ལེའུ་གཉིས་པ།
ཡེས་ར་ཨེལ་གྱི་རིགས་རྒྱུད།
ཡེས་ར་ཨེལ་གྱི་བུ་རྣམས་ནི་རུ་བེན་དང་། སི་མུ་ཨོན། ལེ་ཝི། ཡ་ཧུ་དཱ། ཡེས་སི་ཀཱར། ཟེ་བུ་ལུན། དཱན། ཡོ་སེབ། པེན་ཡཱ་མེན། ནཱབ་ཐ་ལི། གཱ་རྡུ། ཨ་ཤེར་བཅས་སོ། །
ཡ་ཧུ་དཱའི་ཚོ་པ།
ཡ་ཧུ་དཱའི་བུ་རྣམས་ནི་ཨེར་དང་། ཨོ་ནན། ཤེ་ལཱ་བཅས་སོ། །བུ་དེ་གསུམ་ནི་ཀ་ན་ཨན་པ་པད་ཤུ་ཨ་བྱ་བའི་བུ་མོ་ལས་མཆེད་པ་དང་། ཡ་ཧུ་དཱའི་བུ་སྐྱེས་འགོ་ཨེར་བྱ་བ་ནི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པར་སྣང་བས། དཀོན་མཆོག་ཡ་ཝཱེས་དེ་འཆི་བར་མཛད་དོ། ། ཡ་ཧུ་དཱའི་མནའ་མ་ཐལ་མཱར་ལས་ཡ་ཧུ་དཱ་ལ་ཕེ་རེལ་ཟི་དང་ཟེ་རག་མཆེད་པ་དང་། ཡ་ཧུ་དཱ་ལ་བསྡོམས་པས་བུ་ལྔ་ཡོད་དོ། ། ཕེ་རེལ་ཟིའི་བུ་ནི་ཧེས་རོན་དང་ཧ་མུལ་གཉིས་ཀ་ཡིན། ཟེ་རག་གི་བུ་རྣམས་ནི་ཟིམ་རི་དང་། ཨེ་ཐན། ཧེ་མཱན། ཀལ་ཀོལ། ད་རཱ་བཅས་ལྔའོ། ། ཀར་མིའི་བུ་རྣམས་ནི་ཨ་ཁན་སོགས་ཡིན་ལ། ཨ་ཁན་གྱིས་དགག་བྱའི་རྫས་ཀྱི་ཐད་སྡིག་པ་བྱས་པས། ཡེས་ར་ཨེལ་པ་རྣམས་སྡུག་ལ་སྦྱར། ཨེ་ཐན་གྱི་བུ་ནི་ཨ་ཟར་ཡཱ་ཡིན་ནོ། །
ཧེས་རོན་ལས་མཆེད་པའི་བུ་རྣམས་ནི་ཡེ་ར་མེ་ཨེལ་དང་། རཱམ། ཀེ་ལུ་བ་ཨི་བཅས་སོ། ། 10 རཱམ་ལས་ཨ་མི་ནཱ་དབ་མཆེད་ཅིང་། ཨ་མི་ནཱ་དབ་ལས་ནཱ་སོན་མཆེད་པ་དང་། ནཱ་སོན་ནི་ཡ་ཧུ་དཱ་པ་རྣམས་ཀྱི་འགོ་དཔོན་ཡིན། 11 ནཱ་སོན་ལས་སཱལ་མོན་དང་། སཱལ་མོན་ལས་པཱོ་ཨ་ཟི་མཆེད། 12 པཱོ་ཨ་ཟི་ལས་ཨོ་བེད་དང་། ཨོ་བེད་ལས་ཡེ་སེ་མཆེད། 13 ཡེ་སེ་ལས་བུ་སྐྱེས་འགོ་ཨེ་ལི་ཨབ་དང་། བུ་གཉིས་པ་ཨ་བི་ནཱ་དབ། བུ་གསུམ་པ་ཤིམ་ཡཱ། 14 བུ་བཞི་པ་ནེ་ཐན་ཨེལ། བུ་ལྔ་པ་རད་ད་ཡི། 15 བུ་དྲུག་པ་ཨོ་ཙེམ། བུ་བདུན་པ་དཱ་བིད་བཅས་མཆེད། 16 དེ་དག་གི་ལྕམ་སྲིང་ནི་ཟེ་རུ་ཡཱ་དང་ཨ་བི་ག་ཡིལ་གཉིས་ཡིན་ནོ། །ཟེ་རུ་ཡཱ་ཡི་བུ་རྣམས་ནི་ཨ་བི་ཤཱ་ཨི་དང་། ཡོ་ཨབ། ཨ་སཱ་ཧེལ་བཅས་བསྡོམས་པས་གསུམ་མོ། ། 17 ཨ་བི་ག་ཡིལ་ལས་ཨ་མ་སཱ་མཆེད་པ་དང་། ཨ་མ་སཱ་ཡི་ཕ་ནི་ཡེས་མ་ཨེལ་པ་ཡེ་ཐེར་བྱ་བ་ཡིན་ནོ། །
18 ཧེས་རོན་གྱི་བུ་ཀཱ་ལེབ་དང་ཁོའི་ཆུང་མ་ཨ་ཟུ་བཱ་གཉིས་ལས་བུ་རྣམས་མཆེད་ཅིང་། ཡང་ཡེ་རི་ཨོད་བྱ་བ་ལས་ཀྱང་བུ་རྣམས་མཆེད་དོ། །ཨ་ཟུ་བཱ་ཡི་བུ་རྣམས་ནི་ཡེ་ཤེར་དང་། ཤོ་བབ། ཨར་དོན་བཅས་ཡིན། 19 ཨ་ཟུ་བཱ་ཚེ་ལས་འདས་པ་དང་། ཀཱ་ལེབ་ཀྱིས་ཡང་ཨེབ་རཱད་ཆུང་མར་བླངས་ཤིང་། ཨེབ་རཱད་ཀྱིས་ཁོ་ལ་ཧུ་རཱ་བཙས། 20 ཧུ་རཱ་ལས་ཨོའུ་རེལ་དང་། ཨོའུ་རེལ་ལས་པི་ཟིད་ཨེལ་མཆེད། 21 དེའི་རྗེས་སུ་ཧེས་རོན་ལོ་དྲུག་ཅུ་ལོན་པ་དང་། ཁོས་གིལ་ཨད་ཀྱི་ཕ་སྟེ་མཱ་ཀིར་གྱི་བུ་མོ་ཆུང་མར་བླངས་ནས་ཁོ་མོར་འགྲོགས་ཤིང་། མོས་ཁོ་ལ་སེ་གུབ་བཙས་སོ། ། 22 སེ་གུབ་ལས་ཡཱ་ཨིར་མཆེད་པ་དང་། ཡཱ་ཨིར་ལ་གིལ་ཨད་ཡུལ་དུ་གྲོང་ཁྱེར་ཉེར་གསུམ་ཡོད་པ་ཡིན། 23 གེ་ཤུར་པ་དང་ཨཱ་རམ་པ་རྣམས་ཀྱིས་ཁོ་རྣམས་ལས་ཡཱ་ཨིར་གྱི་གྲོང་རྡལ་རྣམས་དང་། ཀེ་ནད་དང་དེ་ལ་གཏོགས་པའི་གྲོང་ཚོ་བསྡོམས་པས་དྲུག་ཅུ་བླངས་ཤིང་། དེ་ཐམས་ཅད་ནི་གིལ་ཨད་ཀྱི་ཕ་མཱ་ཀིར་གྱི་བུ་རབས་ཚ་རྒྱུད་རྣམས་ཡིན་ནོ། ། 24 ཧེས་རོན་ནི་ཀཱ་ལེབ་ཨེབ་རཱད་ཡུལ་དུ་ཚེ་ལས་འདས་ཤིང་། ཁོའི་ཆུང་མ་ཨ་བི་ཡཱ་བྱ་བས་ཁོ་ལ་ཐེ་ཀོ་ཨ་ཡི་ཕ་སྟེ་ཨ་སི་ཧུར་བཙས་པའོ། །
25 ཧེས་རོན་གྱི་བུ་སྐྱེས་འགོ་ཡེ་ར་མེ་ཨེལ་གྱི་བུ་རྣམས་ནི་བུ་སྐྱེས་འགོ་རཱམ་དང་། ཡང་པུ་ནཱ་དང་། ཨོ་རེན། ཨོ་ཙེམ། ཨ་ཧི་ཡཱ་བཅས་ཡིན། 26 ཡེ་ར་མེ་ཨེལ་ལ་ཡང་ཆུང་མ་གཞན་ཞིག་ཡོད་པའི་མིང་ལ་ཨ་ཏ་རཱ་ཞེས་བྱ་སྟེ། ཁོ་མོ་ནི་ཨོ་ནཱམ་གྱི་མ་ཡིན། 27 ཡེ་ར་མེ་ཨེལ་གྱི་བུ་སྐྱེས་འགོ་རཱམ་གྱི་བུ་རྣམས་ནི་མཱ་ཨ་ཟི་དང་། ཡཱ་མེན། ཨེ་ཀེར་བཅས་སོ། ། 28 ཨོ་ནཱམ་གྱི་བུ་རྣམས་ནི་ཤམ་མཱ་ཨི་དང་ཡཱ་ད་ཡིན། ཤམ་མཱ་ཨི་ཡི་བུ་རྣམས་ནི་ནཱ་དབ་དང་ཨ་བི་ཤུར་ཡིན་ནོ། ། 29 ཨ་བི་ཤུར་གྱི་ཆུང་མའི་མིང་ལ་ཨ་བི་ཧ་ཡིལ་ཟེར་ཞིང་། དེ་ཡིས་ཁོ་ལ་ཨ་བཱན་དང་མོ་ལིད་བཙས་པའོ། ། 30 ནཱ་དབ་ཀྱི་བུ་རྣམས་ནི་སེ་ལེད་དང་ཨབ་ཕཱ་ཡིམ་ཡིན། སེ་ལེད་ནི་བུ་མེད་པར་ཚེ་ལས་འདས་སོ། ། 31 ཨབ་ཕཱ་ཡིམ་གྱི་བུ་ནི་ཡི་ཤི་དང་། ཡི་ཤིའི་བུ་ནི་ཤེ་ཤན་དང་། ཤེ་ཤན་གྱི་བུ་ནི་ཨ་ཧ་ལཱ་ཨི་ཡིན་ནོ། ། 32 ཤམ་མཱ་ཨི་ཡི་སྤུན་ཡཱ་ད་ཡི་བུ་རྣམས་ནི་ཡེ་ཐེར་དང་ཡོ་ནཱ་ཐན་ཡིན། ཡེ་ཐེར་ནི་བུ་མེད་པར་ཚེ་ལས་འདས་སོ། ། 33 ཡོ་ནཱ་ཐན་གྱི་བུ་རྣམས་ནི་ཕེ་ལེད་དང་ཟཱ་བཱ་ཡིན་ལ། དེ་ཐམས་ཅད་ནི་ཡེ་ར་མེ་ཨེལ་གྱི་བུ་རབས་ཚ་རྒྱུད་དོ། ། 34 ཤེ་ཤན་ལ་བུ་མེད་པར་བུ་མོ་འབའ་ཞིག་ཡོད་པ་ཡིན། ཤེ་ཤན་ལ་ཨེ་ཅིབ་པའི་ཞབས་ཕྱི་ཞིག་ཡོད་པའི་མིང་ལ་ཡར་ཧ་ཟེར། 35 ཤེ་ཤན་གྱིས་རང་གི་བུ་མོ་ཞབས་ཕྱི་ཡར་ཧ་ལ་ཆུང་མར་བྱིན་པ་དང་། མོས་ཡར་ཧ་ལ་བུ་ཨད་ཏ་ཨི་བཙས། 36 ཡང་ཨད་ཏ་ཨི་ལས་ནཱ་ཐན་དང་། ནཱ་ཐན་ལས་ཟཱ་བད་དང་། 37 ཟཱ་བད་ལས་ཨེབ་ལལ་དང་། ཨེབ་ལལ་ལས་ཨོ་བེད་དང་། 38 ཨོ་བེད་ལས་ཡེ་ཧུ་དང་། ཡེ་ཧུ་ལས་ཨ་ཟར་ཡཱ་དང་། 39 ཨ་ཟར་ཡཱ་ལས་ཧེ་ལེ་ཙི་དང་། ཧེ་ལེ་ཙི་ལས་ཨེལ་ཨ་སཱ་དང་། 40 ཨེལ་ཨ་སཱ་ལས་སི་སེ་མཱ་ཨི་དང་། སི་སེ་མཱ་ཨི་ལས་ཤལ་ལུམ་དང་། 41 ཤལ་ལུམ་ལས་ཡེ་ཀམ་ཡཱ་དང་། ཡེ་ཀམ་ཡཱ་ལས་ཨེ་ལི་ཤ་མཱ་མཆེད་དོ། །
42 ཡེ་ར་མེ་ཨེལ་གྱི་སྤུན་ཀཱ་ལེབ་ཀྱི་བུ་རབས་ཚ་རྒྱུད་ནི་འདི་ལྟ་སྟེ། བུ་སྐྱེས་འགོ་མེ་ཤཱ་ཡིན་ལ། མེ་ཤཱ་ནི་ཟིབ་ཀྱི་ཕ་ཡིན། ཡང་ཟིབ་ཀྱི་བུ་ནི་མཱ་རེ་ཤཱ་ཡིན་ལ་དེ་ནི་ཧེབ་རོན་གྱི་ཕ་ཡིན། 43 ཧེབ་རོན་གྱི་བུ་རྣམས་ནི་ཀོ་རཱག་དང་། ཏབ་ཕུ་ཨ། རེ་ཀེམ། ཤེ་མཱ་བཅས་སོ། ། 44 ཤེ་མཱ་ལས་ར་ཧམ་མཆེད་པ་དང་དེ་ནི་ཡོར་ཀེ་ཨམ་གྱི་ཕ་ཡིན། རེ་ཀེམ་ལས་ཤམ་མཱ་ཨི་མཆེད་དོ། ། 45 ཤམ་མཱ་ཨི་ཡི་བུ་ནི་མཱ་ཨོན་ཡིན་ལ། མཱ་ཨོན་ནི་པེད་ཚུར་གྱི་ཕའོ། ། 46 ཀཱ་ལེབ་ཀྱི་ཆུན་མ་ཨེ་ཕཱ་བྱ་བ་ལས་ཧཱ་རན་དང་། མོ་ཟི། གཱ་ཟེ་སི་བཅས་མཆེད་པ་དང་། ཧཱ་རན་ལས་གཱ་ཟེ་སི་མཆེད་དོ། ། 47 ཡཱ་ད་ཨི་ཡི་བུ་རྣམས་ནི་རེ་གེམ་དང་། ཡོ་ཐམ། གི་ཤན། ཕེ་ལེད། ཨེ་ཕཱ། ཤཱ་ཨབ་བཅས་ཡིན། 48 ཀཱ་ལེབ་ཀྱི་ཆུན་མ་མ་ཨ་ཀཱ་བྱ་བ་ལས་ཤེ་བེར་དང་། ཐིར་ཧ་ནཱ་མཆེད་པ་དང་། 49 ཡང་མད་མན་ནཱ་ཡི་ཕ་ཤཱ་ཨབ་དང་། མག་པེ་ནཱ་ཡི་ཕ་དང་གི་བེ་ཨ་ཡི་ཕ་ཤེ་ཝ་བཅས་མཆེད་པ་དང་། ཀཱ་ལེབ་ཀྱི་བུ་མོ་ནི་ཨག་ས་ཡིན། 50 དེ་ཐམས་ཅད་ནི་ཀཱ་ལེབ་ཀྱི་བུ་རབས་ཚ་རྒྱུད་ཡིན། ཨེབ་རཱད་ཀྱི་བུ་སྐྱེས་འགོ་ཧུ་རཱ་ཡི་བུ་རྣམས་ནི་ཀིར་ཡཱད་ཡེ་ཨ་རིམ་གྱི་ཕ་ཤོ་བལ་དང་། 51 པེད་ལེ་ཧེམ་གྱི་ཕ་སལ་མཱ་དང་། པེད་ག་དེར་གྱི་ཕ་ཧ་རེབ་བཅས་ཡིན། 52 ཀིར་ཡཱད་ཡེ་ཨ་རིམ་གྱི་ཕ་ཤོ་བལ་གྱི་བུ་རབས་ཚ་རྒྱུད་ནི་ཧ་རོ་ཨེ་དང་། མེ་ནི་ཧོད་པའི་ཕྱེད་ཀ་ཡིན་ནོ། ། 53 ཀིར་ཡཱད་ཡེ་ཨ་རིམ་གྱི་ཁྱིམ་རྒྱུད་རྣམས་ནི་ཡེད་རཱ་པ་དང་། ཕུ༌ཏཱ་པ། ཤུ་མཱ་པ། མིས་ར་པ་བཅས་ཡིན། ཡང་ཁྱིམ་རྒྱུད་འདི་རྣམས་ལས་ཙོ་རཱ་པ་དང་ཨེ་སི་ཏ་ཨོལ་པ་རྣམས་བྱུང་ངོ་། ། 54 སལ་མཱའི་བུ་རབས་ཚ་རྒྱུད་ནི་པེད་ལེ་ཧེམ་པ་དང་། ནེ་ཏོ་ཕཱ་པ། ཨད་རོད་པེད་ཡོ་ཨབ་པ། མཱ་ན་ཧད་པའི་ཕྱེད་ཀ་དང་། ཙོ་རཱ་པ་བཅས་ཡིན། 55 ཡ་པེ་ཙཱ་རུ་གནས་པའི་དྲུང་ཡིག་པ་རྣམས་ཀྱི་ཁྱིམ་རྒྱུད་ནི་ཐི་རཱ་པ་དང་། ཤི་མེ་ཨ་པ། སུ་ཀད་པ་བཅས་ཡིན་ལ། དེ་ཐམས་ཅད་ནི་རེ་ཁབ་ཀྱི་མེས་པོ་ཧམ་མད་ལས་མཆེད་པའི་ཀེ་ནེ་པ་རྣམས་ཡིན་ནོ། །