ལེའུ་དྲུག་པ།
ལེ་ཝིའི་ཚོ་པ།
ལེ་ཝིའི་བུ་ནི་གེར་ཤོན་དང་། ཀོ་ཧད། མཱ་རཱ་རེའེ་བཅས་ཡིན། ཀོ་ཧད་ཀྱི་བུ་རྣམས་ནི་ཨམ་རམ་དང་། ཡེས་ཧར། ཧེབ་རོན། ཨུ་ཟི་ཨེལ་བཅས་ཡིན། ཨམ་རམ་གྱི་བུ་དང་བུ་མོ་ནི་ཨ་རོན་དང་། མོ་ཤེ། མིར་ཡམ་བཅས་ཡིན། ཨ་རོན་གྱི་བུ་ནི་ནཱ་དབ་དང་། ཨ་བི་ཧུ། ཨེ་ལི་ཨ་ཟར། ཨི་ཐ་མཱར་བཅས་ཡིན། ཨེ་ལི་ཨ་ཟར་ལས་ཕི་ནེ་ཧེ་དང་། ཕི་ནེ་ཧེ་ལས་ཨ་བི་ཤུ་ཨ་མཆེད། ཨ་བི་ཤུ་ཨ་ལས་པུག་ཀི་དང་། པུག་ཀི་ལས་ཨུ་ཟི་མཆེད། ཨུ་ཟི་ལས་ཟེ་རཱ་ཡཱ་དང་། ཟེ་རཱ་ཡཱ་ལས་མེ་ར་ཡོད་མཆེད། མེ་ར་ཡོད་ལས་ཨ་མར་ཡཱ་དང་། ཨ་མར་ཡཱ་ལས་ཨ་ཧི་ཏུབ་མཆེད། ཨ་ཧི་ཏུབ་ལས་ཟཱ་ཏོག་དང་། ཟཱ་ཏོག་ལས་ཨ་ཧི་མཱ་ཨ་སི་མཆེད། ཨ་ཧི་མཱ་ཨ་སི་ལས་ཨ་ཟར་ཡཱ་དང་། ཨ་ཟར་ཡཱ་ལས་ཡོ་ཧ་ནན་མཆེད། 10 ཡོ་ཧ་ནན་ལས་ཨ་ཟར་ཡཱ་མཆེད། ཨ་ཟར་ཡཱ་ནི་སོ་ལོ་མོན་གྱིས་བཞེངས་པའི་ཡེ་རུ་སཱ་ལེམ་གྱི་མཆོད་ཁང་དུ་མཆོད་དཔོན་བྱས་པ་ཡིན། 11 ཨ་ཟར་ཡཱ་ལས་ཨ་མར་ཡཱ་དང་། ཨ་མར་ཡཱ་ལས་ཨ་ཧི་ཏུབ་མཆེད། 12 ཨ་ཧི་ཏུབ་ལས་ཟཱ་ཏོག་དང་། ཟཱ་ཏོག་ལས་ཤལ་ལུམ་མཆེད། 13 ཤལ་ལུམ་ལས་ཧིལ་ཀི་ཡཱ་དང་། ཧིལ་ཀི་ཡཱ་ལས་ཨ་ཟར་ཡཱ་མཆེད། 14 ཨ་ཟར་ཡཱ་ལས་སེ་ར་ཡཱ་དང་། སེ་ར་ཡཱ་ལས་ཡེ་ཧོ་ཙ་དག་མཆེད། 15 དཀོན་མཆོག་ཡ་ཝཱེས་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་གཉིས་ནི་ནེ་བོ་ཀད་ནེ་ཙར་བརྒྱུད་ནས་མཐར་སྤྱུག་པའི་ཚེ་ན། ཡེ་ཧོ་ཙ་དག་ཀྱང་བཙན་གྱིས་ཁྲིད་པ་ཡིན།
16 ལེ་ཝིའི་བུ་ནི་གེར་ཤོན་དང་། ཀོ་ཧད། མཱ་རཱ་རེའེ་བཅས་ཡིན་ཞིང་། 17 གེར་ཤོན་གྱི་བུ་ཡི་མིང་ལ་ལིབ་ནིས་དང་ཤིམ་ཨི་ཞེས་བྱའོ། ། 18 ཀོ་ཧད་ཀྱི་བུ་རྣམས་ནི་ཨམ་རམ་དང་། ཡེས་ཧར། ཧེབ་རོན། ཨུ་ཟི་ཨེལ་བཅས་ཡིན། 19 མཱ་རཱ་རེའེ་ཡི་བུ་ནི་མཱ་ལི་དང་མུ་ཤི་ཡིན། གོང་གི་འདི་དག་ནི་ལེ་ཝི་པའི་རུས་རྒྱུད་སོ་སོའི་ཁྱིམ་རྒྱུད་རྣམས་ཡིན་ནོ། ། 20 གེར་ཤོན་གྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། གེར་ཤོན་གྱི་བུ་ནི་ལིབ་ནིས་དང་། ལིབ་ནིས་ཀྱི་བུ་ནི་ཡ་ཧད། ཡ་ཧད་ཀྱི་བུ་ནི་ཟིམ་མཱ། 21 ཟིམ་མཱའི་བུ་ནི་ཡོ་ཨག ཡོ་ཨག་གི་བུ་ནི་ཨིད་དོ། ཨིད་དོའི་བུ་ནི་ཟེ་རག ཟེ༌རག་གི་བུ་ནི་ཡེ་ཨ་ཐེ་ར་ཨི་ཡིན་ནོ། ། 22 ཀོ་ཧད་ཀྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། ཀོ་ཧད་ཀྱི་བུ་ནི་ཨ་མི་ནཱ་དབ་དང་། ཨ་མི་ནཱ་དབ་ཀྱི་བུ་ནི་ཀོ་རཱག ཀོ་རཱག་གི་བུ་ནི་ཨ་སིར། 23 ཨ་སིར་གྱི་བུ་ནི་ཨེལ་ཁ་ནཱ། ཨེལ་ཁ་ནཱའི་བུ་ནི་ཨེ་བི་ཡ་སབ། ཨེ་བི་ཡ་སབ་ཀྱི་བུ་ནི་ཨ་སིར། 24 ཨ་སིར་གྱི་བུ་ནི་ཐ་ཧད། ཐ་ཧད་ཀྱི་བུ་ནི་ཨུ་རི་ཨེལ། ཨུ་རི་ཨེལ་གྱི་བུ་ནི་ཨུ་ཟི་ཡཱ། ཨུ་ཟི་ཡཱའི་བུ་ནི་ཤ་ཨུལ་ཡིན་པའོ། ། 25 ཨེལ་ཁ་ནཱ་ཡི་བུ་ནི་ཨ་མ་སཱ་ཨི་དང་ཨ་ཧི་མོད་ཡིན། 26 ཨ་ཧི་མོད་ཀྱི་བུ་ནི་ཨེལ་ཁ་ནཱ་ཡིན་ལ། ཨེལ་ཁ་ནཱའི་བུ་ནི་ཟོ་ཕཱ་ཨི། ཟོ་ཕཱ་ཨི་ཡི་བུ་ནི་ནཱ་ཧད་ཡིན། 27 ནཱ་ཧད་ཀྱི་བུ་ནི་ཨེ་ལི་ཨབ། ཨེ་ལི་ཨབ་ཀྱི་བུ་ནི་ཡེ་རོ་ཧམ། ཡེ་རོ་ཧམ་གྱི་བུ་ནི་ཨེལ་ཁ་ནཱ། ཨེལ་ཁ་ནཱའི་བུ་ནི་སཱ་མུ་ཨེལ་ཡིན་ནོ། ། 28 སཱ་མུ་ཨེལ་གྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། བུ་སྐྱེས་འགོ་ཡོ་ཨེལ་དང་བུ་གཉིས་པ་ཨ་བི་ཡཱ་ཡིན། 29 མཱ་རཱ་རེའེ་ཡི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། མཱ་རཱ་རེའེ་ཡི་བུ་ནི་མཱ་ལི། མཱ་ལིའི་བུ་ནི་ལུབ་ནིས། ལུབ་ནིས་ཀྱི་བུ་ནི་ཤིམ་ཨི། ཤིམ་ཨི་ཡི་བུ་ནི་ཨུ་ཟཱ། 30 ཨུ་ཟཱའི་བུ་ནི་ཤི་མེ་ཨ། ཤི་མེ་ཨ་ཡི་བུ་ནི་ཧག་གི་ཡཱ། ཧག་གི་ཡཱ་ཡི་བུ་ནི་ཨ་ས་ཡཱ་ཡིན་པའོ། །
31 ཞལ་ཆད་ཀྱི་ཤུར་སྒམ་གདན་ཆགས་པའི་རྗེས་སུ། དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་སུ་མགུར་བླངས་ནས་ཞབས་ཕྱི་བྱེད་པར་བསྐོས་པ་འདི་དག་ཡིན་ཏེ། 32 སོ་ལོ་མོན་གྱིས་ཡེ་རུ་སཱ་ལེམ་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེང་བའི་བར་དུ། ཁོ་ཚོས་ལས་ཚན་བཞིན་དུ་མཇལ་འཕྲད་གུར་མཆོག་གི་གནས་ཀྱི་མདུན་དུ་མགུར་ལེན་པའི་ཞབས་ཏོག་བསྒྲུབས་ཤིང་། ལས་རེས་བཞིན་དུ་རང་རང་གི་ལས་འགན་ཁུར་བའོ། ། 33 ལས་འགན་འཁུར་མཁན་རྣམས་དང་ཁོ་རྣམས་ཀྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། ཀོ་ཧད་པའི་བུ་རབས་ཚ་རྒྱུད་ཀྱི་ཁྲོད་དུ་མགུར་ལེན་མཁན་ཧེ་མཱན་ཡོད་ཅིང་། ཧེ་མཱན་ནི་ཡོ་ཨེལ་གྱི་བུ་ཡིན་པ་དང་། ཡོ་ཨེལ་ནི་སཱ་མུ་ཨེལ་གྱི་བུ་ཡིན། 34 སཱ་མུ་ཨེལ་ནི་ཨེལ་ཁ་ནཱའི་བུ་ཡིན་པ་དང་། ཨེལ་ཁ་ནཱ་ནི་ཡེ་རོ་ཧམ་གྱི་བུ་ཡིན་ཞིང་། ཡེ་རོ་ཧམ་ནི་ཨེ་ལི་ཨེལ་གྱི་བུ་ཡིན་ལ། ཨེ་ལི་ཨེལ་ནི་ཐོ་ཨ་ཡི་བུ་ཡིན་ནོ། ། 35 ཐོ་ཨ་ནི་ཙུབ་ཀྱི་བུ་ཡིན་པ་དང་། ཙུབ་ནི་ཨེལ་ཁ་ནཱའི་བུ་ཡིན་ཞིང་། ཨེལ་ཁ་ནཱ་ནི་མ་ཧད་ཀྱི་བུ་ཡིན་ལ། མ་ཧད་ནི་ཨ་མ་སཱ་ཨི་ཡི་བུ་ཡིན་ནོ། ། 36 ཨ་མ་ས་ཨི་ནི་ཨེལ་ཁ་ནཱའི་བུ་ཡིན་པ་དང་། ཨེལ་ཁ་ནཱ་ནི་ཡོ་ཨེལ་གྱི་བུ་ཡིན་ཞིང་། ཡོ་ཨེལ་ནི་ཨ་ཟར་ཡཱའི་བུ་ཡིན་ལ། ཨ་ཟར་ཡཱ་ནི་ཙེ་ཕན་ཡཱའི་བུ་ཡིན་ནོ། ། 37 ཙེ་ཕན་ཡཱ་ནི་ཐ་ཧད་ཀྱི་བུ་ཡིན་པ་དང་། ཐ་ཧད་ནི་ཨ་སིར་གྱི་བུ་ཡིན་ཞིང་། ཨ་སིར་ནི་ཨེ་བི་ཡ་སབ་ཀྱི་བུ་ཡིན་ལ། ཨེ་བི་ཡ་སབ་ནི་ཀོ་རཱག་གི་བུ་ཡིན་ནོ། ། 38 ཀོ་རཱག་ནི་ཡེས་ཧར་གྱི་བུ་ཡིན་པ་དང་། ཡེས་ཧར་ནི་ཀོ་ཧད་ཀྱི་བུ་ཡིན་ཞིང་། ཀོ་ཧད་ནི་ལེ་ཝིའི་བུ་ཡིན་ལ། ལེ་ཝི་ནི་ཡེས་ར་ཨེལ་གྱི་བུ་ཡིན་ནོ། ། 39 ཡང་ཧེ་མཱན་གྱི་སྤུན་ཨ་སབ་སྟེ། ཧེ་མཱན་གྱི་གཡས་སུ་འགྲེང་སྟེ་ལས་འགན་སྒྲུབ་པའི་ཨ་སབ་ནི་པེ་རེག་ཡཱའི་བུ་ཡིན་ལ། པེ་རེག་ཡཱ་ནི་ཤི་མེ་ཨ་ཡི་བུ་ཡིན། 40 ཤི་མེ་ཨ་ནི་མེའ་ཀཱ་ཨེལ་གྱི་བུ་ཡིན་པ་དང་། མེའ་ཀཱ་ཨེལ་ནི་པ་ཨ་སེ་ཡཱ་ཡི་བུ་ཡིན་ལ། པ་ཨ་སེ་ཡཱ་ནི་མལ་ཀི་ཡཱའི་བུ་ཡིན་ནོ། ། 41 མལ་ཀི་ཡཱ་ནི་ཨེད་ནི་ཡི་བུ་ཡིན་པ་དང་། ཨེད་ནི་ནི་ཟེ༌རག་གི་བུ་ཡིན་ལ། ཟེ༌རག་ནི་ཨ་དཱ་ཡའི་བུ་ཡིན་ནོ། ། 42 ཨ་དཱ་ཡ་ནི་ཨེ་ཐན་གྱི་བུ་ཡིན་པ་དང་། ཨེ་ཐན་ནི་ཟིམ་མཱ་ཡི་བུ་ཡིན་ལ། ཟིམ་མཱ་ནི་ཤིམ་ཨི་ཡི་བུ་ཡིན་ནོ། ། 43 ཤིམ་ཨི་ནི་ཡ་ཧད་ཀྱི་བུ་ཡིན་པ་དང་། ཡ་ཧད་ནི་གེར་ཤོན་གྱི་བུ་ཡིན་ལ། གེར་ཤོན་ནི་ལེ་ཝིའི་བུ་ཡིན་ནོ། ། 44 ཡང་ཧེ་མཱན་དང་ཨ་སབ་ཀྱི་སྤུན་མཱ་རཱ་རེའེ་ཡི་བུ་རབས་ཚ་རྒྱུད་དེ། ཁོ་རྣམས་ཀྱི་གཡོན་དུ་ལས་འགན་སྒྲུབ་མཁན་ཨེ་ཐན་ཡོད་ཅིང་། ཨེ་ཐན་ནི་ཀི་ཤིའི་བུ་ཡིན་པ་དང་། ཀི་ཤི་ནི་ཨབ་དིའི་བུ་ཡིན་ལ། ཨབ་དི་ནི་མལ་ལུག་གི་བུ་ཡིན། 45 མལ་ལུག་ནི་ཧ་ཤབ་ཡཱ་ཡི་བུ་ཡིན་པ་དང་། ཧ་ཤབ་ཡཱ་ནི་ཨ་མཱ་ཙི་ཡའི་བུ་ཡིན་ལ། ཨ་མཱ་ཙི་ཡ་ནི་ཧིལ་ཀི་ཡཱའི་བུ་ཡིན། 46 ཧིལ་ཀི་ཡཱ་ནི་ཨམ་ཟིའི་བུ་ཡིན་པ་དང་། ཨམ་ཟི་ནི་པཱ་ནིའི་བུ་ཡིན་ལ། པཱ་ནི་ནི་ཤེ་མེར་གྱི་བུ་ཡིན། 47 ཤེ་མེར་ནི་མཱ་ལིའི་བུ་ཡིན་པ་དང་། མཱ་ལི་ནི་མུ་ཤིའི་བུ་ཡིན་ཞིང་། མུ་ཤི་ནི་མཱ་རཱ་རེའེ་ཡི་བུ་ཡིན་ལ། མཱ་རཱ་རེའེ་ནི་ལེ་ཝིའི་བུ་ཡིན་ནོ། ། 48 དེ་དག་གི་གཉེན་ཉེ་ལེ་ཝི་པ་རྣམས་ནི་དཀོན་མཆོག་གི་བཞུགས་གནས་ཡིན་པའི་གུར་མཆོག་ནང་དུ་ཞབས་ཏོག་ཐམས་ཅད་བསྒྲུབ་པར་བསྐོས་པའོ། །
49 དཀོན་མཆོག་གི་ཞབས་ཕྱི་མོ་ཤེས་བཀའ་བསྩལ་པ་བཞིན་དུ། ཨ་རོན་དང་དེའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་སྦྱིན་སྲེག་གི་མཆོད་ཁྲི་དང་། སྤོས་ཁྲིའི་ཁར་མཆོད་པ་འབུལ་ཞིང་སྤོས་བསྒྲོན་པ་དང་། གནས་དམ་མཆོག་གི་ཞབས་ཏོག་ཐམས་ཅད་བསྒྲུབས་ནས། ཡེས་ར་ཨེལ་པ་རྣམས་ཀྱི་དོན་དུ་སྡིག་བཤགས་བྱེད་པ་ཡིན་ནོ། ། 50 ཨ་རོན་གྱི་བུ་རབས་ཚ་རྒྱུད་རྣམས་ནི་འདི་ལྟ་སྟེ། ཨ་རོན་གྱི་བུ་ནི་ཨེ་ལི་ཨ་ཟར་ཡིན་པ་དང་། ཨེ་ལི་ཨ་ཟར་གྱི་བུ་ནི་ཕི་ནེ་ཧེ་དང་། ཕི་ནེ་ཧེ་ཡི་བུ་ནི་ཨ་བི་ཤུ་ཨ་ཡིན། 51 ཨ་བི་ཤུ་ཨ་ཡི་བུ་ནི་པུག་ཀི་ཡིན་པ་དང་། པུག་ཀིའི་བུ་ནི་ཨུ་ཟི་ཡིན་ལ། ཨུ་ཟིའི་བུ་ནི་ཟེ་རཱ་ཡཱ་ཡིན། 52 ཟེ་རཱ་ཡཱ་ཡི་བུ་ནི་མེ་ར་ཡོད་ཡིན་པ་དང་། མེ་ར་ཡོད་ཀྱི་བུ་ནི་ཨ་མར་ཡཱ་ཡིན་ལ། ཨ་མར་ཡཱའི་བུ་ནི་ཨ་ཧི་ཏུབ་ཡིན། 53 ཨ་ཧི་ཏུབ་ཀྱི་བུ་ནི་ཟཱ་ཏོག་ཡིན་པ་དང་། ཟཱ་ཏོག་གི་བུ་ནི་ཨ་ཧི་མཱ་ཨ་སི་ཡིན་ནོ། །
54 ཡང་ཁོ་རྣམས་ཀྱི་མངའ་ཁོངས་སུ་ཁོ་རྣམས་སྒར་ས་བཞིན་གནས་པའི་ཡུལ་རྣམས་ནི་འདི་ལྟར། ཀོ་ཧད་པའི་ཁྲོད་ཨ་རོན་གྱི་བུ་རབས་ཚ་རྒྱུད་ཀྱིས་རྒྱན་བླངས་ནས་ཐོབ་པ་ཡིན་ཏེ། 55 ཡེས་ར་ཨེལ་པ་རྣམས་ཀྱིས་ཡ་ཧུ་དཱའི་ཡུལ་གྱི་ཧེབ་རོན་དང་དེའི་མཐའ་འཁོར་གྱི་རྩྭ་ས་དག་ཁོ་རྣམས་ལ་སྤྲད་ཀྱང་། 56 གྲོང་ཁྱེར་དེའི་ཞིང་ས་དང་དེར་གཏོགས་པའི་གྲོང་ཚོ་རྣམས་ནི་ཡེ་ཕུན་ནེའི་བུ་ཀཱ་ལེབ་ལ་སྤྲད་པའོ། ། 57 ཡེས་ར་ཨེལ་པ་རྣམས་ཀྱིས་སྐྱབས་བཅོལ་གྲོང་ཁྱེར་ཏེ་ཧེབ་རོན་ནི་ཨ་རོན་གྱི་བུ་རབས་ཚ་རྒྱུད་རྣམས་ལ་སྤྲད་པ་དང་། ཡང་ལིབ་ནཱ་དང་དེའི་རྩྭ་ས་དང་། ཡད་ཏིར་དང་དེའི་རྩྭ་ས། ཨེ་སི་ཏེ་མོ་ཨ་དང་དེའི་རྩྭ་ས། 58 ཧི་ལོན་དང་དེའི་རྩྭ་ས། དི་བིར་དང་དེའི་རྩྭ་ས། 59 ཨ་ཤན་དང་དེའི་རྩྭ་ས། པེད་ཤེ་མེ་སི་དང་དེའི་རྩྭ་ས་བཅས་ཀྱང་ཡོད་དོ། ། 60 ཡང་པེན་ཡཱ་མེན་ཚོ་པ་ལས། གེ་བཱ་དང་དེའི་རྩྭ་ས་དང་། ཨལ་ལེ་མེད་དང་དེའི་རྩྭ་ས། ཨ་ན་ཐོད་དང་དེའི་རྩྭ་ས་བཅས་ཀྱང་ཨ་རོན་གྱི་བུ་རབས་ཚ་རྒྱུད་རྣམས་ལ་སྤྲད་པ་དང་། དེ་དག་གི་རིགས་རྒྱུད་སོ་སོར་བསྡོམས་པས་གྲོང་ཁྱེར་བཅུ་གསུམ་ཐོབ་པ་ཡིན། 61 ཡང་ཀོ་ཧད་པའི་ཁྱིམ་རྒྱུད་ལྷག་ལུས་རྣམས་ཀྱི་བུ་རབས་ཚ་རྒྱུད་རྣམས་ལ་རྒྱན་འཕངས་པ་དང་། མཱ་ན་ཤེའི་ཚོ་པ་ཕྱེད་ཀ་ལས་གྲོང་ཁྱེར་བཅུ་ཐོབ་བོ། ། 62 ཡང་གེར་ཤོན་གྱི་བུ་རབས་ཚ་རྒྱུད་རྣམས་ལ་རང་གི་ཁྱིམ་རྒྱུད་བཞིན་དུ། ཡེས་སི་ཀཱར་གྱི་ཚོ་པ་དང་། ཨ་ཤེར་གྱི་ཚོ་པ། ནཱབ་ཐ་ལིའི་ཚོ་པ། པཱ་ཤན་ལ་གནས་པའི་མཱ་ན་ཤེའི་ཚོ་པ་བཅས་ལས་གྲོང་ཁྱེར་བཅུ་གསུམ་ཐོབ་བོ། ། 63 ཡང་མཱ་རཱ་རེའེ་ཡི་བུ་རབས་ཚ་རྒྱུད་རྣམས་ལ་རྒྱན་འཕངས་ནས། རང་གི་ཁྱིམ་རྒྱུད་བཞིན་དུ། རུ་བེན་གྱི་ཚོ་པ་དང་། གཱ་རྡུའི་ཚོ་པ། ཟེ་བུ་ལུན་གྱི་ཚོ་པ་བཅས་ལས་གྲོང་ཁྱེར་བཅུ་གཉིས་ཐོབ་བོ། ། 64 ཡེས་ར་ཨེལ་པ་རྣམས་ཀྱིས་གྲོང་ཁྱེར་དེ་དག་དང་དེའི་རྩྭ་ས་བཅས་ནི་ལེ་ཝི་པ་རྣམས་ལ་བགོས་པ་དང་། 65 ཡང་ཡ་ཧུ་དཱའི་ཚོ་པ་དང་། སི་མུ་ཨོན་གྱི་ཚོ་པ་དང་། པེན་ཡཱ་མེན་གྱི་ཚོ་པ་བཅས་ལས་རྒྱན་བླངས་ནས་གོང་གི་མིང་བརྗོད་ཟིན་པའི་གྲོང་ཁྱེར་ཡང་དེ་རྣམས་ལ་སྤྲད། 66 ཡང་ཀོ་ཧད་ཀྱི་བུ་རབས་ཚ་རྒྱུད་དག་གི་ཁྱིམ་རྒྱུད་ཁྲོད་ཀྱི་འགའ་ཤས་ལ་ཨེ་ཕཱར་ཡིམ་གྱི་ཚོ་པ་ལས་ཀྱང་དེ་དག་མངའ་འོག་གི་གྲོང་ཁྱེར་རྣམས་ཐོབ་བོ། ། 67 ཡེས་ར་ཨེལ་པ་རྣམས་ཀྱིས་ཡང་སྐྱབས་བཅོལ་གྲོང་ཁྱེར་ཏེ། ཨེ་ཕཱར་ཡིམ་གྱི་རི་ཁུལ་གྱི་སི་ཀེམ་དང་དེའི་རྩྭ་ས་རྣམས་དེ་དག་ལ་སྤྲད་པ་དང་། ཡང་གེ་ཟེར་དང་དེའི་རྩྭ་ས་རྣམས་དང་། 68 ཡོག་མེ་ཨམ་དང་དེའི་རྩྭ་ས་རྣམས་དང་། པེད་ཧོ་རོན་དང་དེའི་རྩྭ་ས་རྣམས་དང་། 69 ཨ་ཡཱ་ལོན་དང་དེའི་རྩྭ་ས་རྣམས་དང་། གཱད་རིམ་མོན་དང་དེའི་རྩྭ་ས་རྣམས་ཀྱང་ཡོད་དོ། ། 70 ཡེས་ར་ཨེལ་པ་རྣམས་ཀྱིས་ཡང་མཱ་ན་ཤེའི་ཚོ་པ་ཕྱེད་ཀ་ལས། ཨ་ནེར་དང་དེའི་རྩྭ་ས་རྣམས་དང་། པིལ་ཨམ་དང་དེའི་རྩྭ་ས་རྣམས་ནི་ཀོ་ཧད་པའི་ཁྱིམ་རྒྱུད་འཕྲོ་མ་རྣམས་ལ་སྤྲད་དོ། ། 71 ཡང་མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་ཁྱིམ་རྒྱུད་ལས། པཱ་ཤན་གྱི་གོ་ལན་དང་དེའི་རྩྭ་ས་རྣམས་དང་། ཨ་ཤཱ་ཐ་རོད་དང་དེའི་རྩྭ་ས་རྣམས་གེར་ཤོན་གྱི་བུ་རབས་ཚ་རྒྱུད་ལ་སྤྲད་དོ། ། 72 ཡང་ཡེས་སི་ཀཱར་གྱི་ཚོ་པ་ལས། ཀེ་དེ་སི་དང་དེའི་རྩྭ་ས་རྣམས་དང་། ད་བེ་རད་དང་དེའི་རྩྭ་ས་རྣམས་དང་། 73 རཱ་མོད་དང་དེའི་རྩྭ་ས་རྣམས་དང་། ཨ་ནེམ་དང་དེའི་རྩྭ་ས་རྣམས་དང་། 74 ཨ་ཤེར་གྱི་ཚོ་པ་ལས། མ་ཤལ་དང་དེའི་རྩྭ་ས་རྣམས་དང་། ཨབ་དོན་དང་དེའི་རྩྭ་ས་རྣམས་དང་། 75 ཧུ་ཀོག་དང་དེའི་རྩྭ་ས་རྣམས་དང་། རེ་ཧོབ་དང་དེའི་རྩྭ་ས་རྣམས་དང་། 76 ནཱབ་ཐ་ལིའི་ཚོ་པ་ལས། ག་ལིལ་ཡུལ་ལ་གཏོགས་པའི་ཀེ་དེ་སི་དང་དེའི་རྩྭ་ས་རྣམས་དང་། ཧམ་མོན་དང་དེའི་རྩྭ་ས་རྣམས་དང་། ཀིར་ཡ་ཏ་ཨིམ་དང་དེའི་རྩྭ་ས་རྣམས་ཐོབ་བོ། ། 77 ཟེ་བུ་ལུན་གྱི་ཚོ་པ་ལས། རིམ་མོ་ནོ་དང་དེའི་རྩྭ་ས་རྣམས་དང་། ཐ་པོར་དང་དེའི་རྩྭ་ས་རྣམས་མཱ་རཱ་རེའེ་ཡི་བུ་རྒྱུད་ལྷག་ལུས་རྣམས་ལ་སྤྲད་པ་དང་། 78 ཡང་ཡོར་དན་གཙང་པོའི་ཕ་རོལ་ཏུ། ཡེ་རུ་ཀོ་ཡི་དྲང་ཐད་དེ་ཡོར་དན་གཙང་པོའི་ཤར་ཕྱོགས་སུ། རུ་བེན་གྱི་ཚོ་པ་ལས་དབེན་སྟོང་དུ་ཡོད་པའི་པེ་ཙེར་དང་དེའི་རྩྭ་ས་རྣམས་དང་། ཡ་ཙཱ་དང་དེའི་རྩྭ་ས་རྣམས་དང་། 79 ཀེ་དེ་མོད་དང་དེའི་རྩྭ་ས་རྣམས་དང་། མེ་ཕཱ་ཨད་དང་དེའི་རྩྭ་ས་རྣམས་དང་། 80 གཱ་རྡུའི་ཚོ་པ་ལས། གིལ་ཨད་ཀྱི་རཱ་མོད་དང་དེའི་རྩྭ་ས་རྣམས་དང་། མཱ་ཧ་ནཱ་ཡིམ་དང་དེའི་རྩྭ་ས་རྣམས་དང་། 81 ཧེ་སི་པོན་དང་དེའི་རྩྭ་ས་རྣམས་དང་། ཡཱ་ཟེར་དང་དེའི་རྩྭ་ས་རྣམས་ཐོབ་བོ། །