10
ཀོར༌ནེ༌ལི༌འུས༌སི༌ པི༌ཏྲར༌ལ༌ སྐྱོད༌ ཞུའ༌ལ༌ མི༌ ཀལས༌།
10:1 ནེ༌ 8
1 ཀཱེ༌སར༌རིའ༌ ནང༌ང༌ ཨི༌ཏྲི༌ལི༌པའེ༌ མག༌ཚོགས༌སི༌ ནང༌ནེ༌ མག༌མི༌རྒྱའེ༌ སྤོན༌བོ༌ ཀོར༌ནེ༌ལི༌འུས༌ ཟེར༌ཁན༌ཞིག༌ ཡོད༌པིན༌། 2 ཁོ༌ དང༌ ཁོའེ༌ ནང༌མི༌ ཚང༌མ༌ མ༌ ཏད༌པ༌ཅན༌ དང༌ དཀོན༌མཆོག༌ག༌ རྩི༌ཝ༌ ཅོ༌ཨིན༌ ཁོང༌ངི༌ ཇིགས༌སི༌ ནང༌ང༌ མི༌ཚེ༌ ཕུད༌ཁན༌ ཡོད༌པིན༌། ཁོ༌ ཉལ༌བ༌ཅན༌གུན༌ལ༌ སྙིང༌ ཕེས༌ཏེ༌ ཏང༌ཁན༌ དང༌ ཞག༌ཏང༌ དཀོན༌མཆོག༌ག༌ མོས༌ལམ༌ ཞུ༌ཁན༌ཞིག༌ ཡོད༌པིན༌། 3 ཞག༌ཤིག༌ ཛར༌རེ༌ སྟིང༌ནེ༌ ཧ༌ལམ༌ ཆུ༌ཚོད༌ སུམ༌པ༌ཞིག༌གི༌ཀ༌, ཞལ༌ཟིགས༌ཤིག༌གི༌ ནང༌ང༌ དཀོན༌མཆོག༌གི༌ ཕོ༌ཉ༌ ཁོའེ༌ དུན༌ལ༌ སྐྱོད༌ཏེ༌ སལ༌པོ༌ ཐོང༌ ཡང༌ ཁོང༌ངི༌ མོལས༌, "ཀོར༌ནེ༌ལི༌འུས༌།"
4 ཀོར༌ནེ༌ལི༌འུས༌ ཇིགས༌ཨིན༌ ཕོ༌ཉའེ༌ ཆོགས༌ལ༌ མིག༌ གྱངས༌ཏེ༌ ལྟས༌, ཡང༌ ཁོའེ༌ ཟེརས༌, "ཀྱེ༌ གཙོ༌བོ༌ ཅི༌ ཅོ༌ལེ༌།"
ཕོ༌ཉའེ༌ ལན༌སལས༌, "ཁྱོ༌རང༌ངི༌ ཅིན༌བ༌ དང༌ མོས༌ལམ༌ གུན༌ ཆོད༌པའེ༌ ཚུལ༌ལ༌ དཀོན༌མཆོག༌གི༌ ནམས༌ས༌ ཛདས༌། 5 ཏ༌ མི༌ ཁ༌ཅིག༌ ཡོ༌པའ༌ ལམ༌ཅུགས༌ཏེ༌ ཤི༌མོན༌ པི༌ཏྲར༌ ཟེར༌ཁན༌ནི༌ མི༌བོ༌ འི༌རུ༌ བོད༌ཏེ༌ ཁྱོང༌། 6 ཁོ༌ ཀོ༌འ༌ ཉེ༌ཁན༌ ཤི༌མོན༌ནི༌ ཁང༌པ༌ དུགས༌ཏེ༌ ཡོད༌, ཁོའེ༌ ཁང༌པ༌ གྱ༌ཚོའེ༌ ཐའ༌མ༌ ཡོད༌།"
7 འི༌གུན༌ མོལ༌ཏེ༌ ཕོ༌ཉའ༌ སྐྱོད༌ ཚར༌ར༌ཅིག༌, ཀོར༌ནེ༌ལི༌འུས༌སི༌ རང༌ངི༌ ཡོག༌པོ༌ ཉིས༌ དང༌ ཁོའེ༌ ཞབ༌སྟོག༌པ༌ ལོ༌ཁྱེལ༌ཅན༌ནི༌ མག༌མི༌བོའ༌ བོདས༌, 8 ཡང༌ ཁོང༌གུན༌ལ༌ བྱུང༌ཁན༌ ཚང༌མ༌ ཤད༌ཏེ༌ ཡོ༌པའ༌ ལམ༌ཅུགས༌།
པི༌ཏྲར༌ལ༌ ཞལ༌ཟིགས༌ ཐོང༌།
10:9 ནེ༌ 23a
9 སྟིང༌མ༌ ཞག༌པོ༌ ཁོང༌ ཚང༌ཀོ༌ ཕེས༌སི༌ ནང༌ང༌ ཡོ༌པའེ༌ ཉེ༌མོའ༌ ལེབ༌བ༌ཅིག༌, ཉིང༌གུང༌ ཟམ༌ཤིག༌ག༌ པི༌ཏྲར༌ ཁང༌པའེ༌ ཁེ༌ཐོག༌ག༌ མོས༌ལམ༌ ཞུའ༌ལ༌ སྐྱོདས༌། 10 ཁོང༌ སྟོགས༌པ༌ ཅི༌ཏོང༌ཤིག༌ ཟེན༌ སམ༌, ཡང༌ ཁར༌ཇི༌ གྲལ༌གྲིག༌ ཅོ༌ཨིན༌ ཡོད༌ ཏུས༌, ཁོང༌ང༌ ཞལ༌ཟིགས༌ཤིག༌ ཐོང༌། 11 ཁོང༌ང༌ ནམ༌ཁའ༌ ཕེ༌ཏེ༌ རས༌ ཆེན༌མོ༌ ཙོགས༌ཤིག༌ ཆོགས༌ཞི༌ ཀ༌ནེ༌ ཐམས༌ཏེ༌ ཇིག༌རྟེན༌ ཆོགས༌ལ༌ ཕབ༌ཨིན༌ ཐོང༌། 12 ཏེ༌ནང༌ང༌ ཇིག༌རྟེན༌ནི༌ཀ༌ ཡོད༌ཁན༌ནི༌ སེམས༌ཅན༌, བུ༌ཙིག༌ དང༌ ཅ༌ཅིའུ༌ ན༌མི༌ན༌ ཚངས༌ གུན༌ དུག༌པིན༌། 13 ཏེ༌ནེ༌ ཁོང༌ང༌ སུང༌སྐད༌ཅིག༌གི༌, "པི༌ཏྲར༌ ལངས༌ཏེ༌ འི༌གུན༌ སད༌ཏེ༌ ཟོ༌" མོལ༌ཨིན༌ ཚོར༌།
14 ཨིན༌ནའང༌ པི༌ཏྲར༌རི༌ ལན༌སལས༌, "ཀྱེ༌ གཙོ༌བོ༌, ཤི༌ནའང༌ འི༌གུན༌ མི༌ཟའ༌, ངའེ༌ དི༌རིང༌ ཚག༌པ༌ ཚི༌ཏུ༌ ཡ༌ ཟའ༌ མི༌ཆོག༌ཅེས༌སི༌ ཟན༌ཞིག༌ མ༌ནེ༌ མ༌ཟོས༌པིན༌།"
15 ཏེ༌ནེ༌ ཁོང༌ང༌ ཏེན༌ན༌ སུང༌སྐད༌པོའེ༌ ལན༌ ཉིས༌པ༌ མོལས༌, "དཀོན༌མཆོག༌གི༌ རྩང༌མ༌ ཛད༌ཁན༌བོའ༌ ཚི༌ཏུ༌ མ༌ཟེར༌།"
16 ལན༌ སུམ༌ ཏེན༌ན༌ ཙོགས༌ སོང༌, ཏེ༌ནེ༌ ཧུན༌མེད༌ལ༌ ཏེ༌ རས༌པོ༌ ནམ༌ཁའ༌ ཐེན༌ཏེ༌ ཁྱེར༌ར༌ ཛདས༌།
17 པི༌ཏྲར༌རི༌ རང༌ངི༌ སམ༌བའེ༌ ནང༌ང༌ ཏེ༌ ཞལ༌ཟིགས༌པོའེ༌ ཏོན༌ཏག༌གི༌ སྐོར༌ལ༌ སམ༌ཨིན༌ ཡོད༌ ཟ༌ནེ༌ ཀོར༌ནེ༌ལི༌འུས༌སི༌ པི༌ཏྲར༌ ཁྱོང༌ང༌ ལམ༌ཅུག༌ཁན༌གུན༌ ཤི༌མོན༌ནི༌ ཁང༌པའེ༌ སྒོའེ༌ཀ༌ ལེབ༌། 18 ཏེ༌ མི༌གུན༌ནི༌ བོད༌ཏེ༌ ཤི༌མོན༌ པི༌ཏྲར༌ ཟེར༌ཁན༌བོ༌ ཏེ༌རུ༌ དུགས༌ཏེ༌ ཡོད༌ད༌ ཟེར༌ཏེ༌ ཏྲིས༌།
19 པི༌ཏྲར༌, ཁོའ༌ ཐོང༌ཁན༌ནི༌ ཞལ༌ཟིགས༌པོའེ༌ སྐོར༌ལ༌ སམ༌བ༌ ཏང༌ཨིན༌ ཡོད༌ཏུས༌ དམ༌པའེ༌ ཐུག༌ཉིད༌དི༌ ཁོང༌ང༌ མོལས༌, "ཤི༌མོན༌ མི༌ སུམ༌མི༌ ཁྱོ༌རང༌ ཙལ༌དུག༌། 20 ཏ༌ ལངས༌ཏེ༌ ཡོག༌ག༌ སོང༌, ཡང༌ ཁོང༌གུན༌ ཉམ༌པོ༌ ཆ༌ཅེས༌ལ༌ ཐེ༌ཚོམས༌ མ༌ཅོ༌, ཅིའ༌ཟེར༌ན༌ ཁོང༌གུན༌ ངའེ༌ ལམ༌ཅུགས༌ཏེ༌ ཨིན༌།"
21 ཏེ༌ནེ༌ པི༌ཏྲར༌ ཡོག༌ག༌ བབས༌ཏེ༌ སོང༌, ཡང༌ ཁོང༌གུན༌ལ༌, "ཁྱོ༌ཞའེ༌ ཙལ༌ཁན༌ནི༌ མི༌བོ༌ ང༌ ཨིན༌, ཁྱོ༌ཞའ༌ ཅི༌ཕིའ༌ ཡོངས༌པིན༌?" ཟེར༌ཏེ༌ ཏྲིས༌།
22 ཁོང༌གུན༌ནི༌ ལན༌ཏངས༌, "ང༌ཞ༌གུན༌ མག༌མི༌རྒྱའེ༌ སྤོན༌བོ༌ ཀོར༌ནེ༌ལི༌འུས༌སི༌ ཆོགས༌ནེ༌ ཡོངས༌ཏེ༌ ཨིན༌, ཁོང༌ དྲང༌པོ༌ དང༌ དཀོན༌མཆོག༌ག༌ རྩི༌ཝ༌ ཅོ༌ཨིན༌ ཁོང༌ངི༌ ཇིགས༌སི༌ ནང༌ང༌ མི༌ཚེ༌ ཕུད༌ཁན༌ཞིག༌ ཨིན༌, ཡང༌ ཡ༌ཧུ༌དཱ༌པ༌ ཚང༌མའེ༌ ཁོང༌ང༌ རྩི༌ཝ༌ ཅོའད༌། དཀོན༌མཆོག༌གི༌ དམ༌པའེ༌ ཕོ༌ཉའེ༌ ཁོང༌ང༌ ཤི༌མོན༌ པི༌ཏྲར༌རི༌ མོལ༌ཁན༌གུན༌ ཉན༌ཐུབ༌ཅེས༌ལ༌ ཉེ༌རང༌ ཁོང༌ངི༌ ཁང༌པ༌ བོད༌ མོལ༌ཏེ༌ བཀའ༌ སལ༌ཏོག༌།" 23 ཏེ༌ནེ༌ པི༌ཏྲར༌རི༌ ཁོང༌གུན༌ ནང༌ང༌ བོད༌ཏེ༌ ཏེ༌རུ༌ དུག༌ ཅུག༌ག༌ ཛདས༌།
པི༌ཏྲར༌ ཀོར༌ནེ༌ལི༌འུས༌སི༌ ཁང༌པ༌ སྐྱོདས༌།
10:23b ནེ༌ 33
སྟིང༌མ༌ཞག༌པོ༌ པི༌ཏྲར༌ ཏེ༌ མི༌གུན༌ ཉམ༌པོ༌ སྐྱོདས༌, ཡང༌ ཁོང༌ ཉམ༌པོ༌ ཡོ༌པའ༌ནེ༌ ཞན༌ ཏད༌པ༌ཅན༌གུན༌ནའང༌ སོང༌། 24 སྟིང༌མ༌ཞག༌པོ༌ ཁོང༌གུན༌ ཀཱེ༌སར༌རིའ༌ ལེབ༌། ཀོར༌ནེ༌ལི༌འུས༌ ཁོང༌ སྐྱོད༌ཅེས༌ལ༌ སྲུངས༌ཏེ༌ ཡོད༌པིན༌, ཡང༌ ཁོའེ༌ རང༌ངི༌ ཉེན༌གྲུང༌གུན༌ དང༌ ཛ༌འོ༌ ཉེ༌མོ༌གུན༌ ནའང༌ བོད༌ཏེ༌ ཡོད༌པིན༌། 25 པི༌ཏྲར༌ ཁང༌པ༌ ལེབས༌ཏེ༌ ཀོར༌ནེ༌ལི༌འུས༌ ཐུག༌ག༌ཅིག༌, ཁོའེ༌ ཁོང༌ངི༌ ཞབས༌སི༌ཀ༌ གྱེལ༌ཏེ༌ ཆག༌ཕུལས༌། 26 ཨིན༌ནའང༌ པི༌ཏྲར༌རི༌ ཁོའ༌ "ལོང༌" མོལ༌ཏེ༌ ལང༌ང༌ ཛདས༌, "ང༌ ནི༌ ཁྱོ༌རང༌ ཙོགས༌ མི༌ཞིག༌ ཨིན༌ ངའ༌ ཆག༌མ༌ཕུལ༌" མོལས༌།
27 ཏེ༌ནེ༌ པི༌ཏྲར༌ ཀོར༌ནེ༌ལི༌འུས༌ ཉམ༌པོ༌ སྤེ༌ར༌ སལ༌ཨིན༌ ཁང༌པའེ༌ ནང༌ང༌ སྐྱོདས༌, ཡང༌ མི༌ མང༌པོ༌ཞིག༌ ཛོམས༌ཏེ༌ ཡོད༌ཁན༌བོ༌ ཟིགས༌། 28 ཁོང༌ངི༌ ཏེ༌ མི༌གུན༌ལ༌ མོལས༌, "ཡ༌ཧུ༌དཱ༌པ༌ཞིག༌ག༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ཞིག༌ ཉམ༌པོ༌ བྲེལ༌ བོར༌ཅེས༌པོ༌ ཡ༌ཧུ༌དཱ༌པའེ༌ ཁྲིམས༌ ནང༌ཞིན༌ གལ༌ཏེ༌ ཨིན༌ཁན༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌། ཨིན༌ནའང༌ ངའེ༌ སུ༌ཞིག༌གའང༌ རིགས༌ངན༌ ཡ༌ ཚི༌ཏུ༌ ཟེར༌ མི༌ཆོག༌ཅེས༌པོ༌, དཀོན༌མཆོག༌གི༌ ང༌ སྔོན༌ ཅུག༌ག༌ ཛདས༌། 29 ཏེ༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ ང༌ འི༌རུ༌ བོད༌ ཟ༌ནེ༌ ངའེ༌ ཅའང༌ གྱབ༌གལ༌ མ༌ཅོའ༌ ཡོངས༌པིན༌། ཏ༌ ཁྱོ༌ཞའེ༌ ང༌ ཅི༌ཕིའ༌ འི༌རུ༌ བོད༌ཏེ༌ ཨིན༌?"
30 ཀོར༌ནེ༌ལི༌འུས༌སི༌ ལན༌ཏངས༌, "དི༌རིང༌ངི༌ སང༌ ཞག༌ ཞིའི༌ སྔུན༌ལ༌ ཛར༌རེ༌ སྟིང༌ནེ༌ ཆུ༌ཚོད༌ སུམ༌པ༌, འིན༌ན༌ ཏུས༌ཚོད༌ ཟམ༌ཤིག༌གི༌ཀ༌, ངའེ༌ ང༌རང༌ངི༌ ཁང༌པའེ༌ ནང༌ང༌ མོས༌ལམ༌ ཞུའད༌པིན༌, ཧུན༌མེད༌ལ༌ ནམ༌ཟའ༌ ལྡང༌ཤན༌ ནམས༌ཁན༌ནི༌ མི༌ཞིག༌ ངའེ༌ དུན༌ལ༌ ཞངས༌ཏེ༌ ཞུགས༌། 31 ཁོང༌ངི༌ ངའ༌ མོལ༌ལ༌རག༌, 'ཀོར༌ནེ༌ལི༌འུས༌ དཀོན༌མཆོག༌གི༌ ཁྱོ༌རང༌ངི༌ མོས༌ལམ༌གུན༌ སན༌ན༌ ཛདས༌, ཡང༌ ཁྱོ༌རང༌ངི༌ ཅིན༌བ༌ ཏང༌ཁན༌གུན༌ནི༌ཀ༌ སྣང༌ང༌ སལས༌། 32 ཏ༌ སུ༌ཞིག༌ ཡོ༌པའ༌ ལམ༌ཅུགས༌ཏེ༌ ཤི༌མོན༌ པི༌ཏྲར༌ ཟེར༌ཁན༌བོ༌ འི༌རུ༌ བོད༌ཏེ༌ ཁྱོང༌། ཁོང༌ ཤི༌མོན༌ ཀོ༌འ༌ ཉེ༌ཁན༌ནི༌ ཁང༌པ༌ དུགས༌ཏེ༌ ཡོད༌, ཁོའེ༌ ཁང༌པ༌ གྱ༌ཚོའེ༌ ཐའ༌མ༌ ཡོད༌།' 33 ཏེན༌ན༌བོའེ༌ཕིའ༌ ཏེན༌ན༌མལ༌ལ༌ ངའེ༌ ཉེ༌རང༌ང༌ བོད༌ད༌ མི༌ ཀལ༌པིན༌ ཡང༌ ཉེ༌རང༌ འི༌ཀ༌ སྐྱོད༌པ༌ ང༌ཞའ༌ མ༌ ཐད༌པོ༌ སོང༌། གཙོ༌བོའེ༌ ཉེ༌རང༌ང༌ མོལ༌ཁན༌གུན༌ ཉན༌ཅེས༌ལ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ང༌ཞའ༌ ཚང༌མ༌ འི༌ཀ༌ ཛོམས༌ཏེ༌ ཨིན༌།"
ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ གའ༌མོའེ༌ ནས༌ཚུལ༌ ཚོར༌།
10:34 ནེ༌ 48
34 ཏེ༌ནེ༌ པི༌ཏྲར༌རི༌ མོལ༌ཅེས༌ གོ༌ཟུག༌, "དཀོན༌མཆོག༌གི༌ སུའང༌ ཆོགས༌ མི༌ཛད༌ཅེས༌པོ༌ ངའ༌ ཏན༌ཏན༌ ཧ༌གོ༌། 35 ཨིན༌ནའང༌ དཀོན༌མཆོག༌གི༌ གྱལ༌ཁམས༌ ཚང༌མའེ༌ ནང༌ནེ༌ ཁོང༌ངི༌ རྩི༌ཝ༌ དང༌ ཇིགས༌སི༌ ནང༌ང༌ ལམ༌ ཟང༌པོའེ༌ཀ༌ གྲུལ༌ཁན༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ ཉན༌ཅེས༌ལ༌ གའ༌སུས༌ ཛད༌ད༌ནོག༌། 36 ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ གའ༌མོའེ༌ ནས༌ཚུལ༌ ནི༌, ཡེ༌ཤུ༌ མ༌ཤི༌ཀ༌ ང༌དང༌ ཚང༌མའེ༌ གཙོ༌བོ༌ ཡང༌ ཁོང༌ གྱུད༌ཏེ༌ དཀོན༌མཆོག༌ ཉམ༌པོ༌ ཐུན༌བྲེལ༌ ཡོད༌ཅེས༌པོ༌ ཨིན༌ནོག༌། 37 ཡོ༌ཧཱ༌ནན༌ནི༌ ཁྲུས༌ལེན༌ཅེས༌སི༌ སྐོར༌ལ༌ ཤད༌ཏེ༌ སྟིང༌ནེ༌, གཱ༌ལིལ༌ལིའི༌ ཡུལ༌ནེ༌ གོ༌ཟུགས༌ཏེ༌ ཡ༌ཧུ༌དཱ༌ གང༌པོའེ༌ ནང༌ང༌ བྱུང༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌: 38 དཀོན༌མཆོག༌གི༌ ན༌ཙ༌རེད༌པ༌ ཡེ༌ཤུ༌ དམ༌པའེ༌ ཐུག༌ཉིད༌ དང༌ སྟོབས༌ ཉམ༌པོ༌ སྐོའ༌ ཛདས༌, ཡང༌ ཁོང༌ ནས༌ས༌ མང༌པོའ༌ སྐྱོད༌ཏེ༌ ཆག༌ལས༌ ཟང༌པོ༌ ཛད༌ཅེས༌ དང༌ རྡུད༌གུན༌ནི༌ གོ༌བའེ༌ ཝང༌ངི༌ ཡོག༌ག༌ ཡོད༌ཁན༌གུན༌ ཕན༌ཅུག༌ག༌ ཛདས༌, ཅིའ༌ཞུ༌ན༌ དཀོན༌མཆོག༌ ཁོང༌ ཉམ༌པོ༌ ཞུགས༌ཏེ༌ ཨིན༌པིན༌།
39 ཡེ༌ཤུའི༌ ཡ༌ཧུ༌དཱའེ༌ ཡུལ༌ དང༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཛད༌ཁན༌གུན༌ནི༌ སྤང༌པོ༌ ང༌ཞ༌གུན༌ ཨིན༌། ཁོང༌གུན༌ནི༌ ཁོང༌ རྐྱང༌ཤིང༌ང༌ རྐྱངས༌ཏེ༌ སདས༌། 40 ཨིན༌ནའང༌ དཀོན༌མཆོག༌གི༌ ཁོང༌ ཞག༌ སུམ༌པའེ༌ ཞག༌ག༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ ང༌ཞ༌གུན༌ལ༌ སྔོན༌ ཅུག༌ག༌ ཛདས༌། 41 ཚང༌མ༌ལ༌ ཁོང༌ མ༌ཇལ༌, ཨིན༌ནའང༌ དཀོན༌མཆོག༌གི༌ སྤང༌པོ༌ ཏང༌ང༌ལ༌ ལྡམ༌མ༌ ཛད༌ཁན༌ ང༌ཞ༌གུན༌ནི༌ ཁོང༌ ཇལ༌། ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌ཏེ༌ ང༌ཞ༌གུན༌ནི༌ ཁོང༌ ཉམ༌པོ༌ ཟོས༌པིན༌ ཡང༌ ཐུངས༌པིན༌། 42 དཀོན༌མཆོག༌གི༌ ང༌ཞའ༌ མི༌གུན༌ལ༌ ཡེ༌ཤུ༌ ནི༌, ཤི༌སོན༌ ཉིས༌ཀོའེ༌ཀ༌ ཤགས༌ ཛད༌ཅེས༌ལ༌ ཁོང༌ངི༌ སྐོའ༌ ཛད༌ཁན༌བོའེ༌ སྤང༌པོ༌ ཏང༌ཅེས༌ དང༌ ཆོས༌ཤད༌ཅེས༌ལ༌ བཀའ༌ སལས༌། 43 ཡེ༌ཤུའི༌ཀ༌ ཏད༌པ༌ ཅོ༌ཁན༌ ཚང༌མ༌ལ༌ ཁོང༌ངི༌ ཚན༌ གྱུད༌ཏེ༌ སྡིག༌པ༌ ཅོ༌ཁན༌གུན༌ལ༌ ཤགས༌པ༌ ཐོབ༌ཨིན༌ ཟེར༌ཏེ༌ ཁོང༌ངི༌ སྐོར༌ལ༌ ལུང༌སྟོན༌པ༌ ཚང༌མའེ༌ སྤང༌པོ༌ སལ༌ཏེ༌ ཨིན༌ནོག༌།"
44 པི༌ཏྲར༌རི༌ འི༌ སྤེ༌ར༌གུན༌ ཤད༌ཨིན༌ ཡོད༌ ཟ༌ནེ༌, ཁོང༌ངི༌ ལོན༌ ཉན༌ཨིན༌ ཡོད༌ཁན༌ ཚང༌མའེ༌ཀ༌ དམ༌པའེ༌ ཐུག༌ཉིད༌ བབས༌། 45 པི༌ཏྲར༌ ཉམ༌པོ༌ ཡོངས༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ ཏད༌པ༌ཅན༌གུན༌ནི༌, ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ཀའང༌ དམ༌པའེ༌ ཐུག༌ཉིད༌ བབས༌ཁན༌བོ༌ ཐོང༌ཏེ༌ ཧ༌ལས༌། 46 ཅིའ༌ཟེར༌ན༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཞན༌ སྐད༌དི༌ ནང༌ང༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌ཨིན༌ ཁོང༌གུན༌ནི༌ ཚོར༌།
ཏེ༌ནེ༌ པི༌ཏྲར༌རི༌ མོལས༌, 47 "ཁོང༌གུན༌ལ༌ ཆུའི༌ཁྲུས༌ ལེན༌ཅེས༌ནེ༌ སྒག༌ཅེས༌སི༌ ཧམ༌པ༌ སུའི༌ ཅོ༌ཨིན༌ ཀ༌གུན༌ལ༌ ང༌ཞའ༌ ཐོབ༌ཁན༌ནི༌ ཏེན༌ན༌ དམ༌པའེ༌ ཐུག༌ཉིད༌བོ༌ ཐོབ༌ཏེ༌ ཨིན༌ནོག༌།" 48 པི༌ཏྲར༌རི༌ ཁོང༌གུན༌ལ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཚན༌ནི༌ ནང༌ང༌ ཁྲུས༌ ལེན༌གོས༌ ཟེར༌ཏེ༌ བཀའ༌ སལས༌། ཏེ༌ནེ༌ ཁོང༌གུན༌ནི༌ པི༌ཏྲར༌ལ༌ ཞག༌ ཁ༌ཅིག༌ ཁོང༌ ཉམ༌པོ༌ ཞུག༌ཅེས༌ལ༌ ཞུ༌ཝ༌ ཕུལས༌།