20
ཡེ༌ཤུའི༌ ཝང༌ཆ༌ གྱབ༌གལ༌།
20:1 ནེ༌ 8
1 ཞག༌ཤིག༌ གཙོ༌བོ༌ ཡེ༌ཤུའི༌ མི༌གུན༌ལ༌ ཆོད༌ཁང༌ངི༌ ནང༌ང༌ ལབ༌ཞ༌ སལ༌ཨིན༌ གའ༌མོའེ༌ ནས༌ཚུལ༌ ཤད༌ད༌ ཛད༌ཨིན༌ ཡོད༌ ཟ༌ནེ༌, བླ༌མ༌ འུ༌སྐྱོང༌གུན༌, ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ དང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ 2 ཏྲིས༌, "ང༌ཞའ༌ ཤོད༌དའང༌, ཀ༌ ཝང༌ཆ༌ ཉམ༌པོ༌ ཁྱོ༌རང༌ངི༌ འི༌གུན༌ ཅོའད༌ ཡང༌ ཁྱོ༌རང༌ང༌ འི༌ ཝང༌ཆ༌ སུའི༌ ཏངས༌?"
3 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངེའང༌ ཁྱོ༌ཞ༌གུན༌ལ༌ ཏྲི༌ཝ༌ཞིག༌ ཏྲི༌ཨིན༌, ཤོད༌དའང༌, 4 ཡོ༌ཧཱ༌ནན༌ལ༌ ཁྲུས༌སལ༌ཅེས༌སི༌ ཝང༌ཆ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཐོབ༌ཏེ༌ ཨིན༌ནོག༌ག༌ ཡ༌ མི༌ ཆོགས༌ནེ༌?"
5 ཁོང༌གུན༌ནི༌ ཁོ༌རང༌གུན༌ནི༌ ཕྲོའ༌ སྤེ༌ར༌ ཏངས༌ཏེ༌ ཟེརས༌, "གལ༌ཏེས༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཨིན༌ནོག༌ ཟེར༌ན༌ ཁོའེ༌ ང༌དང༌ང༌, ཁྱོ༌ཞའེ༌ ཁོའེ༌ཀ༌ ཨིད༌ཤེས༌ ཅིའ༌ མ༌ཅོས༌པིན༌ ཟེར༌ཨིན༌། 6 ཨིན༌ནའང༌ གལ༌ཏེས༌ མིའི༌ ཆོགས༌ནེ༌ ཨིན༌ནོག༌ ཟེར༌ན༌, མི༌ཚང༌མའེ༌ ང༌དང༌ང༌ རྡོའ༌ གྱབས༌ཏེ༌ སད༌ཨིན༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཡོ༌ཧཱ༌ནན༌ ལུང༌སྟོན༌པ༌ ཨིན༌ཁན༌བོའ༌ ཏད༌པ༌ ཅོའ༌ནོག༌། 7 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཡེ༌ཤུའ༌ ལན༌ཏངས༌, "ཀ༌ནེ༌ ཐོབ༌ཏེ༌ ཨིན༌ ང༌ཞའ༌ གྱུས༌མེད༌།"
8 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངེའང༌ མི༌ཤད༌, སུའི༌ ཝང༌ཆའེ༌ ནང༌ང༌ ངའེ༌ འི༌གུན༌ ཅོའད༌།"
ཚས༌ཁན༌ ངན༌པ༌གུན༌ནི༌ རུངས༌།
20:9 ནེ༌ 19
9 གཙོ༌བོ༌ ཡེ༌ཤུའི༌ མི༌གུན༌ལ༌ འི༌ རུངས༌པོ༌ ཤད༌ད༌ ཛདས༌, "མི༌ཞིག༌གི༌ ཁོ༌རང༌ངི༌ ཞིང༌ང༌ རྒུན༌ ཙུགས༌ཏེ༌ ཞན༌ ཞིང༌བད༌པ༌གུན༌ལ༌ ཤས༌ལ༌ ཏངས༌ ཡང༌ ལོ༌ ཁ༌ཅིག༌ ཁོ༌རང༌ ཞན༌ཡུལ༌ཞིག༌ག༌ དུག༌ག༌ སོང༌། 10 སྟོན༌ཐོག༌གི༌ ཏུས༌ལ༌ ཤིང༌ཏོག༌གི༌ སྐལ༌ལ༌ ལེན༌ན༌ལ༌ ཁོའེ༌ ཁོ༌རང༌ངི༌ ཡོག༌པོ༌ཞིག༌ ཤས༌ལ༌ ཏང༌ཁན༌གུན༌ནི༌ཀ༌ ལམ༌ཅུགས༌། ཨིན༌ནའང༌ ཁོང༌གུན༌ནི༌ ཡོག༌པོ༌བོའ༌ རྡུངས༌ཏེ༌, ཁོ༌ ལག༌སྟོང༌ང༌ ལོགས༌ཏེ༌ ལམ༌ཅུགས༌། 11 ཞིང༌ངི༌ དག༌པོའེ༌ ཞན༌ཡང༌ ཡོག༌པོ༌ཞིག༌ ལམ༌ཅུགས༌, ཨིན༌ནའང༌ ཁོང༌གུན༌ནི༌ ཁོའང༌ རྡུངས༌ ཡང༌ ཁྲེལ༌བ༌ ལྟན༌ཏེ༌ ལག༌སྟོང༌ང༌ ལོགས༌ཏེ༌ ལམ༌ཅུགས༌། 12 ཁོའེ༌ ཡོག༌པོ༌ སུམ༌པ༌བོ༌ ལམ༌ཅུགས༌པ༌ ཁོང༌གུན༌ནི༌ ཁོའ༌ རྡུངས༌ཏེ༌ མ༌ཁའ༌ ཕིངས༌ཏེ༌ ཕི༌ལོག༌ག༌ ཕངས༌ཏངས༌།"
13 "ཏེ༌ནེ༌ རྒུན༌ཚས༌སི༌ དག༌པོའེ༌ སམ༌, 'ངའེ༌ ཅི༌ ཅོ༌གོས༌? ངའེ༌ ཅེས༌པ༌ ཅོ༌ཁན༌ནི༌ བུ༌ཚ༌ ལམ༌ཅུག༌ན༌ ཁོའ༌ རྩི༌ཝ༌ ཅོ༌ མི༌ཅོའ༌ཧེ༌'།"
14 "ཨིན༌ནའང༌ ཤས༌པ༌གུན༌ནི༌ བུ༌ཚ༌ ཐོང༌ང༌ཅིག༌, ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, 'འི༌ ཞིང༌ ནོར༌སྐལ༌ལ༌ ཐོབ༌ཅེས༌ཅན༌བོ༌ ཡོང༌ང༌ལ༌། ཡོང༌ཤིག༌, ཁོ༌ སད༌ཨིན༌ ཏེ༌ནེ༌ ཁོའེ༌ ནོར༌སྐལ༌བོ༌ ང༌དང༌ང༌ ཐོབ༌ཨིན༌།' 15 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཁོ༌ རྒུན༌ཚས༌ནེ༌ ཕི༌ལོག༌ག༌ ཕིངས༌ཏེ༌ སདས༌།"
ཡེ༌ཤུའི༌ ཏྲིའ༌ ཛདས༌, "ཏེ༌ནེ༌ ཁོང༌གུན༌ལ༌ རྒུན༌ཚས༌སི༌ དག༌པོའེ༌ ཅི༌ ཅོ༌ཨིན༌? 16 ཁོ༌ ཡོངས༌ཏེ༌, ཤས༌པ༌གུན༌ སད༌ཨིན༌, ཡང༌ རྒུན༌ཚས༌པོ༌ ཞན༌ ཞིང༌བད༌པ༌ རིག༌ག༌ ཤས༌ལ༌ ཏང༌ཨིན༌།"
མི༌གུན༌ནི༌ ཏེ༌ རུངས༌པོ༌ ཚོར༌ར༌ཅིག༌ ཟེརས༌, "ཏེ༌ཙོགས༌ ངན༌པ༌ མ༌ནེ༌ མ༌བྱུང༌ཤིག༌།"
17 ཨིན༌ནའང༌ ཁོང༌ངི༌ ཁོང༌གུན༌ལ༌ ཟིགས༌ཏེ༌ མོལས༌, "ཏེ༌ནེ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ འི༌ བྲིས༌ཁན༌བོའེ༌ ཏོན༌ཏག༌པོ༌ ཅི༌ ཨིན༌ནོག༌,
ཀ༌ རྡོའ༌བོ༌ ཁང༌པ༌ རྩིག༌ཁན༌གུན༌ནི༌ ཕན༌མི༌ཐོགས༌ ཐེས༌,
ཏེན༌ན༌ རྡོའ༌བོ༌ ཁང༌པའེ༌ ཀྲུ༌རྡོའ༌བོ༌ གྱུར༌
ཀ༌བོ༌ ཚང༌མའེ༌སང༌ ཁག༌ཅན༌ རྡོའ༌བོ༌ ཨིན༌ནོག༌། * 20:17 སུང༌གུར༌རི༌ སྤེ༌ཆའེ༌ 118:22
18 ཏེ༌ རྡོའེ༌ཀ༌ སྒག༌གྱབ༌ཁན༌ ཚང༌མ༌ ཏུམ༌པ༌ཏུམ༌པའེ༌ ནང༌ང༌ ཆག༌ཨིན༌, ཨིན༌ནའང༌ ཏེ༌ རྡོའ༌བོ༌ ཁོང༌གུན༌ནི༌ཀ༌ བུད༌ན༌, ཁོང༌གུན༌ མེད༌ཁན༌ ཆེན༌།"
19 ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ དང༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཏེན༌ན༌མལ༌ལ༌ ཡེ༌ཤུ༌ ཟུམ༌ཅེས༌སི༌ དོད༌པ༌ ཡོད༌པིན༌, ཅིའ༌ཟེར༌ན༌ ཏེ༌ རུངས༌པོ༌ ཁོང༌གུན༌ནི༌ གྱབ༌གལ༌ལ༌ ཤད༌ཏེ༌ ཨིན༌ཁན༌བོ༌ ཧ༌གོ༌། ཨིན༌ནའང༌ ཁོང༌གུན༌ མི༌གུན༌ལ༌ ཇིགས༌།
རོམ༌མི༌ གྱལ༌པོའ༌ ཁྲལ༌ཤལ༌ཅེས༌།
20:20 ནེ༌ 26
20 ཁོང༌གུན༌ནི༌ མི༌ དྲང༌པོ༌ ཨིན༌ཟུན༌ ཏངས༌ཏེ༌ གཙོ༌བོ༌ ཡེ༌ཤུའི༌ཀ༌ སྣང༌སྟག༌ བོར༌ར༌ ཇཱ༌སུས༌གུན༌ ཀལས༌། ཁོང༌གུན༌ནི༌ ཡེ༌ཤུའི༌ མོལ༌ཁན༌ནི༌ སྤེ༌རའེ༌ ནང༌ང༌ ཁོང༌ ཁད༌ཅུགས༌ཏེ༌ རོམ༌མི༌ ཀའ༌ལོན༌ནི༌ ལག༌ག༌ སྟད༌ཅེས༌སི༌ དོད༌པ༌ ཅོའད༌པིན༌། 21 ཇཱ༌སུས༌གུན༌ནི༌ ཡེ༌ཤུའ༌ ཏྲིས༌, "ལོབ༌པོན༌ལེ༌, ཉེ༌རང༌ངི༌ མོལ༌ཁན༌ དང༌ ལབ༌ཞ༌ སལ༌ཁན༌བོ༌ དྲང༌པོ༌ ཡང༌ མི༌ ནང༌ང༌ ཡ༌ཕེས༌ མ༌ཛད༌ད༌ དྲང༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཅེས༌ ལབ༌བ༌ ཛད༌ཁན༌བོ༌ ང༌ཞའ༌ གྱུས༌ཡོད༌། 22 མོལ༌ལ༌ ཛད༌དའང༌, རོམ༌མི༌ གྱལ༌པོའ༌ ཁྲལ༌ ཤལ༌ཅེས༌པོ༌ འོས༌པ༌ ཨིན༌ནོག༌ག༌ ཡ༌ མ༌ནོག༌?"
23 ཡེ༌ཤུའི༌ ཁོང༌གུན༌ནི༌ ཅུས༌ངན༌ ཁྱེན༌ཏེ༌, ཁོང༌གུན༌ལ༌ མོལས༌ 24 "རོམ༌པའེ༌ མུལ༌ལི༌ པེ༌ནེ༌ཞིག༌ ངའ༌ སྟོན༌ནའང༌། འི༌ པེ༌ནེ༌ཀ༌ ཡོད༌ཁན༌ནི༌ པར༌ དང༌ མིང༌ སུའི༌ ཨིན༌ནོག༌?"
ཁོང༌གུན༌ནི༌ ལན༌ཏངས༌, "རོམ༌མི༌ གྱལ༌པོའེ༌།"
25 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, "གྱལ༌པོའེ༌ ཨིན༌ཁན༌བོ༌ གྱལ༌པོའ༌ ཏོང༌ ཡང༌ དཀོན༌མཆོག༌གི༌ ཨིན༌ཁན༌བོ༌ དཀོན༌མཆོག༌ག༌ ཕུལ༌།"
26 མི༌གུན༌ནི༌ དུན༌ལ༌ ཁོང༌ངི༌ མོལ༌ཁན༌བོ༌ གྱུད༌ཏེ༌ ཡེ༌ཤུ༌ ཁད༌ཅུག༌ མ༌ཉན༌ ཡང༌ ཁོང༌ངི༌ ལན༌སལ༌ཁན༌བོའ༌ ཧ༌ལས༌ཏེ༌ ཁོང༌གུན༌ ཧན༌གྲང༌ སོང༌།
སོན༌ཏེའ༌ ལང༌ཅེས༌སི༌ སྐོར༌ལ༌ ཏྲི༌ཝ༌།
20:27 ནེ༌ 40
27 ཏེ༌ནེ༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ མ༌ནོག༌ ཟེར༌ཁན༌ནི༌ སད༌དུ༌ཀི༌པ༌ ཁ༌ཅིག༌ གཙོ༌བོ༌ ཡེ༌ཤུ༌ ཡོད༌ས༌ ཏྲི༌ཝ༌ཞིག༌ ཏྲིའ༌ལ༌ ཡོངས༌, 28 ཁོང༌གུན༌ནི༌ ཟེརས༌, "ལོབ༌པོན༌ལེ༌ མོ༌ཟེས༌སི༌ ང༌དང༌གུན༌ལ༌ ཁྲིམས༌ཤིག༌ སལ༌ལ༌ ཛད༌ཏེ༌ དུག༌, 'གལ༌ཏེས༌ བུ༌ཚ༌ཞིག༌ ཕྲུ༌གུ༌ མེད༌པ༌ ཤི༌ན༌, ཨ༌ཅོ༌ ཡ༌ ནོ༌བོའེ༌ ཁོའེ༌ མིར༌གྱུད༌ ལུས༌ཤེས༌སི༌ ཕིའ༌ ཤི༌ཁན༌ནི༌ ན༌མ༌ ཉམ༌པོ༌ བག༌སྟོན༌ ཅོས༌ཏེ༌ ཕྲུ༌གུ༌ ཇོར༌ཅུག༌ གོས༌།'' 29 ཏ༌ ཨ༌ཅོ༌ནོ༌ རྡུན༌ ཡོད༌པིན༌, ཏང༌པོ༌བོའེ༌ ན༌མ༌ ཅོས༌ ཡང༌ ཕྲུ༌གུ༌ མེད༌པ༌ ཤི༌།, 30 ཏེན༌ན༌ ཙོགས༌ ཉིས༌པ༌ 31 དང༌ སུམ༌པ༌བོ༌ མ༌ཚད༌ རྡུན༌ཀོའེ༌ ཏེན༌ན༌ བུ༌མོ༌ ཉམ༌པོ༌ ན༌མ༌ ཅོས༌ ཨིན༌ནའང༌ ཕྲུ༌གུ༌ མེད༌པ༌ ཤི༌, 32 ཡང༌ སྟིང༌ཇུག༌ག༌ བུ༌མོ༌བོའང༌ ཤི༌། 33 བུ༌མོ༌བོའེ༌ ཁོང༌ རྡུན༌ཀོ༌ ཉམ༌པོ༌ ན༌མ༌ ཅོས༌པ༌, ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ངི༌ ཏུས༌ལ༌ ཁོ༌ ཁོང༌གུན༌ནི༌ ནང༌ནེ༌ སུའི༌ ན༌མ༌ གྱུར༌ཨིན༌?"
34 ཡེ༌ཤུའི༌ ལན༌སལས༌, "འི༌ ཇིག༌རྟེན༌ནི༌ མི༌གུན༌ནི༌ བག༌མ༌ ཅོའ༌ནོག༌། 35 ཨིན༌ནའང༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ནང༌ང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ཅེས༌སི༌ འོས༌པ༌ ཡོད༌ཁན༌གུན༌ནི༌ ན༌མ༌ མི༌ཅོ༌ ཡ༌ བག༌མ༌ མི༌ཏང༌, 36 ཡང༌ ཁོང༌གུན༌ ཡང༌སྐྱར༌ མ༌ནེ༌ མི༌ཤི༌ ཅིའ༌ཟེར༌ན༌ ཁོང༌གུན༌ ནམ༌ཁའེ༌ ཕོ༌ཉ༌ ཙོགས༌ ཨིན༌ནོག༌། ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛད༌ པ༌སང༌ ཁོང༌གུན༌ དཀོན༌མཆོག༌གི༌ ཕྲུ༌གུ༌གུན༌ ཨིན༌ནོག༌།
37 བུར༌ཙེ༌ ལྕང༌མ༌ མེའ༌ བར༌ཁན༌ནི༌ སྐོར༌ལ༌ བྲིའ༌ ཛད༌ཁན༌བོའེ༌ ནང༌ང༌ མོ༌ཟེས༌སིའང༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ ཛད༌ཅེས༌པོ༌ ལྟན༌ན༌ནོག༌, ཅིའ༌ཟེར༌ན༌ ཁོའེ༌ གཙོ༌བོ༌ དཀོན༌མཆོག༌ག༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌, ཨི༌སཱག༌གི༌ དཀོན༌མཆོག༌ དང༌ ཡ༌ཀོབ༌བི༌ དཀོན༌མཆོག༌ † 20:37 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 3:6 ཟེརས༌།' 38 ཏེ༌བོའེ༌ ཁོང༌ ནི༌ ཤི༌ཁན༌གུན༌ནི༌ དཀོན༌མཆོག༌ མན༌པ༌, སོན༌པོ༌གུན༌ནི༌ དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌ཁན༌བོ༌ ལྟན༌ན༌ནོག༌, ཅིའ༌ཟེར༌ན༌ ཁོང༌ ཚང༌མ༌ དཀོན༌མཆོག༌གི༌ དུན༌ལ༌ སོན༌ཏེའ༌ ཨིན༌ནོག༌།"
39 ཆོས༌ཁྲིམས༌ལ༌ ཁས༌པའེ༌ མི༌ ཁ༌ཅིག༌གི༌ ཁོང༌ང༌ ཟེརས༌, "ལོབ༌པོན༌ལེ༌, ཉེ༌རང༌ངི༌ ལན༌ གྱལ༌ལ༌ སལས༌།" 40 ཏེ༌ནེ༌ ཕར༌ལ༌ སུ༌ཞིག༌གིའང༌ ཁོང༌ང༌ ཏྲི༌ཝ༌ ཏྲི༌ཅེས༌སི༌ ཧམ༌པ༌ མ༌ཅོས༌།
གྱལ༌པོ༌ དཱ༌བིད༌དི༌ སྲས༌ སུ༌ ཨིན༌།
20:41 ནེ༌ 44
41 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌, གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ ཨིན༌ནོག༌ ཀ༌ཟུག༌གི༌ ཟེར༌ར༌ནོག༌། 42-43 སུང༌གུར༌རི༌ སྤེ༌ཆའེ༌ ནང༌ང༌ དཱ༌བིད༌དི༌ བྲིས༌ཏེ༌ དུག༌,
'དཀོན༌མཆོག༌གི༌ ངའེ༌ གཙོ༌བོའ༌ མོལས༌,
ངའེ༌ ཁྱོ༌རང༌ངི༌ གྲ༌འོ༌ ཚང༌མ༌,
ཁྱོ༌རང༌ངི༌ རྐང༌པའེ༌ ཕོས༌སྟག༌ ཅོ༌ཅོ༌ ཚག༌པ༌,
ཁྱོ༌རང༌ ངའེ༌ ལག༌པ༌ ཡས༌པའེ༌ ཁྲིས༌སི༌ཀ༌ དུག༌།'‡ 20:43 སུང༌གུར༌རི༌ སྤེ༌ཆའེ༌ 110:1
44 གལ༌ཏེས༌ དཱ༌བིད༌དི༌ མ༌ཤི༌ཀའ༌ 'གཙོ༌བོ༌' ཟེར༌རད༌ན༌, ཏེ༌ནེ༌ ཀ༌ཟུག༌གི༌ མ༌ཤི༌ཀ༌ ཁོའེ༌ པུར༌གྱུད༌ ཨིན༌ནོག༌?"
ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནེ༌ ཤང༌ ཅོས༌།
20:45 ནེ༌ 47
45 མི༌ཚང༌མ༌ ཉན༌ཨིན༌ ཡོད༌ ཟ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, 46 "ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌ ཀ༌ནེ༌ ཤང༌ ཅོས༌། ཁོང༌གུན༌ ཆོས༌སི༌ ཀོས༌ལག༌ ཐུལ༌ཅན༌ གོན༌ཏེ༌ གྲུལ༌ལ༌ལ༌, ཡང༌ ཁྲོམས༌སི༌ ནང༌ང༌ མི༌གུན༌ནི༌ ཀ༌ནེ༌ རྩི༌ཝ༌ ཐོབ༌ཅེས༌ལ༌ ཐད༌ད༌ནོག༌། དུ༌ཁང༌ངི༌ ནང༌ང༌ རྩི༌ཝ༌ཅན༌ནི༌ ནས༌སའེ༌ཀ༌ ཡང༌ གྲོན༌ནི༌ ནང༌ང༌ གྲལ༌གོའ༌ དུག༌ག༌ལ༌ ཐད༌ད༌ནོག༌། 47 ཨ༌ནེ༌ མ༌རང༌མོ༌གུན༌ལ༌ གོབ༌སྐོར༌ཏེ༌ ཁོང༌ངི༌ ཁང༌པ༌གུན༌ ཁྱེར༌ཅེས༌, ཡང༌ མི༌གུན༌ལ༌ ལྟན༌ཅེས༌སི༌ ཕིའ༌ མོས༌ལམ༌ རིང༌མོ༌ ཞུ༌དུག༌། ཏེ༌བོའེ༌ ཞས༌ཏེ༌ ཁོང༌གུན༌ལ༌ ཆད༌པ༌ སྲན༌ཏྲེ༌ ཕོག༌ཨིན༌།