13
གྱ༌ཚོའེ༌ ནང༌ནེ༌ བིང༌ཁན༌ནི༌ སེམས༌ཅན༌ ཇིགས༌ནང༌ཅན༌།
13:1 ནེ༌ 10
1 ཏེ༌ནེ༌ ངའེ༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ཞིག༌ གྱ༌ཚོའེ༌ ནང༌ནེ༌ བིང༌ང༌ ཐོང༌། ཏེ༌ སེམས༌ཅན༌བོའ༌ གོ༌ རྡུན༌ དང༌ རཱ༌ཅོ༌ རྕུ༌ དུག༌། རཱ༌ཅོ༌ རེ༌རེ༌ཀ༌ ཐོར༌ཤོག༌ ཡང༌ གོ༌ རེ༌རེ༌ཀ༌ དཀོན༌མཆོག༌གི༌ གྱབ༌གལ༌ལ༌ དད༌ལོག༌ ཞུས༌ཁན༌ནི༌ མིང༌ བྲིས༌ཏེ༌ དུག༌། 2 ཏེ༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌བོ༌ ཤན༌ ཙོགས༌, རྐང༌པ༌གུན༌ དྲེན༌མོ༌ ༼ཡང༌ན༌ བ༌ལུའི༌༽ རྐང༌པ༌ དང༌ ཁའ༌བོ༌ སིང༌གེའེ༌ ཁའ༌ ཙོགས༌ དུག༌། བྲུག༌པོའེ༌ ཁོ༌རང༌ངི༌ སྟོབས༌, ཁྲིས༌ དང༌ ཝང༌ ཆེན༌མོ༌ ཚང༌མ༌ ཏེ༌ སེམས༌ཅན༌བོའ༌ ཏངས༌། 3 ཏེ༌ སེམས༌ཅན༌ནི༌ གོ༌ ཅིག༌གི༌ཀ༌ སྲོག༌ནའང༌ ཆ༌ཅེས༌སི༌ མ༌ཁའ༌ཞིག༌ ཐོང༌, ཨིན༌ནའང༌ ཏེ༌ མ༌ཁའ༌བོ༌ སོབས༌ཏེ༌ གྱལ༌, ཡང༌ ཇིག༌རྟེན༌པ༌ ཏད༌པ༌ མེད༌ཁན༌ ཚང༌མའེ༌ ཏེ༌བོ༌ ཐོང༌ཏེ༌ ཧ༌ལས༌ཨིན༌ ཏེ༌ སེམས༌ཅན༌བོའེ༌ སྟིང༌རང༌ནེ༌ སོང༌། 4 བྲུག༌པོའེ༌ རང༌ངི༌ ཝང༌ཆ༌བོ༌ ཏེ༌ སེམས༌ཅན༌ལ༌ ཏངས༌ པ༌སང༌, མི༌གུན༌ནི༌ ཏེ༌ བྲུག༌པོའ༌ ཅོལས༌། མི༌གུན༌ནི༌ སེམས༌ཅན༌ལའང༌ ཅོལ༌ཨིན༌ ཟེརས༌, "སུ༌ འི༌ སེམས༌ཅན༌ ཙོགས༌ ཀྲག༌པོ༌ ཨིན༌? ཁོའེ༌ གྱབ༌གལ༌ལ༌ ནོལ༌ཅེས༌སི༌ ཁྱུད༌ སུའ༌ ཡོད༌?"
5 ཏེ༌ སེམས༌ཅན༌བོའ༌ དཀོན༌མཆོག༌གི༌ གྱབ༌གལ༌ལ༌ དད༌ལོག༌ ཞུ༌ཅེས༌སི༌ གོངས༌པ༌ ཡང༌ ཟླ༌ཝ༌ 42 ཙག༌པ༌ ཁོའེ༌ ཅི༌ཞིག༌ ཅོ༌ཨིན༌ སམ༌ནའང༌ ཅོ༌ཅེས༌སི༌ ཝང༌ཆ༌ སལས༌། 6 ཁོའེ༌ དཀོན༌མཆོག༌གི༌ ཚན༌, ཁོང༌ ཞུག༌སི༌ ནས༌ས༌ དང༌ ཁོང༌ ཉམ༌པོ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ ཚང༌མའེ༌ གྱབ༌གལ༌ལ༌ དད༌ལོག༌གི༌ སྤེ༌ར༌ ཟེརས༌། 7 ཁོའ༌ དཀོན༌མཆོག༌གི༌ མི༌གུན༌ ཉམ༌པོ༌ མག༌ ཏང༌ཅེས༌ དང༌ ཏེ༌གུན༌ནི༌ཀ༌ གྱལ༌ཁའ༌ ཐོབ༌ཅེས༌སི༌ ཁྱུད༌ ཏངས༌ཏེ༌ དུག༌། ཡང༌ ཁོའ༌ མི༌རིགས༌, མི༌གུན༌, སྐད༌རིགས༌ དང༌ གྱལ༌ཁམས༌ ཚང༌མའེ༌ཀ༌ ཝང༌སྲུལ༌ཅེས༌སི༌ ཝང༌ཆ༌ ཏངས༌ཏེ༌ དུག༌། 8 ཇིག༌རྟེན༌ མ༌ཆགས༌སི༌ སང༌ སྔུན༌ལ༌, སད༌ཁན༌ནི༌ ལུ༌གུའི༌ ཐའ༌མེད༌པའེ༌ མི༌ཚེའེ༌ སྤེ༌ཆའེ༌ ནང༌ང༌ མིང༌ བྲིས༌ཏེ༌ མེད༌ཁན༌ནི༌ ཇིག༌རྟེན༌པ༌གུན༌ནི༌ ཏེ༌ སེམས༌ཅན༌བོའ༌ ཅོལ༌ཨིན༌,
9 ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ཉོན༌ཤིག༌།
10 ཙོན༌ལ༌ ཀག༌ཅུག༌ག༌ ཛད༌ཅེས༌ཅན༌གུན༌ ཙོན༌ལ༌ ཀག༌ཨིན༌།
ཡང༌ ར༌འི༌ ཉམ༌པོ༌ སད༌ཅེས༌ཅན༌གུན༌ ར༌འི༌ ཉམ༌པོ༌ སད༌ཨིན༌།
ཏེན༌ན༌བོའེ༌ཕིའ༌ དཀོན༌མཆོག༌གི༌ མི༌གུན༌ ཟོད༌པ༌ ཉམ༌པོ༌ ནགས༌བར༌དོ༌
ཁུར༌ཨིན༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ ལུས༌གོས༌ཨིན༌།
སའེ༌ ནང༌ནེ༌ བིང༌ཁན༌ནི༌ སེམས༌ཅན༌ ཇིགས༌ནང༌ཅན༌།
13:11 ནེ༌ 18
11 ཏེ༌ནེ༌ ངའེ༌ སའེ༌ ནང༌ནེ༌ ཡང༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ཞིག༌ བིང༌ང༌ ཐོང༌, ཁོའ༌ ལུ༌གུའི༌ རཱ༌ཅོ༌ ཙོགས༌ ཉིས༌ དུག༌, ཨིན༌ནའང༌ ཁོའེ༌ སྐད༌པོ༌ བྲུག༌གི༌ སྐད༌ ཙོགས༌ རག༌། 12 ཁོའེ༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ ཏང༌པོ༌བོའེ༌ ཤེད༌ དང༌ ཝང༌ གུན༌ ཀོལ༌ཏེ༌, ཇིག༌རྟེན༌པ༌གུན༌ལ༌ ཏེན༌ན༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ ཏང༌པོ༌, སྲོག༌ནའང༌ ཆ༌ཅེས༌སི༌ མ༌ཁའ༌ ཡོད༌ཏེ༌ གྱལ༌ཁན༌བོའ༌ ཅོལ༌ཅུགས༌། 13 ཡང༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ ཉིས༌པའེ༌ མིན༌དྲ༌ མིན༌དྲ༌ ཧ༌ལས༌ཤེས༌སི༌ ལྟས༌གུན༌ སྟནས༌, སྤེར༌ན༌ མི༌གུན༌ནི༌ མིག༌གི༌ དུན༌ལ༌ ནམ༌ནེ༌ མེ༌གུན༌ ཇིག༌རྟེན༌ནི༌ཀ༌ བུད༌ཅུག༌ཅེས༌། 14 ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ ཏང༌པོའེ༌ ཚབས༌ལ༌ ལྟས༌གུན༌ ལྟན༌ཏེ༌, ཁོའེ༌ ཇིག༌རྟེན༌པ༌གུན༌ལ༌ ཁོའ༌ ཆོགས༌ ཅོ༌ཅེས༌ལ༌ གོབ༌སྐོརས༌། ཏེ༌ནེ༌ ཏེ༌གུན༌ལ༌ ར༌འི༌ གྱབས༌ཁན༌ནི༌ མ༌ཁའ༌ ཡོད༌ཏེའང༌ སོན༌ཏེའ༌ ལུས༌ཏེ༌ ཨིན༌ཁན༌ནི༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ ཏང༌པོའེ༌ སྐུན༌དྲ༌ ཅོ༌ཅེས༌སི༌ བཀའ༌ ཏངས༌། 15 སྤེ༌ར༌ ཏང༌ཉན༌ཅེས༌སི༌ ཕིའ༌ ཁོའ༌ ཏེ༌ སྐུན༌དྲ༌བོའེ༌ ནང༌ང༌ སྲོག༌ ཏང༌ཅེས༌སི༌ ཝང༌ཆ༌ སལས༌, ཏེ༌ནེ༌ ཏེ༌ སྐུན༌དྲ༌བོའེ༌ ཁོའ༌ མ༌ཅོལ༌ཁན༌ ཚང༌མ༌ སད༌ཅེས༌ལ༌ བཀའ༌ ཏངས༌།
16 ཁོའེ༌ ཉམ༌ཤུང༌ དང༌ ཇིགས༌པོ༌, ཆུག༌པོ༌ དང༌ ཉལ༌བ༌ཅན༌, རང༌ཝང༌ཅན༌ དང༌ ཚེ༌ཡོག༌, ཚང༌མའེ༌ ཐོད༌པ༌ ཡ༌ ལག༌པ༌ ཡས༌པའེ༌ཀ༌ ཝང༌ ཏངས༌ཏེ༌ སྟགས༌ཤིག༌ ཅོས༌། 17 ཏེ༌ སྟགས༌པོ༌ ཡོད༌ཏེ༌ མ༌ནེ༌ སུ༌ཞིག༌གའང༌ ཉོབ༌ཚོང༌ ཏང༌ ཉན༌ན༌ མེད༌པིན༌། ཏེ༌ སྟགས༌པོ༌ ཇིགས༌ནང༌ཅན༌ནི༌ སེམས༌ཅན༌ ཏང༌པོའེ༌ མིང༌ ཡ༌ ཁོའེ༌ མིང༌ངི༌ ཨང༌ཀྲངས༌ ༼ཡང༌ན༌ ནམ༌བར༌བོ༌༽ ཨིན༌ནོག༌།
18 ཏེ༌ སྟགས༌པོའེ༌ ཏོན༌ཏག༌ ཧ༌གོ༌ཅེས༌ལ༌ སིལ༌ཁན༌གུན༌ ཤེས༌རབས༌ཅན༌ ཡོང༌གོས༌། འི༌ སྟགས༌པོ༌ མི༌ཞིག༌གི༌ ཨང༌ཀྲངས༌ ཨིན༌ནོག༌། ཡང༌ ཏེ༌ ཨང༌ཀྲངས༌བོ༌ ནི༌ 666 ཨིན༌ནོག༌།