7
ཞན༌མའ༌ སྐྱོན༌རྗོད༌ མི༌ཅོ༌ཅེས༌།
7:1 ནེ༌ 5
གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ཁྱོ༌ཞའེ༌ ཞན༌མའ༌ སྐྱོན༌རྗོད༌ མ༌ཅོ༌ ཏེ༌ནེ༌ ཁྱོ༌ཞའང༌ སྐྱོན༌རྗོད༌ མི༌ཛད༌། ཀ༌ཟུག༌ ཚུལ༌ལ༌ ཁྱོ༌ཞའེ༌ ཞན༌མ༌ སྐྱོན༌རྗོད༌ ཅོས༌ ཏེན༌ན༌ ཚུལ༌ལ༌ ཁྱོ༌ཞའང༌ སྐྱོན༌རྗོད༌ ཛད༌ཨིན༌, ཁྱོ༌ཞའེ༌ ཀོལ༌ཁན༌ནི༌ ཏབ༌ཟའ༌བོ༌ ཁྱོ༌ཞ༌གུན༌ནི༌ ཕིའང༌ ཀོལ༌ལ༌ ཛད༌ཨིན༌།"
"ཁྱོ༌ཞའེ༌ རང༌ངི༌ མིག༌གི༌ ནང༌ང༌ ཡོད༌ཁན༌ནི༌ རྡུང༌མ༌བོའ༌ ནང༌སྟག༌ ཅོའ༌ མེད༌ན༌ ཏེ༌ནེ༌ སྤུན༌ནི༌ མིག༌གི༌ ནང༌ང༌ ཡོད༌ཁན༌ནི༌ ཤིང༌ཟེལ༌བོའ༌ ཅིའ༌ ལྟའད༌? ཁྱོ༌རང༌ངི༌ སྤུན༌ལ༌, ངའེ༌ ཁྱོ༌རང༌ངི༌ མིག༌གི༌ ནང༌ནེ༌ ཤིང༌ཟེལ༌བོ༌ ཕིང༌ཨིན༌ ཟེར༌ཅེས༌སི༌ ཧམ༌པ༌ ཀ༌ཟུག༌གི༌ ཅོའད༌, ནམ༌ ཏེ༌ཏུས༌ལ༌ ཁྱོ༌རང༌ རང༌ངི༌ མིག༌གི༌ ནང༌ང༌ རྡུང༌མ༌བོ༌ ཡོད༌། ཁྱོ༌ཞའ༌ ཁ༌ཆོས༌པ༌གུན༌, སྔུན༌ལ༌ རང༌ངི༌ མིག༌གི༌ རྡུང༌མ༌བོ༌ ཕིང༌, ཏེ༌ནེ༌ སྤུན༌ནི༌ མིག༌གི༌ ནང༌ནེ༌ ཤིང༌ཟེལ༌བོ༌ ཕིང༌ང༌ལ༌ ཁྱོ༌ཞའ༌ སལ༌པོ༌ ཅོས༌ཏེ༌ ཐོང༌ ཐུབ༌ཨིན༌།"
དམ༌པའེ༌ བཀའ༌ སྣང༌མེད༌ ཅོ༌ཁན༌།
7:6
"དམ༌པ༌ ཨིན༌ཁན༌བོ༌ ཁྱི༌གུན༌ལ༌ མ༌ཏང༌ གལ༌ཏེས༌ ཏང༌ན༌ ཏེ༌གུན༌ ཁྱོ༌ཞ༌ ཆོགས༌ལ༌ གྱུར༌ཏེ༌ སྲན༌ཏྲེ༌ ཐམས༌ཨིན༌། མུ༌ཏིག༌ རིན༌ཅན༌ ཕག༌གུན༌ནི༌ དུན༌ལ༌ མ༌ཕང༌ གལ༌ཏེས༌ ཕང༌ན༌ ཕག༌གུན༌ནི༌ ཏེ༌བོ༌ རྐང༌པའེ༌ ཡོག༌ག༌ ནན༌ཏེ༌ གྲུལ༌ཨིན༌།
ཞུ༌ཅེས༌, ཙལ༌ཅེས༌ དང༌ སྒོ༌ རྡུང༌ཅེས༌།
7:7 ནེ༌ 12
གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ཞུ༌ཨིན༌ དུག༌ ཁྱོ༌ཞའ༌ སལ༌ལ༌ ཛད༌ཨིན༌, ཙལ༌ཨིན༌ དུག༌ ཁྱོ༌ཞའ༌ ཐོབ༌ཅུག༌ག༌ ཛད༌ཨིན༌, སྒོ༌ རྡུང༌ཨིན༌ དུག༌ ཕེའ༌ ཛད༌ཨིན༌། ཞུ༌ཁན༌ ཚང༌མ༌ལ༌ སལ༌ལ༌ ཛད༌ཨིན༌, ཙལ༌ཁན༌ ཚང༌མ༌ལ༌ ཐོབ༌ཨིན༌, ཡང༌ སྒོ༌ རྡུང༌ཁན༌ ཚང༌མ༌ལ༌ ཕེའ༌ ཛད༌ཨིན༌། ཁྱོ༌ཞའ༌ སུ༌ཞིག༌གི༌, རང༌ངི༌ བུ༌ཚའེ༌ ཏ༌གི༌ ཏོང༌ ཟེར༌ན༌ རྡོའ༌ ཏང༌ཨིན༌ན༌? 10 ཡ༌ ཕྲུ༌གུའི༌ ཉ༌ ཏོང༌ ཟེར༌ན༌, རུལ༌ ཏང༌ཨིན༌ན༌? 11 ཁྱོ༌ཞ༌གུན༌ སྡིག༌ཅན༌ ཨིན༌ཨིན༌ནའང༌ རང༌ངི༌ ཕྲུ༌གུའ༌ ཕན༌ཐོགས༌ཅན༌ ཏང༌ཅེས༌པོ༌ ཤེས༌ན༌ ཏེ༌ནེ༌ ཁྱོ༌ཞའེ༌ ནམ༌ཁའ༌ ཞུགས༌ཁན༌ནི༌ ཡབ༌བི༌ ཁོང༌ང༌ ཞུ༌ཝ༌ ཞུ༌ཁན༌གུན༌ལ༌ མང༌ང༌ མི༌སལ༌ལ༌?
12 ཅི༌ཚང༌མའེ༌ ནང༌ང༌ ཀ༌ཟུག༌ ཞན༌མའེ༌ ཁྱོ༌ཞའ༌ ཅོ༌གོས༌ སམ༌ཁན༌ ཙོགས༌ ཁྱོ༌ཞ༌གུན༌ནིའང༌ ཞན༌མ༌གུན༌ལ༌ ཅོས༌, ཏེན༌ན༌བོའེ༌ བཀའ༌ཁྲིམས༌ དང༌ ལུང༌སྟོན༌པ༌གུན༌ནི༌ བྲིས༌ཁན༌གུན༌ གྲུབ༌ཏེ༌ ཨིན༌ནོག༌།"
གྱས༌སྒོ༌ ཉིས༌།
7:13 ནེ༌ 14
13 "གྱས༌སྒོ༌ ཕྲ༌མོ༌ནེ༌ ཞུགས༌ཤིག༌ ཅིའ༌ཟེར༌ན༌ ཉལ༌ཝའེ༌ ཆོགས༌ལ༌ ཆའ༌ཁན༌ནི༌ གྱས༌སྒོ༌ ཞང༌ཅན༌ དང༌ ལམ༌ ནི༌ གྲུལ༌ཅེས༌ལ༌ ལ༌མོ༌ ཡོད༌ཏེ༌ ཨིན༌ནོག༌ ཡང༌ ཏེ༌ནང༌ང༌ མི༌ མང༌པོ༌ ཞུགས༌ཏེ༌ ཆའ༌ནོག༌། 14 ཨིན༌ནའང༌ ཐའ༌མེད༌པའེ༌ མི༌ཚེའེ༌ ཆོགས༌ལ༌ ཁྲིད༌ཁན༌ནི༌ གྱས༌སྒོ༌ ཕྲ༌མོ༌ ཡང༌ ལམ༌ ནི༌ ཀགས༌པོ༌ ཡོད༌ཏེ༌ ཨིན༌ནོག༌, ཙལ༌ཁན༌ནི༌ མི༌ ཉུ༌ངུན༌ཞིག༌ག༌ མ༌ནེ༌ ཏེ༌ ལམ༌བོ༌ མི༌ཐོབ༌།"
ལྕང༌མ༌ དང༌ ཏེ༌བོའེ༌ བྲས༌བུ༌།
7:15 ནེ༌ 20
15 "ལུང༌སྟོན༌པ༌ ཟུས༌མ༌གུན༌ནི༌ ཀ༌ནེ༌ ཤང༌ ཅོ༌ཤིག༌, ནོད༌པ༌ མི༌སྐྱལ༌ཁན༌ནི༌ ལུ༌གུའ༌ ཟུས༌ཏེ༌ ཁོང༌གུན༌ ཁྱོ༌ཞའེ༌ ཕྲོའ༌ ཡོང༌ཨིན༌, ཨིན༌ནའང༌ སེམས༌སི༌ ནང༌ང༌ ཁོང༌གུན༌ ནོད༌སྐྱལ༌ ཇིགས༌ནང༌ཅན༌ནི༌ ཤང༌ཀུ༌ ཙོགས༌ ཡོད༌ཏེ༌ ཨིན༌ནོག༌། 16 ཁོང༌གུན༌ནི༌ བྲས༌བུ༌ གྱུད༌ཏེ༌ ཁྱོ༌ཞའེ༌ ཁོང༌གུན༌ ཤེས༌ཨིན༌། ཁྱོ༌ཞ༌གུན༌ནི༌ ཅི༌ སམ༌མ༌རག༌, ཁྱོ༌ཞའེ༌ ཚེར༌མང༌ངི༌ ཀ༌ནེ༌ རྒུན༌ནི༌ ཁ༌ཟས༌ ཡ༌ ལྗང༌ཙེར༌རི༌ ཀ༌ནེ༌ ཕིག༌གི༌ ཁ༌ཟས༌ ཏུ༌ཉན༌ཨིན༌ན༌? 17 ཏེན༌ན༌ ཙོགས༌ལ༌ ལྕང༌མ༌ ཟང༌པོ༌ཞིག༌ག༌ བྲས༌བུ༌ ཟང༌པོ༌ ཆགས༌ས༌ནོག༌ ཡང༌ ལྕང༌མ༌ ངན༌པ༌ཞིག༌ག༌ བྲས༌བུ༌ ངན༌པ༌། 18 ལྕང༌མ༌ ཟང༌པོ༌ནེ༌ བྲས༌བུ༌ ངན༌པ༌ མི༌ཆགས༌ ཡང༌ ལྕང༌མ༌ ངན༌པ༌ནེ༌ བྲས༌བུ༌ ཟང༌པོ༌ མི༌ཆགས༌། 19 བྲས༌བུ༌ ཟང༌པོ༌ མ༌སྨིན༌ཁན༌ནི༌ ལྕང༌མ༌, ཅད༌ཏེ༌ མེའ༌ ཏབ༌བ༌ ཛད༌ཨིན༌། 20 ཁོང༌གུན༌ནི༌ བྲས༌བུ༌ གྱུད༌ཏེ༌ ཁྱོ༌ཞའེ༌ ཁོང༌གུན༌ ཤེས༌ཨིན༌།"
དེན༌བའེ༌ ལོབ༌ཕྲུགས༌གུན༌།
7:21 ནེ༌ 23
21 " 'ངའ༌, གཙོ༌བོ༌ལེ༌, གཙོ༌བོ༌ལེ༌,' ཟེར༌ཁན༌གུན༌ནི༌ ནང༌ནེ༌ ཚང༌མ༌ ནམ༌ཁའེ༌ གྱལ༌སྲིད༌དི༌ ནང༌ང༌ ཆ༌ མི༌ཉན༌, ནམ༌ཁའ༌ ཞུགས༌ཁན༌ནི༌ ངའེ༌ ཡབ༌བི༌ ཐུག༌གོངས༌ གྲུབ༌ཅུག༌ཁན༌གུན༌ ཅིག༌པོ༌ ཆ༌ཉན༌ཨིན༌། 22 དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ ཞག༌ག༌ མི༌ མང༌པོའེ༌ ངའ༌ ཟེར༌ཨིན༌, 'གཙོ༌བོ༌ལེ༌, གཙོ༌བོ༌ལེ༌, ང༌ཞའེ༌ ཉེ༌རང༌ངི༌ ཚན༌ནི༌ ནང༌ང༌ ལུང༌སྟན༌ ཤད༌པིན༌, མི༌གུན༌ནི༌ ནང༌ནེ༌ རྡུད༌གུན༌ ཕིངས༌པིན༌, ཡང༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ ལྟན༌པིན༌།' 23 ཏེ༌ནེ༌ ངའེ༌ ཁོང༌གུན༌ལ༌ ཟེར༌ཨིན༌, 'ངའེ༌ ཁྱོ༌ཞའ༌ ཤེས༌ས༌མེད༌, ལས༌ ངན༌པ༌ ཅོ༌ཁན༌གུན༌ ངའེ༌ ཀ༌ནེ༌ ཐག༌རིང༌ང༌ སོང༌'།"
རྩིགས༌པོན༌ ཉིས༌།
7:24 ནེ༌ 29
24 "ངའེ༌ སྤེ༌ར༌གུན༌ ཉན༌ཏེ༌ ཏེ༌ཀ༌ ལག༌ལེན༌ ཅོ༌ཁན༌ ཚང༌མ༌, ཁོ༌རང༌ངི༌ ཁང༌པ༌ བྲག༌གི༌ཀ༌ རྩིག༌ཁན༌ནི༌ རྩིགས༌པོན༌ ཁས༌པ༌ ཙོགས༌ ཨིན༌། 25 ཆར༌པ༌ བབས༌ཏེ༌, ཆུ༌ལོག༌ དང༌ ལུངས༌པོ༌ ཤེད༌ཅན༌ ཡོང༌ཏེ༌ ཁང༌པའ༌ ཕོག༌ནའང༌, ཏེ༌བོ༌ རྡིབ༌ མི༌ རྡིབ༌ ཅིའ༌ཟེར༌ན༌ ཏེ༌བོ༌ བྲག༌གི༌ཀ༌ རྩིགས༌ཏེ༌ ཨིན༌ནོག༌། 26 ངའེ༌ ཟེར༌ཁན༌གུན༌ ཚོར༌ཏེ༌ ལག༌ལེན༌ མ༌ཅོ༌ཁན༌ ཚང༌མ༌, ཁོ༌རང༌ངི༌ ཁང༌པ༌ པེ༌མའེ༌ཀ༌ རྩིག༌ཁན༌ ལྡད༌པ༌ མེད༌ཁན༌ མི༌ ཙོགས༌ ཨིན༌། 27 ཆར༌པ༌ བབས༌ཏེ༌ ཆུ༌ལོག༌ དང༌ ལུངས༌པོ༌ ཤེད༌ཅན༌ ཡོངས༌ཏེ༌ ཁང༌པ༌ ཕོག༌ན༌ ཏེ༌བོ༌ རྡིབས༌ཏེ༌ པད༌ མེད༌ཁན༌ ཆེན༌།"
28 ཡེ༌ཤུའི༌ ཏེ༌ ཚང༌མ༌ མོལ༌ ཚར༌ར༌ཅིག༌, མི༌མངས༌གུན༌ ཁོང༌ངི༌ ལབ༌ཞ༌གུན༌ནི༌ཀ༌ ཧ༌ལས༌, 29 ཅིའ༌ཟེར༌ན༌ ཁོང༌ངི༌ ལབ༌ཞ༌གུན༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ ཙོགས༌ མེད༌པ༌, ཝང༌ཆ༌ ཉམ༌པོ༌ སལ༌ལད༌པིན༌།