17
པ༌འུ༌ལུ༌ ཐེ༌ས༌ལོ༌ནི༌ཀའ༌ སྐྱོདས༌།
17:1 ནེ༌ 9
ཏེ༌ སྟིང༌ནེ༌ པ༌འུ༌ལུ༌ དང༌ སི༌ལས༌ ཉིས༌ཀོ༌ ཨམ༌ཕི༌པོ༌ལིས༌ དང༌ ཨ༌པོ༌ལོ༌ནི༌ཡཱ༌ གྲོང༌ཁྱེར༌ གུན༌ གྱུད༌ཏེ༌ ཐེ༌ས༌ལོ༌ནི༌ཀའེ༌ གྱལ༌ས༌ ལེབ༌, ཏེ༌རུ༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ཞིག༌ ཡོད༌པིན༌། པ༌འུ༌ལུ༌, ཁོང༌རང༌ངི༌ ལོབས༌ ནང༌ཞིན༌ དུ༌ཁང༌ངི༌ ནང༌ང༌ སྐྱོདས༌, ཡང༌ ཤབ༌བད༌ སུམ༌མི༌ ཞག༌གུན༌ལ༌ ཏེ༌རུ༌ ཡོད༌ཁན༌གུན༌ ཉམ༌པོ༌ དམ༌པའེ༌ སུང༌རབས༌སི༌ སྐོར༌ལ༌ གྲོས༌དུར༌ ཛདས༌། ཁོང༌ངི༌ སུང༌རབས༌སི༌ ནང༌ནེ༌ མ༌ཤི༌ཀ༌ རྡུག༌ངལ༌ ཉུང༌གོ༌ཤེས༌ དང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌གོ༌ཤེས༌པོ༌ ཧ༌གོ༌ཅུགས༌ཏེ༌ ཏན༌ཏན༌ ཨིན༌ཁན༌བོ༌ ལྟན༌ན༌ ཛདས༌ ཡང༌ མོལས༌, "ངའེ༌ སྤང༌པོ༌ ཏང༌ཁན༌ནི༌ ཡེ༌ཤུ༌ ནི༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཨིན༌ནོག༌།" ཡ༌ཧུ༌དཱ༌པ༌ ཁ༌ཅིག༌, གིརིས༌པ༌ དཀོན༌མཆོག༌གི༌ ཇིགས༌ དང༌ རྩི༌ཝའེ༌ ནང༌ང༌ གྲུལ༌ཁན༌ མང༌པོ༌ དང༌ ཏེ༌ ཡུལ༌ལི༌ རྩི༌ཝ༌ཅན༌ བུ༌མོ༌ བན༌ཤིག༌གིའང༌ ཁོང༌ངི༌ ཆོས༌ཤད༌ཁན༌བོ༌ དེན༌བ༌ ཨིན༌ཁན༌བོ༌ ཧ༌གོ༌ཏེ༌ པ༌འུ༌ལུ༌ དང༌ སི༌ལས༌ གུན༌ནི༌ ཕྲོའ༌ དྲེས༌།
ཨིན༌ནའང༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཚིག༌ཅེས༌ ཡོངས༌ཏེ༌ ཁྲོམས༌སི༌ ནང༌ང༌ ཁོར༌ཨིན༌ དུག༌ཁན༌ནི༌ མི༌ རྩོག༌པོ༌ བན༌ཤིག༌ ལྡུས༌ཏེ༌ ཁྱོངས༌, ཡང༌ གྱལ༌སའེ༌ ནང༌ང༌ ཧི༌ལིངས༌ ཕིང༌ཅུགས༌། ཁོང༌གུན༌ནི༌ མི༌ཚོགས༌སི༌ ཕྲོའ༌ ཁྱོང༌ཅེས༌ལ༌ པ༌འུ༌ལུ༌ དང༌ སི༌ལས༌ གུན༌ ཙལ༌ཨིན༌ ཡ༌སོན༌ནི༌ ཁང༌པའ༌ སྤུང༌གོལ༌ ཅོས༌། ཁོང༌གུན༌ མ༌ཐོབ༌པ༌, ཁོང༌གུན༌ནི༌ ཡ༌སོན༌ དང༌ ཞན༌ མ༌ཤི༌ཀ༌པ༌ ཁ༌ཅིག༌ གྱལ༌སའེ༌ ཝང༌སྲུལ༌པ༌གུན༌ནི༌ དུན༌ལ༌ དྲུད༌ཨིན༌ ཁྱེརས༌, ཡང༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌ "མི༌ ཉིས༌སི༌ ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཧི༌ལིངས༌ ཕིངས༌ཏེ༌, ཏ༌ འི༌རུ༌ ང༌དང༌ངི༌ གྱལ༌ས༌ ལེབས༌ཏེ༌ ཨིན༌ནོག༌། ཡ༌སོན༌ནི༌ ཁོང༌གུན༌ ཁོ༌རང༌ངི༌ ཁང༌པའེ༌ ནང༌ང༌ དུག༌ཅུགས༌, ཡང༌ ཡེ༌ཤུ༌ ཟེར༌ཁན༌ནི༌ ཞན༌ཡང༌ གྱལ༌པོ༌ཞིག༌ ཡོད༌ ཟེར༌ཏེ༌ ཁོང༌གུན༌ནི༌ རོམ༌མི༌ གྱལ༌པོའེ༌ ཁྲིམས༌སི༌ གྱབ༌གལ༌ ཅོས༌ཏེ༌ ཨིན༌ནོག༌།"
ཏེ༌ སྤེ༌ར༌བོ༌ ཚོར༌ར༌ཅིག༌ མི༌མངས༌ དང༌ ཡུལ༌ལི༌ ཝང༌སྲུལ༌པ༌གུན༌ནི༌ ནང༌ང༌ ཧི༌ལིངས༌ ཤོར༌། ཡང༌ ཝང༌སྲུལ༌པ༌གུན༌ནི༌ ཡ༌སོན༌ དང༌ ཁོའེ༌ ཕྲོ༌པ༌ ཏད༌པ༌ཅན༌གུན༌ལ༌ པེ༌ནེ༌ ཆད༌པ༌ ཅད༌ཏེ༌ ཕུད༌ཏངས༌།
པ༌འུ༌ལུ༌ དང༌ སི༌ལས༌ བེ༌རེ༌ཨཱ༌ གྱལ༌ས༌ སྐྱོདས༌།
17:10 ནེ༌ 15
10 ཏེན༌ན༌ ཚན༌ལ༌ ཏེ༌རུ༌ ཡོད༌ཁན༌ནི༌ ཏད༌པ༌ཅན༌གུན༌ནི༌ པ༌འུ༌ལུ༌ དང༌ སི༌ལས༌ བེ༌རེ༌ཨཱ༌ ཟེར༌སའེ༌ ནས༌ས༌ ལམ༌ཅུགས༌། ཏེ༌རུ༌ ལེབ༌བ༌ཅིག༌ ཁོང༌གུན༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ངི༌ ནང༌ང༌ སྐྱོདས༌། 11 བེ༌རེ༌ཨཱ༌པ༌གུན༌ ཐེ༌ས༌ལོ༌ནི༌ཀ༌པ༌གུན༌ ཙོགས༌ སྙིང༌སྐྱོང༌པོ༌ མི༌དུག༌པིན༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ པ༌འུ༌ལུའི༌ ལབ༌ཞའ༌ མ༌ཐད༌པོ༌ ཉམ༌པོ༌ ཉནས༌། ཡང༌ དམ༌པའེ༌ སུང༌རབས༌གུན༌ ཞག༌ཏང༌ སིལ༌ཏེ༌ ཁོང༌ངི༌ མོལ༌ཁན༌གུན༌ ཏན༌ཏན༌ ཨིན༌ནོག༌ག༌ མ༌ནོག༌ ལྟ༌ཅེས༌ལ༌ རྩར༌ཅོད༌ ཅོའད༌པིན༌། 12 ཡ༌ཧུ༌དཱ༌པ༌ མང༌པོ༌ མ༌ཚད༌ གིརིས༌པ༌ བུ༌ཚ༌ དང༌ བུ༌མོ༌ ཀྲག༌ཞན༌ མང༌པོ༌ཞིག༌གིའང༌ ཏད༌པ༌ ཁྱོངས༌།
13 ཨིན༌ནའང༌ ཐེ༌ས༌ལོ༌ནི༌ཀའེ༌ ནང༌ང༌ ཡོད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌གུན༌ལ༌ པ༌འུ༌ལུའི༌ དཀོན༌མཆོག༌གི༌ བཀའ༌ བེ༌རེ༌ཨཱ༌ ཟེར༌སའེ༌ ཡུལ༌ལི༌ ནང༌ང༌ ཤད༌དུག༌ ཟེར༌ཏེ༌ ཚོར༌ར༌ཅིག༌, ཁོང༌གུན༌ ཏེ༌རུའང༌ སོང༌ཏེ༌, པ༌འུ༌ལུའི༌ གྱབ༌གལ༌ལ༌ ཟེར༌ཏེ༌ མི༌མངས༌སི༌ ནང༌ང༌ ཧི༌ལིངས༌ བིང༌ཅུགས༌། 14 ཏེན༌ན༌མལ༌ལ༌ ཏེ༌རུ༌ ཡོད༌ཁན༌ནི༌ ཏད༌པ༌ཅན༌གུན༌ནི༌ པ༌འུ༌ལུ༌ གྱ༌ཚོ༌ ཐའ༌མའེ༌ ནས༌སའ༌ ལམ༌ཅུག༌ག༌ ཁྱེརས༌, ཨིན༌ནའང༌ སི༌ལས༌ དང༌ ཏི༌མོ༌ཐི༌ བེ༌རེ༌ཨཱའེ༌ ནང༌ང༌ ཞུགས༌། 15 པ༌འུ༌ལུ༌ ལམ༌ཅུག༌ག༌ ཆའ༌ཁན༌གུན༌ ཨེ༌ཐེན༌ གྱལ༌ས༌ ཚག༌པ༌ ཁོང༌ ལམ༌ཅུག༌ག༌ སོང༌, ཡང༌ སི༌ལས༌ དང༌ ཏི༌མོ༌ཐི༌ ཉིས༌ཀོའ༌ ཙམ༌ཐུབ༌ གྱོགས༌པ༌ པ༌འུ༌ལུ༌ ཡོད༌ས༌ ཡོང༌ཅེས༌ལ༌ ལོན༌ ཁུར༌ཏེ༌ ལོགས༌ཏེ༌ ཡོངས༌།
ཨེ༌ཐེན༌ནི༌ ནང༌ང༌ པ༌འུ༌ལུའི༌ ཆོས༌ཤད༌ད༌ ཛདས༌།
17:16 ནེ༌ 34
16 པ༌འུ༌ལུ༌ ཨེ༌ཐེན༌ནི༌ ནང༌ང༌ སི༌ལས༌ དང༌ ཏི༌མོ༌ཐི༌ ཕིའ༌ སྲུངས༌ཏེ༌ ཡོད༌ ཟ༌ནེ༌ ཏེ༌ གྱལ༌ས༌བོ༌ སྐུན༌དྲའེ༌ གངས༌ཏེ༌ ཟིགས༌པ༌ ཁོང༌ ཐུགས༌སྐྱོ༌མོ༌ སོང༌། 17 ཏེ༌བོའེ༌ཕིའ༌ ཞག༌ཏང༌ ཁོང༌ངི༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ངི༌ ནང༌ང༌ ཡ༌ཧུ༌དཱ༌པ༌གུན༌ དང༌ དཀོན༌མཆོག༌གི༌ ཇིགས༌ དང༌ རྩི༌ཝའེ༌ ནང༌ང༌ གྲུལ༌ཁན༌ནི༌ གིརིས༌པ༌གུན༌ ཉམ༌པོ༌ གྲོས༌དུར༌ ཡང༌ ཁྲོམས༌སི༌ ནང༌ང༌ ཡོད༌ཁན༌ནི༌ མི༌གུན༌ལ༌ ཆོས༌ཤད༌ད༌ ཛདས༌།
18 ཏེ༌རུ༌ ཨེ༌པི༌ཀུར༌ དང༌ སྟྲོ༌འིཀ༌ ཚན༌ཉིད༌པ༌གུན༌ནི༌ * 17:18 སམ༌ཚུལ༌ སོ༌སོའེ༌ཀ༌ གྲོས༌དུར༌ ཅོ༌ཁན༌གུན༌ལ༌ ཚན༌ཉིད༌པ༌ ཟེར༌ར༌ནོག༌། པ༌འུ༌ལུ༌ ཉམ༌པོ༌ གྲོས༌དུར༌ ཅོ༌ཅེས༌ གོ༌ཟུག༌ ཅོས༌ཏེ༌ ཁ༌ཅིག༌གི༌, "ཁོའེ༌ ཅི༌ ཆོལ༌བེ༌ སྤེ༌ར༌ ཟེར༌ར༌ནོག༌" ཡང༌ ཁ༌ཅིག༌གི༌, "ཁོའེ༌ ཞན༌མ༌ དཀོན༌མཆོག༌གུན༌ནི༌ སྐོར༌ལ༌ ཤད༌ཏེ༌ ཨིན༌ཏིག༌དུག༌" ཟེརས༌, ༼ཅིའ༌ཟེར༌ན༌ པ༌འུ༌ལུའི༌ ཡེ༌ཤུ༌ དང༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ཅེས༌སི༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ད༌ ཛདས༌༽།
19 ཏེ༌ནེ༌ ཁོང༌གུན༌ནི༌ པ༌འུ༌ལུ༌ གིརིས༌པའེ༌ དུ༌ཁང༌ ཨ༌རི༌ཀོ༌པས༌ ཟེར༌ས༌ ཁྲིད༌ཏེ༌ ཁྱེརས༌, ཡང༌ ཁོང༌ང༌ ཟེརས༌, "ཏ༌ ང༌ཞའ༌, ཁྱོ༌རང༌ངི༌ ཤད༌ཁན༌ནི༌ ལབ༌ཞའ༌ སོ༌མ༌བོའེ༌ སྐོར༌ལ༌ ཤད༌ད༌ ཛད༌། 20 ཁྱོ༌རང༌ངི༌ ཟེར༌ཁན༌གུན༌ ཡམ༌ཚན༌ སྤེ༌ར༌ རིག༌ རག༌, ཏེ༌གུན༌ནི༌ ཏོན༌བོ༌ ང༌ཞའ༌ ཧ༌གོ༌ཉིན༌ རག༌།" 21 ༼ཨེ༌ཐེན༌ནི༌ ཡུལ༌པ༌ དང༌ ཕི༌ལོག༌ནེ༌ ཡོངས༌ཏེ༌ ཏེ༌རུ༌ དུག༌ཁན༌ ཚང༌མའེ༌ རང༌ངི༌ ཏུས༌ མང༌ཆེའ༌བོ༌ སམ༌བ༌ སོ༌མ༌ ཤད༌ཅེས༌ དང༌ ཉན༌ཅེས༌སི༌ ནང༌ང༌ ཕུད༌དད༌ཀྱག༌༽།
22 ཏེ༌ནེ༌ པ༌འུ༌ལུ༌ ཨ༌རི༌ཀོ༌པས༌ དུ༌ཁང༌ངི༌ ཞུང༌ང༌ ཞངས༌ཏེ༌ མོལས༌, "ཨེ༌ཐེན༌པ༌གུན༌, ངའེ༌ ཐོང༌ཅེས༌ལ༌ ཁྱོ༌ཞའ༌ ཅི༌ས༌ཐོག༌ནེ༌ མ༌ ཆོས༌པ༌ དུག༌། 23 ཁྱོ༌ཞའེ༌ གྱལ༌སའེ༌ ནང༌ང༌ གྲུལ༌ ཟ༌ནེ༌ ངའ༌ གྱལ༌ས༌ གང༌པོ༌བོ༌ སྐུན༌དྲ༌ དང༌ ཆོད༌པ༌ ཕུལ༌ཅེས༌སི༌ ཆོད༌ཁྲི༌ གུན༌ གངས༌ཏེ༌ ཐོང༌, ཡང༌ ཆོད༌ཁྲི༌ ཅིག༌ཅིག༌གི༌ཀ༌, 'གྱུས༌མེད༌ དཀོན༌མཆོག༌ག༌' ཟེར༌ཏེ༌ བྲིས༌ཁན༌ཞིག༌ ངའ༌ ཐོང༌། ཁྱོ༌ཞ༌གུན༌ནི༌ མ༌ཤེས༌ས༌ ཅོལ༌ཁན༌ནི༌ ཏེན༌ན༌ དཀོན༌མཆོག༌གི༌ སྐོར༌ལ༌ ངའེ༌ ཤད༌ཨིན༌།"
24 "འི༌ ཇིག༌རྟེན༌ དང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ ཛད༌ཁན༌ནི༌ དཀོན༌མཆོག༌, ཁོང༌ ས༌ དང༌ ནམ༌ཁའེ༌ གཙོ༌བོ༌ ཞུགས༌ཏེ༌ ཨིན༌ནོག༌། ཁོང༌ མིའི༌ རྩིགས༌ཁན༌ནི༌ ཆོད༌ཁང༌ གུན༌ནི༌ ནང༌ང༌ ཞུགས༌ས༌ མ༌ནོག༌། 25 གལ༌ཏེས༌ མིའི༌, ཁོང༌ང༌ སྒོས༌དོམ༌མི༌ ནང༌ང༌ ཞབ༌སྟོག༌ ཞུ༌ཨིན༌ སམ༌ན༌, ཞུ༌ མི༌ཉན༌ ཅིའ༌ཟེར༌ན༌ ཁོང༌ང༌ སྒོས༌དོམ༌ མ༌ནེ༌ མེད༌ཀྱག༌། ཁོང༌ངི༌ ཚང༌མ༌ལ༌ སྲོག༌ དང༌ མི༌ཚེ༌ མ༌ཚད༌ ཅི༌ཚང༌མ༌ སལ༌ལ༌ ཛད༌ད༌ནོག༌། 26 ཁོང༌ངི༌ ཁོང༌རང༌ངི༌ ཆག༌ནེ༌ ཛད༌ཁན༌ནི༌ མི༌ ཅིག༌ནེ༌, འི༌ ཇིག༌རྟེན༌ གང༌པོའེ༌ མིར༌གྱུད༌ ཚང༌མ༌ བྱུང༌ ཅུག༌ག༌ ཛདས༌, མ༌ཚད༌པའེ༌ ཏེ༌གུན༌ ཝང༌ངི༌ ནང༌ང༌ བུབ༌ཤེས༌ དང༌ ལང༌ཅེས༌སི༌ ཏུས༌, ཡང༌ དུགས༌སའེ༌ ནས༌སའེ༌ སན༌ཚམས༌ གུན༌ ལྡམ༌མ༌ ཛདས༌།
27 མི༌གུན༌ནི༌ དཀོན༌མཆོག༌ ཙལ༌ན༌ ཐོབ༌ཅེས༌ལ༌ ཁོང༌ངི༌ ཏེ༌ ཚང༌མ༌ ཅོའ༌ ཛདས༌, ཨིན༌ནའང༌ དཀོན༌མཆོག༌ ནི༌ ཏན༌ཏན༌ལ༌ ང༌དང༌ རེ༌རེ༌ ཐག༌རིང༌ང༌ མེད༌པ༌ ཨིན༌ནོག༌། 28 ཅིའ༌ཞུ༌ན༌ ང༌དང༌གུན༌ ཁོང༌ངི༌ ནང༌ང༌ གྲུལ༌ཨིན༌, མི༌ཚེ༌ ཕུད༌ཨིན༌, སོན༌ཏེའ༌ ལུས༌ཏེ༌ ཨིན༌ནོག༌, ཀ༌ཟུག༌ ཁྱོ༌ཞའེ༌ རྩོམ༌པ༌པོ༌ ཁ༌ཅིག༌གི༌ ཟེར༌དུག༌, 'ང༌དང༌གུན༌ ཁོང༌ངི༌ ཕྲུ༌གུ༌ ཨིན༌ནོག༌།' 29 ང༌དང༌གུན༌ དཀོན༌མཆོག༌གི༌ ཕྲུ༌གུ༌ ཨིན༌ པ༌སང༌ ང༌དང༌གུན༌ནི༌ དཀོན༌མཆོག༌, མི༌ ཁྱུད༌ དང༌ སམ༌བ༌ གྱུད༌ཏེ༌ ཅོས༌ཁན༌ནི༌ སེར༌ ཡ༌ མུལ༌ ཡ༌ རྡོའེ༌ སྐུན༌དྲ༌ ཨིན༌ནོག༌ སམ༌ མ༌གོས༌།
30 སྔུན༌མའེ༌ ཏུས༌ལ༌ དཀོན༌མཆོག༌གི༌ ཏེ༌ སམ༌བ༌ མེད༌ཁན༌ནི༌ ལས༌གུན༌ལ༌ སྣང༌མེད༌ ཛདས༌, ཨིན༌ནའང༌ ཏ༌ ཁོང༌ངི༌ ཀ༌རུང༌ས༌ ཡོད༌ཁན༌ནི༌ མི༌ཚང༌མ༌ལ༌ སྡིག༌པ༌ སྤངས༌ཏེ༌ གྱོད༌པ༌ ཅོ༌ཅེས༌ལ༌ བཀའ༌ སལ༌ལ༌ ཛདས༌། 31 དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ ཞག༌ག༌ ཁོང༌ངི༌ ལྡམ༌མ༌ ཛད༌ཁན༌ནི༌ མི༌ ཡེ༌ཤུ༌ གྱུད༌ཏེ༌ ཇིག༌རྟེན༌པ༌ ཚང༌མའེ༌ཀ༌ ཤགས༌ ཅད༌ཨིན༌, ཡང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ ཁོང༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ མི༌ཚང༌མ༌ལ༌ ཏེ༌བོ༌ དྲང༌པོ༌ ཨིན༌ཁན༌བོ༌ ལྟན༌ན༌ ཛདས༌།
32 ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ཅེས༌སི༌ སྐོར༌ལ༌ ཚོར༌ར༌ཅིག༌, ཁ༌ཅིག༌གི༌ ཧབ༌གོད༌ ཏངས༌, ཨིན༌ནའང༌ ཁ༌ཅིག༌གི༌, "སྟིང༌མ༌ཞིག༌ འི༌ སྐོར༌ལ༌ ང༌ཞའ༌ ཏ༌རུང༌ངའང༌ ཉན༌ཉིན༌རག༌" ཟེརས༌། 33 ཏེ༌ སྟིང༌ནེ༌ པ༌འུ༌ལུ༌ ཁོང༌གུན༌ནི༌ ཕྲོ༌ནེ༌ བིངས༌ཏེ༌ སྐྱོདས༌། 34 མི༌ ཁ༌ཅིག༌གི༌ ཁོང༌ངི༌ ལབ༌ཞ༌ ཨིད༌ཤེས༌ཏེ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ཀ༌ ཏད༌པ༌ ཁྱོངས༌། ཏེ༌ཕྲོའ༌ ཨ༌རི༌ཀོ༌པས༌སི༌ ཚོགས༌པའེ༌ ཐུས༌མི༌ དི༌འོ༌ནི༌སི༌འུས༌ ཟེར༌ཁན༌, དཱ༌མ༌རི༌ ཟེར༌ཁན༌ནི༌ བུ༌མོ༌ དང༌ ཞན༌མ༌གུན༌ ཡོད༌པིན༌།

*17:18 17:18 སམ༌ཚུལ༌ སོ༌སོའེ༌ཀ༌ གྲོས༌དུར༌ ཅོ༌ཁན༌གུན༌ལ༌ ཚན༌ཉིད༌པ༌ ཟེར༌ར༌ནོག༌།