9
ས༌འུལ༌ལི༌ གཙོ༌བོ༌ ཡེ༌ཤུའི༌ཀ༌ ཏད༌པ༌ ཁྱོངས༌།
9:1 ནེ༌ 19a
འིན༌ན༌ ཏུས༌ལ༌ གཙོ༌བོའེ༌ ལོབ༌ཕྲུགས༌ ཚང༌མ༌ སད༌ཨིན༌ ཟེར༌ཁན༌ནི༌ ས༌འུལ༌ བླ༌མ༌ ཆེན༌མོའེ༌ཀ༌ སོང༌ཏེ༌, མ༌ཤི༌ཀའེ༌ ལམ༌མི༌ཀ༌ གྲུལ༌ཁན༌ནི༌ བུ༌ཚ༌ དང༌ བུ༌མོ༌ ཚང༌མ༌ ཟུམས༌ཏེ༌, ཙོན༌པ༌ ཅོས༌ཏེ༌ ཡེ༌རུ༌ཤ༌ལེམ༌མ༌ ཁྱོང༌ཉན༌ཅེས༌ལ༌ ཁོའ༌ ཆོགས༌སྐྱོར༌ ཅོས༌ ཟེར༌ཏེ༌ དཱ༌མེས༌ཁས༌སི༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌གུན༌ནི༌ ནང༌ང༌ ལྟན༌ཅེས༌ལ༌ ཨི༌གེ༌ཞིག༌ བྲིས༌ཏེ༌ ཏོང༌ ཞུས༌། ས༌འུལ༌ དཱ༌མེས༌ཁས༌སི༌ ཉེ༌མོའ༌ ལེབ༌བ༌ཅིག༌, ཧུན༌མེད༌ལ༌ ནམ༌ཁའ༌ནེ༌ བབས༌ཁན༌ནི༌ འོད༌ ལྡང༌ཤན༌ཞིག༌གི༌ ཁོའ༌ སྐོརས༌། ཁོ༌ སའེ༌ཀ༌ གྱེལ༌, ཡང༌ ཁོའ༌ སུང༌སྐད༌ཅིག༌ ཚོར༌, "ས༌འུལ༌ ས༌འུལ༌ ཁྱོ༌རང༌ངི༌ ང༌ ཅིའ༌ ནགས༌བར༌དོ༌ ལྟན༌ནད༌?"
ས༌འུལ༌ལི༌ ཟེརས༌, "གཙོ༌བོ༌ ཉེ༌རང༌ སུ༌ ཨིན༌།"
ཁོང༌ངི༌ ལན༌སལས༌, "ང༌ ནི༌ ཡེ༌ཤུ༌, ཁྱོ༌རང༌ངི༌ ནགས༌བར༌དོ༌ ལྟན༌ཁན༌བོ༌ ཨིན༌། ཏ༌ ཁྱོ༌རང༌ གྱལ༌ས༌ སོང༌, ཡང༌ ཏེ༌རུ༌ ཁྱོ༌རང༌ང༌ ཅོ༌གོ༌ཤེས༌པོ༌ ཤད༌ཨིན༌།"
ས༌འུལ༌ ཉམ༌པོ༌ ཆའ༌ཁན༌ནི༌ མི༌གུན༌ ཧ༌ལས༌ཏེ༌ ཧན༌གྲང༌ སོང༌ ཅིའ༌ཟེར༌ན༌ ཁོང༌གུན༌ལ༌ སྐད༌ ཚོར༌ ཨིན༌ནའང༌ སུའང༌ མ༌ཐོང༌། ས༌འུལ༌ལི༌ སེ༌ཀ༌ནེ༌ ལངས༌ཏེ༌ མིག༌ ཕེས༌པ༌ ཁོའ༌ ཅའང༌ མ༌ཐོང༌། ཁོའེ༌ ཕྲོ༌པ༌གུན༌ནི༌ ཁོའ༌ ལག༌པ༌ ཐམས༌ཏེ༌ དཱ༌མེས༌ཁས༌ལ༌ ཁྲིད༌ཏེ༌ ཁྱེརས༌། ཞག༌ སུམ༌ ཚག༌པ༌, ཁོའ༌ མིག༌ནེ༌ མ༌ཐོང༌ ཡང༌ ཏེན༌ན༌ ཏུས༌པོ༌ ཁོའེ༌ ཅའང༌ ཟའང༌ མ༌ཟོས༌, ཅའང༌ ཐུང༌ངའང༌ མ༌ཐུངས༌།
10 དཱ༌མེས༌ཁས༌སི༌ ནང༌ང༌ ཡེ༌ཤུའི༌ཀ༌ ཏད༌པ༌ ཅོ༌ཁན༌ ཨ༌ན༌ནི༌ཡཱས༌ ཟེར༌ཁན༌བོ༌ དུག༌གད༌པིན༌, གཙོ༌བོའེ༌ ཞལ༌ཟིགས༌ཤིག༌གི༌ ནང༌ང༌ ཁོའ༌ མོལས༌, "ཨ༌ན༌ནི༌ཡཱས༌།"
ཁོའེ༌ ལན༌ཏངས༌, "གཙོ༌བོ༌ལེ༌།"
11 གཙོ༌བོའེ༌ ཁོའ༌ མོལས༌, "ཁ༌དྲང༌ ཟེར༌ཁན༌ནི༌ སྲང༌ངི༌ ནང༌ང༌ ཡོད༌ཁན༌ནི༌ ཡུ༌དཱའེ༌ ཁང༌པ༌ སོང༌ཏེ༌, ཏར༌སས༌པ༌ ས༌འུལ༌ ཟེར༌ཁན༌ནི༌ མི༌བོའེ༌ སྐོར༌ལ༌ ཏྲིས༌, དག༌ས༌ ཁོའེ༌ མོས༌ལམ༌ ཞུ༌རུག༌། 12 ས༌འུལ༌ལ༌ ཞལ༌ཟིགས༌ཤིག༌གི༌ ནང༌ང༌ ཨ༌ན༌ནི༌ཡཱས༌ ཡོངས༌ཏེ༌ ཡང༌སྐྱར༌ ཐོང༌ཐུབ༌ཅེས༌ལ༌ ཁོའེ༌ གོའེ༌ཀ༌ ལག༌པ༌ བོར༌ར༌ ཐོང༌།"
13 ཨ༌ན༌ནི༌ཡཱས༌སི༌ ཞུས༌, "ཀྱེ༌ གཙོ༌བོ༌, འི༌ མི༌བོའེ༌ ཉེ༌རང༌ངི༌ དམ༌པ༌ མི༌གུན༌ ཉམ༌པོ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཙམ༌ཤིག༌ ནོད༌པ༌ སྐྱལ༌ཁན༌བོའེ༌ སྐོར༌ལ༌ ངའ༌ ཞན༌མི༌ མང༌པོ༌ནེ༌ ཚོར༌། 14 ཁོ༌ འི༌རུའང༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཆོགས༌ནེ༌ ཝང༌ཆ༌ ཐོབ༌ཏེ༌ ཉེ༌རང༌ངི༌ ཚན༌ ཁུར༌ཁན༌ ཚང༌མ༌ ཟུམས༌ཏེ༌ ཁྱེར༌ཅེས༌སི༌ ཕིའ༌ ཡོངས༌ཏེ༌ ཨིན༌ནོག༌།"
15 ཨིན༌ནའང༌ གཙོ༌བོའེ༌ ཨ༌ན༌ནི༌ཡཱས༌ལ༌ མོལས༌, "ཏ༌ ཁྱོ༌རང༌ སོང༌ ཅིའ༌ཟེར༌ན༌ ཁོ༌ ངའེ༌ ལྡམས༌ཁན༌ནི༌ ཞབ༌སྟོག༌པ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌, གྱལ༌པོ༌གུན༌ དང༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ངའེ༌ སྐོར༌ལ༌ ཤད༌ཁན༌བོ༌ ཨིན༌། 16 ངའེ༌ ཚན༌ ཁུར༌ཅེས༌ལ༌ ཁོའ༌ ཙམ༌ཤིག༌གི༌ ནགས༌ ལེན༌གོ༌ཤེས༌པོ༌ ངའེ༌ ཁོའ༌ ལྟན༌ཨིན༌།"
17 ཏེ༌ནེ༌ ཨ༌ན༌ནི༌ཡཱས༌ ས༌འུལ༌ དུགས༌ཏེ༌ ཡོད༌སའེ༌ ཁང༌པ༌ ལེབ༌ ཡང༌ ནང༌ཀུག༌ག༌ སོང༌ཏེ༌ ཁོའེ༌ ལག༌པ༌ ས༌འུལ༌ལི༌ཀ༌ བོར༌ཏེ༌ མོལས༌, "སྤུན༌ ས༌འུལ༌, ཁྱོ༌རང༌ འི༌རུ༌ ཡོང༌ ཟ༌ནེ༌ ལམ༌མ༌ གཙོ༌བོ༌ ཡེ༌ཤུ༌ ཇལ༌ཏེ༌ ཨིན༌པིན༌། ཁོང༌ངི༌ ཁྱོ༌རང༌ང༌ ཡང༌སྐྱར༌ ཐོང༌ཅེས༌ དང༌ དམ༌པའེ༌ ཐུག༌ཉིད༌དི༌ གང༌ཅེས༌སི༌ ཕིའ༌ ང༌ འི༌ཀ༌ ཀལ༌ལ༌ ཛདས༌།" 18 ཏེན༌ན༌མལ༌ལ༌ ས༌འུལ༌ལི༌ མིག༌གི༌ ཀ༌ནེ༌ པགས༌པ༌ ཙོགས༌ཤིག༌ བུད༌ཏེ༌ ཁོའ༌ ཡང༌སྐྱར༌ ཐོང༌ཐུབ༌། ཏེ༌ནེ༌ ལངས༌ཏེ༌ ཁོའེ༌ ཁྲུས༌ལེནས༌, 19 ཁར༌ཇི༌ ཟོས༌ཏེ༌ སྟིང༌ནེ༌ ཁོའེ༌ ཟུགས༌པོའེ༌ ནང༌ང༌ སྟོབས༌ སྐྱེས༌།
ས༌འུལ༌ལི༌ དཱ༌མེས༌ཁས༌ དང༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ སྤང༌པོ༌ སལས༌།
9:19b ནེ༌ 31
ཏེ༌ནེ༌ ས༌འུལ༌ ཞག༌བན༌ཤིག༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ དཱ༌མེས༌ཁས༌ལ༌ དུགས༌ 20 ཡང༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌གུན༌ནི༌ ནང༌ང༌ ཡེ༌ཤུའི༌ སྐོར༌ལ༌ ཤད༌ཅེས༌ གོ༌ཟུགས༌ཏེ༌ མོལས༌, "ཁོང༌ ནི༌ དཀོན༌མཆོག༌གི༌ སྲས༌ ཏན༌ཏན༌ ཨིན༌ནོག༌།" 21 ཏེ༌རུ༌ ཡོད༌ཁན༌གུན༌ནི༌ ཁོང༌ངི༌ ལབ༌ཞ༌ ཚོར༌ར༌ཅིག༌ ཧ༌ལས༌ཏེ༌ ཅིག༌ དང༌ ཅིག༌ག༌ ཏྲིས༌, "འི༌ མི༌བོ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ གཙོ༌བོ༌ ཡེ༌ཤུའི༌ ཚན༌ ཁུར༌ཁན༌གུན༌ ཁྲེས༌སྟོར༌ ཅོ༌ཅེས༌སི༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོ༌ཁན༌ ཡང༌ འི༌རུའང༌ ཁོང༌གུན༌ ཟུམས༌ཏེ༌ ཙོང༌པ༌ ཅོས༌ཏེ༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ དུན༌ལ༌ ཁྱེར༌ར༌ལ༌ ཡོངས༌ཏེ༌ མ༌ནོག༌ག༌?" 22 ས༌འུལ༌ ཆོས༌ཤད༌ཅེས༌སི༌ ནང༌ང༌ མང༌ང༌ སྟོབས༌ཅན༌ གྱུར༌ཨིན༌ སོང༌, ཡང༌ དཱ༌མེས༌ཁས༌སི༌ ནང༌ང༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ནི༌, ས༌འུལ༌ལི༌, ཡེ༌ཤུ༌ ནི༌ ཏན༌ཏན༌ལ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ཁན༌ ལྟན༌ཁན༌བོའེ༌ གྱབ༌གལ༌ལ༌ ཅའང༌ ཟེར༌ མ༌ཉན༌།
23 ཏུས༌བན༌ཤིག༌གི༌ སྟིང༌ནེ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཁོང༌ སད༌ཅེས༌སི༌ གྲབས༌ ཏངས༌, 24 ཨིན༌ནའང༌ ས༌འུལ༌ལ༌ ཁོང༌གུན༌ནི༌ ཅུས༌ངན༌གུན༌ གྱུས༌སོང༌། ཏེ༌གུན༌ ཚན༌ཉིན༌ མེད༌པ༌ གྱལ༌སའེ༌ སྒོ༌གུན༌ནི༌ཀ༌ ཁོང༌ སད༌ཅེས༌ལ༌ སྲུངས༌ཏེ༌ དུག༌གད༌པིན༌། 25 ཨིན༌ནའང༌ ས༌འུལ༌ལི༌ ལོབ༌ཕྲུགས༌གུན༌ནི༌ ཁོང༌ ཚན༌ལ༌ ཙེ༌པོ༌ཞིག༌གི༌ ནང༌ང༌ གྱངས༌ཏེ༌ གྱལ༌སའེ༌ རྩིག༌པའེ༌ * 9:25 སྔུན༌མའེ༌ ཏུས༌ལ༌ གྱལ༌ས༌ ཚང༌མ༌ གྲ༌འོའེ༌ ཇིགས༌པ༌ནེ༌ སྐྱོབ༌ཅེས༌ལ༌ གྱང༌ ཐོན༌པོ༌ སྐོར༌ཏེ༌ ཡོང༌ངད༌ཀྱག༌། ནང༌ང༌ ཡོད༌ཁན༌ནི༌ ཀར༌ཁུང༌ཞིག༌ནེ༌ ཐུར༌ལ༌ ཕབས༌།
26 ཁོང༌ ཡེ༌རུ༌ཤ༌ལེམ༌མ༌ ལེབ༌བ༌ཅིག༌, ལོབ༌ཕྲུགས༌གུན༌ ཉམ༌པོ༌ དུག༌ཅེས༌སི༌ རྩོན༌གྲུས༌ ཅོས༌, ཨིན༌ནའང༌ ཁོང༌ ཚང༌མ༌ ཇིགས༌ ཅིའ༌ཟེར༌ན༌, ས༌འུལ༌ དེན༌བ༌ མ༌ཤི༌ཀའེ༌ ལོབ༌ཕྲུགས༌ གྱུར༌ཏེ༌ ཨིན༌ཁན༌བོའེ༌ཀ༌ ཁོང༌གུན༌ དེན༌ མ༌ཤེས༌། 27 ཨིན༌ནའང༌ བཱར༌ན༌བས༌ ཟེར༌ཁན༌བོའེ༌, ས༌འུལ༌ ཁོང༌རང༌ ཉམ༌པོ༌ སྐུ༌ཚབས༌གུན༌ནི༌ ཕྲོའ༌ ཁྲིད༌ཏེ༌ ཁྱོངས༌། བཱར༌ན༌བས༌སི༌ ཁོང༌གུན༌ལ༌ ཟེརས༌, ས༌འུལ༌ ལམ༌ནེ༌ ཆེན༌ ཡོད༌ ཟ༌ནེ༌ གཙོ༌བོ༌ ཇལ༌ཏེ༌ ཁོ༌ ཉམ༌པོ༌ ཞལ༌ཏའ༌ ཛད༌ཁན༌ ཡང༌ ཀ༌ཟུག༌ ཧམ༌པ༌ ཉམ༌པོ༌ དཱ༌མེས༌ཁས༌སི༌ ནང༌ང༌ ཁོང༌ངི༌ ཡེ༌ཤུའི༌ སྤང༌པོ༌ ཏངས༌ཁན༌གུན༌ནི༌ སྐོར༌ལ༌ ཤདས༌། 28 ས༌འུལ༌ སྐུ༌ཚབས༌གུན༌ ཉམ༌པོ༌ དུགས༌, ཡང༌ ཡེ༌རུ༌ཤ༌ལེམ༌ གང༌པོའེ༌ ནང༌ང༌ ཧམ༌པ༌ ཉམ༌པོ༌ གཙོ༌བོའེ༌ སྐོར༌ལ༌ ཤད༌ཨིན༌ གྲུལས༌། 29 ཁོང༌ངི༌ གིརིས༌སི༌ སྐད༌ ཏང༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ ཉམ༌པོའང༌ གྲོས༌དུར༌ ཅོའད༌པིན༌, ཨིན༌ནའང༌ ཏེ༌གུན༌ནི༌ ཁོང༌ སད༌ཅེས༌སི༌ རྩོན༌གྲུས༌ ཅོས༌། 30 ཏད༌པ༌ཅན༌གུན༌ལ༌ ཏེ༌བོ༌ གྱུས༌ཆའ༌ཅིག༌, ཁོང༌གུན༌ ཡོངས༌ཏེ༌ ས༌འུལ༌ ཀཱེ༌སར༌རིའ༌ གྱལ༌ས༌ ཁྱེར༌ཏེ༌ ཏར༌སས༌སི༌ གྲོང༌ཁྱེར༌ལ༌ ལམ༌ཅུགས༌།
31 ཏེ༌ནེ༌ ཡ༌ཧུ༌དཱ༌, གཱ༌ལིལ༌ལི༌ དང༌ ས༌མར༌རི༌ཡཱ༌ ཡུལ༌ གང༌པོའེ༌ ནང༌ང༌ ཡོད༌ཁན༌ནི༌ ཆོས༌ཚོགས༌གུན༌ལ༌ རྡུག༌ངལ༌ མ༌ཐོང༌ང༌ ཞི༌དེ༌ ཡོད༌པིན༌། དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ ཁོང༌གུན༌ལ༌ ཤེད༌ དང༌ སྤོས༌པ༌ ཐོབ༌, ཡང༌ གཙོ༌བོའེ༌ ཇིགས༌ དང༌ རྩི༌ཝའེ༌ ནང༌ང༌ མི༌ཚེ༌ ཕུད༌ཅེས༌པོའེ༌ ཁོང༌གུན༌ནི༌ ཀྲངས༌ཀ༌ གྱས༌ཨིན༌ སོང༌།
ཨེ༌ནི༌ཡཱས༌ དང༌ ཏ༌བི༌ཏའ༌།
9:32 ནེ༌ 43
32 པི༌ཏྲར༌ ནས༌ས༌ ཅིག༌ནེ༌ ཅིག༌ག༌ ཆའ༌ ཟ༌ནེ༌, ཁོང༌ ལིད༌དཱ༌ གྲོང༌ཁྱེར༌རི༌ ནང༌ང༌ དུག༌ཁན༌ནི༌ ཏད༌པ༌ཅན༌གུན༌ནི༌ ཕྲོའ༌ ལེབ༌། 33 ཏེ༌རུ༌ ཁོང༌ང༌ ཨེ༌ནི༌ཡཱས༌ ཟེར༌ཁན༌ནི༌ མི༌ཞིག༌ ཐུག༌ ཀ༌བོའ༌ ཟའ༌ཕོག༌ཏེ༌ གྲུལ༌ མ༌ཉན༌ན༌ མལ༌ཙའེ༌ཀ༌ དུགས༌ཏེ༌ ལོ༌ རྒྱད༌ ཆའད༌པིན༌། 34 ཏེ༌ནེ༌ པི༌ཏྲར༌རི༌ ཁོའ༌, "ཨེ༌ནི༌ཡཱས༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཁྱོ༌རང༌ ཕན༌ཅུག༌ག༌ ཛད༌ཏེ༌ ཨིན༌; ཏ༌ ལོངས༌, རང༌ངི༌ མལ༌ཙ༌ སྲིལ༌" མོལ༌པ༌ ཁོ༌ ཏེན༌ན༌མལ༌ལ༌ ཀོའག༌ ལངས༌། 35 ཏེ༌ མི༌ ཐོང༌ཁན༌ ལིད༌དཱ༌པ༌ དང༌ ཤ༌རོན༌པ༌ ཚང༌མའེ༌ གཙོ༌བོའེ༌ཀ༌ ཏད༌པ༌ ཁྱོངས༌།
36 ཡོ༌པའ༌ གྲོང༌ཁྱེར༌རི༌ ནང༌ང༌ ཏ༌བི༌ཏའ༌ ༼གིརིས༌སི༌ སྐད༌དི༌ ནང༌ང༌ དོར༌ཀས༌༽ ཟེར༌ཁན༌ནི༌ ཏད༌པ༌ཅན༌ནི༌ བུ༌མོ༌ཞིག༌ ཡོད༌པིན༌། ཁོའེ༌ ཏུས༌གྱུན༌ ལས༌ ཟང༌པོ༌ དང༌ ཉལ༌བ༌ཅན༌ གུན༌ལ༌ རོགས༌ ཅོའད༌པིན༌། 37 པི༌ཏྲར༌ ལིད༌དཱའེ༌ ནང༌ང༌ ཡོད༌ཏུས༌, ཏེ༌ བུ༌མོ༌བོའ༌ ཟུ༌མོ༌ སྲན༌ཏྲེ༌ ཡོངས༌ཏེ༌ ཤི༌, ཡང༌ ཁོའེ༌ ཟུགས༌པོ༌ ཁྲུས༌ཏེ༌ སྟང༌ཐོག༌གི༌ ནང༌ཞིག༌གི༌ ནང༌ང༌ བོརས༌། 38 ལིད༌དཱ༌ གྲོང༌ཁྱེར༌བོ༌ ཡོ༌པའ༌ནེ༌ ཉེ༌མོ༌ ཡོད༌པ༌, ལོབ༌ཕྲུགས༌གུན༌ལ༌ པི༌ཏྲར༌ ལིད༌དཱ༌ ཡོད༌ཁན༌བོ༌ ཚོར༌ཏེ༌, ཁོང༌གུན༌ནི༌ པི༌ཏྲར༌རི༌ཀ༌ མི༌ ཉིས༌, "ཐུག༌རྗེ༌ ཛད༌ཏེ༌ འི༌རུ༌ གྱོགས༌པ༌ སྐྱོད༌ད༌ ཛད༌" ཞུའ༌ལ༌ ལམ༌ཅུགས༌།
39 པི༌ཏྲར༌ ཏེ༌ མི༌ ཉིས༌ཀོ༌ ཉམ༌པོ༌ སྐྱོདས༌ ཡང༌ ཁོང༌ ཏེ༌རུ༌ ལེབ༌བ༌ཅིག༌, མི༌གུན༌ནི༌ ཁོང༌ སྟང༌ཐོག༌གི༌ ནང༌བོའེ༌ ནང༌ང༌ ཁྱེརས༌། ཏེ༌རུ༌ ཨ༌ནེ༌ མ༌རང༌མོ༌ ཚང༌མ༌ ངུ༌ཨིན༌, དོར༌ཀས༌ ཁོང༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌ ཁོའེ༌ ཙེམས༌ཁན༌ནི༌ ཀོས༌ལག༌གུན༌ པི༌ཏྲར༌ལ༌ སྟནས༌།
40 པི༌ཏྲར༌རི༌ ཏེ༌ ནང༌ངི༌ ནང༌ང༌ ཡོད༌ཁན༌ ཚང༌མ༌ ཕི༌ལོག༌ག༌ ཕིངས༌, ཡང༌ པིག༌དོང༌ ཙུགས༌ཏེ༌ མོས༌ལམ༌ ཞུའ༌ ཛདས༌། ཏེ༌ནེ༌ ཤི༌ཁན༌ནི༌ ཟུགས༌པོའེ༌ ཆོགས༌ལ༌ ལྟས༌ཏེ༌, "ཏ༌བི༌ཏའ༌ ལོངས༌" མོལས༌། ཏ༌བི༌ཏའེ༌ རང༌ངི༌ མིག༌ ཕེས༌ ཡང༌ པི༌ཏྲར༌ ཐོང༌ཏེ༌ ལངས༌། 41 པི༌ཏྲར༌རི༌ ལག༌པ༌ ཐམས༌ཏེ༌ ཁོ༌ རྐང༌པའེ༌ཀ༌ ལང༌ ཅུག༌ག༌ ཛདས༌། ཏེ༌ནེ༌ ཏད༌པ༌ཅན༌ དང༌ ཨ༌ནེ༌ མ༌རང༌མོ༌ གུན༌ བོད༌ཏེ༌ ཏ༌བི༌ཏའ༌ སོན༌ཏེའ༌ ཨིན༌ཁན༌བོ༌ ལྟན༌ན༌ ཛདས༌། 42 འི༌ སྐོར༌རི༌ ནས༌ཚུལ༌གུན༌ ཡོ༌པའ༌ གྲོང༌ཁྱེར༌ གང༌པོའེ༌ ནང༌ང༌ ཁྱེབས༌, ཡང༌ མི༌ མང༌པོའེ༌ གཙོ༌བོའེ༌ཀ༌ ཏད༌པ༌ ཁྱོངས༌། 43 པི༌ཏྲར༌ ཞག༌བན༌ཤིག༌ ཡོ༌པའེ༌ ནང༌ང༌ ཤི༌མོན༌ ཀོ༌འ༌ ཉེ༌ཁན༌ནི༌ ཁང༌པ༌ དུགས༌།

*9:25 9:25 སྔུན༌མའེ༌ ཏུས༌ལ༌ གྱལ༌ས༌ ཚང༌མ༌ གྲ༌འོའེ༌ ཇིགས༌པ༌ནེ༌ སྐྱོབ༌ཅེས༌ལ༌ གྱང༌ ཐོན༌པོ༌ སྐོར༌ཏེ༌ ཡོང༌ངད༌ཀྱག༌།