅེས༌པོ༌ ཏན༌ཏན༌ ཅོ༌ཤིག༌, ཅིའ༌ཟེར༌ན༌ མ༌ཤི༌ཀའེ༌ སྐུ༌ཟུགས༌སི༌ ནང༌ང༌ དཀོན༌མཆོག༌ གང༌པོ༌ ནས༌ཏེ༌ ཨིན༌ནོག༌། 10 ཁྱོ༌ཞ༌གུན༌ མ༌ཤི༌ཀ༌ ཉམ༌པོ༌ ཅིག༌གྲིལ༌ ཆ༌ཅེས༌པོའེ༌ ཁྱོ༌ཞའེ༌ ནང༌ང༌ ཡང༌ ཅའང༌ སྒོས༌དོམ༌ ལུས༌ས༌ མ༌ནོག༌། ཁོང༌ ནི༌ ཝང༌ ཡོད༌ཁན༌ དང༌ ཝང༌སྲུལ༌པ༌ ཚང༌མའེ༌སང༌ ཆེ༌ཤོག༌པོ༌ ཞུགས༌ཏེ༌ ཨིན༌ནོག༌།
11 ཁྱོ༌ཞའེ༌, མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ ཅོའ༌ཅིག༌, ཁྱོ༌ཞ༌གུན༌ནི༌ སེམས༌ལ༌ སུན༌ནད༌ * 2:11 སུན༌ནད༌དི༌ ཏོན༌བོ༌ ནི༌ བུ༌ཚའེ༌ ཤའེ༌ ཀ༌ནེ༌ པགས༌པ༌ ཅད༌ཏེ༌ སྟགས༌ ཅོ༌ཅེས༌པོ༌ ཨིན༌ནོག༌ ཅོའ༌ ཛད༌ཏེ༌ ཨིན༌ནོག༌, ཏེ༌ སུན༌ནད༌བོ༌ མིའི༌ ལག༌པ༌ནེ༌ མ༌ཅོའ༌, མ༌ཤི༌ཀ༌ ཁོང༌རང༌ངི༌ ཛད༌ཏེ༌ ཁྱོ༌ཞའེ༌ ནང༌ང༌ ཡོད༌ཁན༌ནི༌ སྡིག༌ཅན༌ དོད༌པའེ༌ ཝང༌བོ༌ ཅད༌ད༌ ཛདས༌། 12 ཁྱོ༌ཞའེ༌ ཁྲུས༌ལེན༌ན༌ཅིག༌, ཁྱོ༌ཞ༌གུན༌ ཤི༌ཏེ༌ མ༌ཤི༌ཀ༌ ཉམ༌པོ༌ སུབས༌ཏེ༌ ཨིན༌། ཡང༌ ཁོང༌ ཉམ༌པོ༌ སོན༌པོའང༌ ལངས༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀ༌ ཤི༌ཁན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ཁན༌ནི༌ དཀོན༌མཆོག༌གི༌, ཏེ༌ ཁྱུད༌པོའེ༌ ནང༌ང༌ ཨིད༌ཤེས༌ ཅོས༌ཏེ༌ ཨིན༌ནོག༌།
13 སྡིག༌པ༌ དང༌ སྡིག༌པའེ༌ དོད༌པ༌གུན༌ནི༌ ཀ༌ནེ༌ མི༌ཐར༌ཅེས༌པོའེ༌ ཞས༌ཏེ༌, སེམས༌ཉིད༌དི༌ ཐོག༌ནེ༌ ཁྱོ༌ཞ༌གུན༌ ཤི༌ཏེ༌ ཨིན༌པིན༌། ཏེ༌ནེའང༌ དཀོན༌མཆོག༌གི༌ ང༌དང༌ངི༌ སྡིག༌པ༌ ཚང༌མའ༌ ཤགས༌པ༌ སལ༌ལ༌ ཛད༌ཏེ༌, མ༌ཤི༌ཀ༌ ཉམ༌པོ༌ ཁྱོ༌ཞ༌གུན༌ སོན༌ཏེའ༌ ལང༌ང༌ ཛདས༌། 14 དཀོན༌མཆོག༌གི༌ ང༌དང༌ངི༌ གྱབ༌གལ༌ལ༌ སྤང༌པོ༌ ཏང༌ཁན༌ནི༌ སྡིག༌པའེ༌ ཐོ༌གུན༌ ཤིགས༌ཏེ༌, མ༌ཤི༌ཀའེ༌ རྐྱང༌ཤིང༌ངི༌ཀ༌ ཟེ༌རུ༌ གྱབས༌ཏེ༌ མེད༌ཁན༌ ཅོའ༌ ཛདས༌། 15 ཏེ༌ཟུག༌ ཛད༌ཏེ༌ དཀོན༌མཆོག༌གི༌ ཝང༌ དང༌ ཝང༌སྲུལ༌ཁན༌ནི༌ ངན༌པ༌ སེམས༌ཉིད༌ ཚང༌མའེ༌ ཝང༌བོ༌ མེད༌ཁན༌ ཅོའ༌ ཛདས༌། མ༌ཤི༌ཀ༌ རྐྱང༌ཤིང༌ངི༌ཀ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཅེས༌ གྱུད༌ཏེ༌, སྲོག༌ ཡོད༌ཁན༌ ཚང༌མའེ༌ དུན༌ལ༌ ཏེ༌གུན༌ལ༌ ཁྲེལ༌ཅུག༌ག༌ ཛད༌ཏེ༌ གྱལ༌ཁའ༌ ནེན༌ན༌ ཛདས༌།
16 ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ ཅི༌རིག༌ ཟའད༌ ཡ༌ ཐུང༌ངད༌, ཆོས༌སི༌ ཡ༌ ནམ༌གང༌ངི༌ ཏུས༌ཆེན༌ ཙི༌ཅེས༌, ཤབ༌བད༌དི༌ ཞག༌གུན༌ མི༌སྲུང༌ཅེས༌ལ༌ སྐྱོན༌ ཕིང༌ཁན༌གུན༌ལ༌ སྣང༌ང༌ མ༌ཏང༌ཤིག༌། 17 ཏེ༌ ཁྲིམས༌ ཚང༌མ༌ སྐྱོད༌ཅེས༌ཅན༌ནི༌ ངོས༌མ༌བོའེ༌ ཀྲིབ༌ཀྱག༌ ཨིན༌པིན༌, ཏ༌ མ༌ཤི༌ཀ༌ ནི༌ ཏེན༌ན༌ ངོས༌མ༌བོ༌ ཨིན༌། 18 པས༌མོ༌ སྟན༌ཟུན༌ ཡང༌ ཕོ༌ཉ༌ ཅོལ༌ཅེས༌སི༌ ནང༌ང༌ མ༌ ཐད༌པོ༌ ཅོ༌ཁན༌གུན༌ལ༌, ཁྱོ༌ཞ༌གུན༌ དཀོན༌མཆོག༌གི༌ དེན༌བའེ༌ ལམ༌ནེ༌ ཐག༌རིང༌ང༌ ཁྱེར༌ མ༌ཅུག༌ཤིག༌། དཀོན༌མཆོག༌གི༌ ཁོང༌ང༌ ཉི༌ལམ༌ གྱུད༌ཏེ༌ ཏེ༌གུན༌ནི༌ སྐོར༌ལ༌ ཤད༌ད༌ ཛདས༌ ཟེར༌ར༌ནོག༌། ཨིན༌ནའང༌ ཁོང༌ངི༌ སྡིག༌ཅན༌ སམ༌བ༌གུན༌ནི༌ ཁོང༌གུན༌ ཕོ༌སོ༌ཅན༌ གྱུར༌ ཅུགས༌ཏེ༌ ཨིན༌ནོག༌། 19 ཏེ༌གུན༌ནི༌ བྲེལ༌བོ༌ མ༌ཤི༌ཀ༌ ཉམ༌པོ༌ ཆད༌ཏེ༌ ཨིན༌ནོག༌, ཀ༌བོ༌ ཁོང༌གུན༌ནི༌ ཨུ༌ ཨིན༌། ཡང༌ མ༌ཤི༌ཀའེ༌ སྐུ༌ཟུགས༌ གང༌པོ༌ ༼ཡང༌ན༌ ཆོས༌ཚོགས༌པོ༌༽ ཤ༌ དང༌ གྱུས༌པ༌ གུན༌ནི༌ ཉམ༌པོ༌ ཟུམས༌ཏེ༌ བོར༌ར༌ ཛད༌ཏེ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌ལ༌ ལྡན༌ ཅུག༌ག༌ ཛད༌ད༌ནོག༌།
20 ཁྱོ༌ཞ༌གུན༌ མ༌ཤི༌ཀ༌ ཉམ༌པོ༌ ཤི༌ཅེས༌པོའེ༌, ཁོང༌ངི༌ ཇིག༌རྟེན༌ནི༌ ངན༌པ༌ སེམས༌ཉིད༌དི༌ ཝང༌སྲུལ༌པ༌གུན༌ནི༌ ཡོག༌ནེ༌ ཁྱོ༌ཞའ༌ ཐར༌ ཅུག༌ག༌ ཛདས༌, ཏེ༌ནེ༌ ཅིའ༌ ཁྱོ༌ཞའེ༌ ཏ༌རུང༌ངའང༌ ཇིག༌རྟེན༌ནི༌ ཁྲིམས༌གུན༌ནི༌ ཁའ༌ཉན༌ནད༌? 21 སྤེར༌ན༌ ལག༌པའ༌ མ༌ཁུར༌, མ༌ཉང༌, ཡང༌ ལག༌པ༌ མ༌རྩེ༌ ཟེར༌ར༌ནོག༌! 22 ཏེ༌ ཚིར༌ཀ༌གུན༌ ཀོལ༌ཏེ༌ སྟིང༌ནེ༌ མེད༌ཁན༌ ཆ༌ཅེས༌པོ༌ དཀོན༌མཆོག༌གི༌ ཐབས༌ལྡིང༌ང༌ ཛདས༌, ཅིའ༌ཟེར༌ན༌ ཏེ༌གུན༌ མིའི༌ ལབ༌ཞ༌ དང༌ བཀའ༌ཏང༌ཁན༌ གུན༌ མ༌ནེ༌ ཡང༌ ཅའང༌ མ༌ནོག༌། 23 མི༌གུན༌ལ༌ ཏེ༌ ཁྲིམས༌པོ༌ ཤེས༌རབས༌ཅན༌ ཐོང༌ང༌ནོག༌ ཅིའ༌ཟེར༌ན༌ ཏེ༌ ཁྲིམས༌པོའེ༌ ཁོང༌གུན༌ལ༌ ཅི༌ ཚང༌མའེ༌ སང༌ ཏེ༌བོ༌ ཁག༌ཅན༌ སམ༌ཅེས༌, པས༌མོ༌ ཅོས༌ཏེ༌ དམ༌པ༌ ཐོང༌ཅུག༌ཅེས༌, དང༌ རང༌ངི༌ ཟུགས༌པོའ༌ ནགས༌ ལྟན༌ཅེས༌ གུན༌ ལབ༌བ༌ནོག༌། ཨིན༌ནའང༌ དེན༌བའ༌ ཁོང༌གུན༌ལ༌ རང༌རང༌ངི༌ དོད༌པ༌ ངན༌པ༌གུན༌ལ༌ ཕམ༌ཀལ༌ཅེས༌སི༌ ནང༌ང༌ ཏེ༌ ཁྲིམས༌གུན༌ནི༌ རོགས༌ ཅོའ༌ མ༌ནོག༌།