8
ཡེ༌ཤུའ༌ ཞབ༌སྟོག༌ ཞུ༌ཁན༌ནི༌ བུ༌མོ༌གུན༌།
8:1 ནེ༌ 3
སྟིང༌མ༌ ཞག༌ག༌ གཙོ༌བོ༌ ཡེ༌ཤུ༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌ལ༌ གྲོང༌ཁྱེར༌ དང༌ གམ༌ཡུལ༌ ཅིག༌ནེ༌ ཅིག༌ག༌ སྐྱོདས༌, ཡང༌ ཁོང༌ ཉམ༌པོ༌ ལོབ༌ཕྲུགས༌ ཅུག༌ཉིས༌པོ༌ ཡང༌ རྡུད༌ ཞུགས༌ཁན༌ དང༌ ནད༌ གུན༌ནེ༌ གྱལ༌ཅུག༌ག༌ ཛད༌ཁན༌ནི༌ བུ༌མོ༌ ཁ༌ཅིག༌ ཡོད༌པིན༌: རྡུད༌ རྡུན༌ ཕིང༌ང༌ ཛད༌ཁན༌ནི༌ མིར༌ཡམ༌ མག༌དལ༌ལ༌མ༌, ཧེ༌རོ༌དཱའི༌ ཆག༌ཟོད༌ ཀུ༌ཟཱའེ༌ ན༌མ༌ ཡོ༌འན༌ནཱ༌, སུ༌སན༌ནཱ༌ དང༌ ཡང༌ བུ༌མོ༌ མང༌པོ༌། ཁོང༌གུན༌ནི༌ རང༌ངི༌ ནོར༌ གྱུད༌ཏེ༌ ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌ ཅུག༌ཉིས༌པོའེ༌ སྒོས༌དོམ༌གུན༌ རིག༌གད༌པིན༌།
ཞིང༌བད༌པའེ༌ ས༌འོན༌ ཏབ༌ཁན༌ནི༌ རུངས༌།
8:4 ནེ༌ 15
གྲོང༌ཁྱེར༌ སོ༌སོ༌ནེ༌ མི༌གུན༌ ཡོང༌ཏེ༌ གཙོ༌བོ༌ ཡེ༌ཤུ༌ ཡོད༌ས༌ མི༌ཆོགས༌ ཆེན༌མོ༌ ཛོམ༌ཨིན༌ ཡོད༌ ཟ༌ནེ༌ ཁོང༌ངི༌ འི༌ རུངས༌པོ༌ ཤད༌ད༌ ཛདས༌, "ཞིང༌བད༌པ༌ཞིག༌ ས༌འོན༌ ཏབ༌བ༌ལ༌ སོང༌། ཞིང༌ང༌ ས༌འོན༌ ཏབ༌ ཟ༌ནེ༌ ཁ༌ཅིག༌ ལམ༌མི༌ཀ༌ བུད༌, ཏེ༌གུན༌ མིའི༌ རྐང༌པའེ༌ ནནས༌ ཡང༌ ཅི༌པ༌ ཡོངས༌ཏེ༌ ཟོས༌། ས༌འོན༌ ཁ༌ཅིག༌ བྲག༌གི༌ཀ༌ བུད༌ ཡང༌ སྐྱེའ༌ཅིག༌, སའེ༌ ནང༌ང༌ ཧུས༌ མེད༌པ༌ སྐམས༌ཏེ༌ ཤི༌། ས༌འོན༌ ཁ༌ཅིག༌ ཚེར༌མང༌ངི༌ ཕྲོའ༌ བུད༌ ཡང༌ ས༌འོན༌ ཉམ༌པོ༌ ཚེར༌མང༌ སྐྱེས༌ཏེ༌ ནན༌པ༌ ཞིང༌བོ༌ ལྡན༌ མ༌ཐུབ༌། ཞན༌ ས༌འོན༌གུན༌ ས༌ གྱལ༌ལ༌ ཡོད༌སའེ༌ ཞིང༌ངི༌ཀ༌ བུད༌པ༌, སྐྱེས༌ཏེ༌ སྟོན༌ཐོག༌ སྨིན༌, ཀ༌བོ༌ ས༌འོན༌ ཏབ༌ཁན༌ ནི༌ སང༌ 100 གྱུར༌ སྨིན༌།" ཏེ༌བོ༌ མོལ༌ ཚར༌ར༌ཅིག༌ ཁོང༌ངི༌ ཤེད༌ནའང༌ མོལས༌, "ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ངའེ༌ ཟེར༌ཁན༌ལ༌ ཉོན༌ཤིག༌།"
ཏེ༌ནེ༌ ཡེ༌ཤའི༌ ལོབ༌ཕྲུགས༌གུན༌ནི༌ ཁོང༌ངི༌ ཤད༌ད༌ ཛད༌ཁན༌ནི༌ རུངས༌སི༌ ཏོན༌བོ༌ ཁོང༌ང༌ ཏྲིས༌། 10 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, "དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ སང༌ཝ༌གུན༌ ཁྱོ༌ཞའ༌ ཧ༌གོ༌ཅེས༌ལ༌ གོངས༌པ༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིའ༌ ཛད༌ཁན༌བོ༌ དྲན༌དྲ༌ གྲུབ༌ཅེས༌ལ༌ ངའེ༌ ཞན༌གུན༌ལ༌ རུངས༌ གྱུད༌ཏེ༌ ཤད༌དད༌, ཏེ༌བོ༌ ནི༌,
"ཁོང༌གུན༌ནི༌ ངའེ༌ ཅོ༌ཁན༌གུན༌ ཐོང༌ནའང༌ ང༌ སུ༌ ཨིན༌ཁན༌བོ༌ ངོ༌ཤེས༌ས༌ མི༌དུག༌,
ཁོང༌གུན༌ནི༌ ངའེ༌ ཤད༌ཁན༌གུན༌ ཚོར༌ནའང༌ ཧ༌གོ༌ཐུབ༌བ༌ མི༌དུག༌། * 8:10 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 6:9 "
11 "ཏེ༌ རུངས༌སི༌ ཏོན༌ ནི༌ འི༌བོ༌ ཨིན༌, ས༌འོན༌བོ༌ ནི༌ དཀོན༌མཆོག༌གི༌ བཀའ༌ ཨིན༌། 12 ལམ༌མི༌ཀ༌ ས༌འོན༌ བུད༌ཁན༌གུན༌ ནི༌ དཀོན༌མཆོག༌གི༌ བཀའ༌ ཚོར༌ཁན༌གུན༌ ཨིན༌ནོག༌, ཨིན༌ནའང༌ ཏད༌པ༌ ཅོས༌ཏེ༌ ཐར༌པ༌ མི༌ཐོབ༌ཅེས༌ལ༌ ཤེ༌ཏན༌ ཡོངས༌ཏེ༌ ཁོང༌གུན༌ནི༌ སྙིང༌ངི༌ ནང༌ནེ༌ ཏེ༌བོ༌ ཀོགས༌ཏེ༌ ཁྱེར༌ར༌ནོག༌། 13 བྲག༌གི༌ཀ༌ ས༌འོན༌ བུད༌ཁན༌བོ༌ ནི༌ དཀོན༌མཆོག༌གི༌ བཀའ༌ ཚོར༌ར༌ཅིག༌ ཐད༌པོ༌ ཉམ༌པོ༌ ཏད༌པ༌ ཅོ༌ཁན༌གུན༌ ཨིན༌ནོག༌། ཏེ༌བོའ༌ པ༌ཀྲག༌ ཏིང༌ཅན༌ མེད༌ པ༌སང༌ ཁོང༌གུན༌ནི༌ ཏུས༌ ཉུ༌ངུན༌ཞིག༌གི༌ ཕིའ༌ ཏད༌པ༌ ཅོ༌རུག༌, ཡང༌ ཚོད༌ལྟའེ༌ ཏུས༌ལ༌ ཏད༌པ༌ ཕང༌ཨིན༌། 14 ཚེར༌མངས༌སི༌ ཕྲོའ༌ བུད༌ཁན༌ནི༌ ས༌འོན༌གུན༌ ནི༌, དཀོན༌མཆོག༌གི༌ བཀའ༌ ཚོར༌ཁན༌གུན༌ ཨིན༌ནོག༌ ཨིན༌ནའང༌ མི༌ཚེ༌ ཚེར༌ཁ༌, གྱུ༌ནོར༌ དང༌ སྐྱིད༌པོ༌ གུན༌ནི༌ ནན༌ཏེ༌ ཁོང༌གུན༌ནི༌ ཏད༌པ༌ ལྡན༌ན༌ མ༌ནོག༌། 15 ཨིན༌ནའང༌ ས༌ ཟང༌པོའེ༌ཀ༌ ས༌འོན༌ བུད༌ཁན༌བོ༌ ནི༌ སྙིང༌ ཟང༌པོ༌ དང༌ དྲང༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ བཀའ༌ ཉན༌ཁན༌གུན༌ ཨིན༌ནོག༌ ཡང༌ ཟོད༌པ༌ ཉམ༌པོ༌ ཏེ༌བོ༌ སྟན༌པོ༌ ཐམས༌ཏེ༌ དུགས༌པ༌ བྲས༌བུ༌ མང༌པོ༌ སྨིན༌ན༌ནོག༌།"
འོད༌ དང༌ འོད༌སྟགས༌སི༌ རུངས༌།
8:16 ནེ༌ 18
16 "མི༌གུན༌ནི༌ འོད༌ ཏུགས༌ཏེ༌ གོར༌མོའེ༌ ཡོག༌ག༌ སྦས༌ཏེ༌ ཡ༌ ཉལ༌ཁྲི༌ ཡོག༌ག༌ མ༌བོར༌ར༌ ནང༌ང༌ ཡོང༌ཁན༌གུན༌ནི༌ ཏེ༌བོའེ༌ ལྡངས༌སི༌ ནང༌ང༌ ཐོང༌ཅེས༌ལ༌ འོད༌སྟགས༌སི༌ཀ༌ བོར༌ཨིན༌། 17 སྦས༌ཏེ༌ བོར༌ཁན༌ ཚང༌མ༌ ཕི༌ལོག༌ག༌ ཕིང༌ང༌ ཛད༌ཨིན༌, ཡང༌ ཀབས༌ཏེ༌ བོར༌ཁན༌ ཚང༌མ༌ འོད༌དི༌ ནང༌ང༌ ཁྱོང༌ང༌ ཛད༌ཏེ༌ ཚང༌མ༌ སྔོན༌ཅུག༌ག༌ ཛད༌ཨིན༌།
18 ཏེ༌བོའེ༌ཕིའ༌ ཁྱོ༌ཞའེ༌ ཉན༌ཚུལ༌བོའེ༌ཀ༌ སྣང༌སྟག༌ ཏོང༌། ངའེ༌ ལབ༌ཞ༌ ཉན༌ཁན༌གུན༌ལ༌ མང༌ང༌ ཧ༌གོ༌ཅུག༌ག༌ ཛད༌ཨིན༌, ཨིན༌ནའང༌ མ༌ཉན༌ཁན༌གུན༌ནེ༌ ཧ༌གོ༌ཏེ༌ ཨིན༌ སམ༌ཁན༌བོའང༌ ཁྱེར༌ར༌ ཛད༌ཨིན༌།"
ཡེ༌ཤུའི༌ དེན༌བའེ༌ ནང༌མི༌
8:19 ནེ༌ 21
19 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཨ༌མ༌ དང༌ ནོ༌གུན༌ ཁོང༌ ཐུག༌ག༌ ཡོངས༌, ཨིན༌ནའང༌ མི༌ཚོགས༌ ཆེན༌མོ༌ ཡོད༌ཅེས༌པོའེ༌ ཁོང༌ངི༌ དུན༌ལ༌ ལེབ༌ མ༌ཐུབ༌། 20 མི༌ཞིག༌གི༌ ཁོང༌ང༌ ཟེརས༌, "ཉེ༌རང༌ངི༌ ཨ༌མ༌ དང༌ ནོ༌གུན༌ ཉེ༌རང༌ ཐུག༌ག༌ ཕི༌ལོག༌ག༌ སྲུང༌ཏེ༌ དུག༌།"
21 ཡེ༌ཤུའི༌ ལན༌སལས༌, "དཀོན༌མཆོག༌གི༌ བཀའ༌ ཉན༌ཏེ༌ ལག༌ལེན༌ ཅོ༌ཁན༌གུན༌ ངའེ༌ ཨ༌མ༌ དང༌ ནོ༌གུན༌ ཨིན༌།"
ཡེ༌ཤུའི༌ ལུང༌རག༌ མེད༌ཁན༌ ཛདས༌།
8:22 ནེ༌ 25
22 ཞག༌ཤིག༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, "ང༌དང༌ ཚོའེ༌ ཕར༌ཀ༌ ཆེན༌།" ཏེ༌ནེ༌ ཁོང༌གུན༌ གྲུ༌ཟིང༌ཞིག༌གི༌ ནང༌ང༌ ཞོན༌ཏེ༌ སྐྱོདས༌། 23 གྲུ༌ཟིང༌ངི༌ ནང༌ང༌ ཆའ༌ ཟ༌ནེ༌ ཡེ༌ཤུ༌ ནལ༌ལ༌ སྐྱོདས༌། ནམ༌ཚུབས༌ཏེ༌ ཚོའེ༌ ནང༌ང༌ ལུང༌རག༌ ཀྲག༌པོ༌ ཡོངས༌ཏེ༌ གྲུ༌ཟིང༌ ཆུའི༌ གངས༌ཏེ༌ ནུབ༌ཅེས༌སི༌ ཇིགས༌ནང༌ ཡོད༌པིན༌།
24 ལོབ༌ཕྲུགས༌གུན༌ སོང༌ཏེ༌ ཡེ༌ཤུའི༌ ཉིད༌ཚད༌ད༌ ཛད༌ཏེ༌ ཟེརས༌, "སྤོན༌བོ༌ལེ༌, སྤོན༌བོ༌ལེ༌, ང༌ཞ༌གུན༌ ཆུའི༌ ནང༌ང༌ ནུབ༌ཏེ༌ ཤི༌ཅེས༌ དུག༌།" ཁོང༌ ཞངས༌ཏེ༌ ལུང༌རག༌ དང༌ ཆུལ༌བག༌ གུན༌ལ༌ ཁའ༌སྐྱེའ༌ ཛདས༌, ཏེན༌ན༌མལ༌ལ༌ ཏེ༌གུན༌ མེད༌ཁན༌ སོང༌ཏེ༌ ཞི༌དེ༌ བྱུང༌། 25 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, "ཁྱོ༌ཞའེ༌ ཏད༌པ༌ ཀ༌རུ༌ སོང༌།"
ལོབ༌ཕྲུགས༌གུན༌ ཇིགས༌ཨིན༌ ཧ༌ལས༌ཏེ༌ ཅིག༌ དང༌ ཅིག༌ག༌ ཟེརས༌, "ཁོང༌ སུ༌ ཨིན༌ནོག༌? ཁོང༌ངི༌ བཀའ༌ སལ༌ལ༌ཅིག༌ ལུངས༌པོ༌ དང༌ ཚོའིང༌ ཁའ༌ ཉན༌དུག༌།
ཡེ༌ཤུའི༌ མི༌ཞིག༌ནེ༌ རྡུད༌གུན༌ ཕིང༌ང༌ ཛདས༌།
8:26 ནེ༌ 39
26 ཏེ༌ནེ༌ ཁོང༌གུན༌ གྲུ༌ཟིང༌ངི༌ ནང༌ང༌ གཱ༌ལིལ༌ལི༌ ཡུལ༌ཇོངས༌ནེ༌ ཚོའེ༌ ཕར༌ཀ༌ ཡོད༌ཁན༌ནི༌ ག༌ད༌རཱའེ༌ ཡུལ༌ཇོངས༌ལ༌ ལེབ༌། 27 གཙོ༌བོ༌ ཡེ༌ཤུ༌ གྲུ༌ཟིང༌ནེ༌ བིང༌ང༌ ཛད༌ད༌ཅིག༌, ཏེན༌ན༌ གྲོང༌ཁྱེར༌རི༌ མི༌, རྡུད༌ ཞུགས༌ཁན༌ ཞིག༌ ཁོང༌ ཇལ༌ལ༌ལ༌ ཡོངས༌། ཁོ༌ ཏུས༌ མང༌པོ༌ཞིག༌ནེ༌ ཕར༌ལ༌ ཁང༌པ༌ མ༌དུག༌ག༌ རོམ༌ཁང༌གུན༌ནི༌ ནང༌ང༌ ལྗེར༌ཉལ༌ལ༌ དུག༌གད༌པིན༌།
28 ཁོའེ༌ ཡེ༌ཤུ༌ ཇལ༌ལ༌ཅིག༌ ཀུ༌ཅོ༌ སྲན༌ཏྲེ༌ ཏང༌ཨིན༌ ཡེ༌ཤུའི༌ ཞབས༌སི༌ དུན༌ལ༌ གྱེལ༌ཏེ༌ ཟེརས༌, "ཡེ༌ཤུ༌ དཀོན༌མཆོག༌ ཀུན༌ཝང༌ངི༌ སྲས༌, ཉེ༌རང༌ ངའེ༌ ལས༌སི༌ ནང༌ང༌ ཅིའ༌ དྲེས༌སད༌? ཇུ༌ཇུ༌ ང༌ ནགས༌ ལྟན༌ན༌ མ༌ཛད༌" 29 ཅིའ༌ཟེར༌ན༌ ཡེ༌ཤུའི༌ རྡུད༌པོའ༌, མི༌བོའེ༌ ནང༌ནེ༌ བིང༌ཏེ༌ ཡོང༌ མོལ༌ཏེ༌ བཀའ༌ སལས༌། ༼མི༌བོའེ༌ རྐང༌ལག༌ ལྕག༌ཐགས༌ ཉམ༌པོ༌ ཅིངས༌ཏེ༌ སྲུང༌ཁན༌ དུགས༌ཏེའང༌ རྡུད༌པོའེ༌ ལན༌ མང༌པོ༌ ཁོའེ༌ཀ༌ ཝང༌ སྲུལ༌ཏེ༌ ལྕག༌ཐགས༌ ཅགས༌ཏེ༌ ཁོ༌ རི༌སྟོང༌ང༌ ཁྱེར༌རད༌པིན༌༽།
30 ཡེ༌ཤུའི༌ ཁོའ༌ ཏྲིའ༌ ཛདས༌, "ཁྱོ༌རང༌ངི༌ མིང༌ ཅི༌ ཨིན༌།"
ཁོའེ༌ ལན༌ཏངས༌, "རྡུད༌ཚོགས༌" ཅིའ༌ཟེར༌ན༌ མི༌བོའེ༌ ནང༌ང༌ རྡུད༌ མང༌པོ༌ ཞུགས༌ཏེ༌ ཡོད༌པིན༌། 31 ཡང༌ ཏེ༌གུན༌ནི༌ ལན༌ མང༌པོ༌ ཡེ༌ཤུའ༌ ཁོང༌གུན༌ ཐའ༌ མ༌ནེ༌ མེད༌ཁན༌ནི༌ ས༌དོང༌ ཏིང༌ཅན༌ནི༌ ནང༌ང༌ ཕང༌ང༌ མི༌ཛད༌ཅེས༌ལ༌ ཇུ༌ཇུ༌ ཞུས༌།
32 ཏེ༌རུ༌ རི༌ཀ༌ ཕག༌གི༌ ཁྱུ༌ ཆེན༌མོ༌ཞིག༌ རྩཱ༌ ཟེན༌ ཡོད༌པིན༌། རྡུད༌གུན༌ནི༌ ཡེ༌ཤུའ༌ ཇུ༌ཇུ༌ ཞུས༌ཏེ༌ ཁོང༌གུན༌ ཏེ༌ ཕག༌གུན༌ནི༌ ནང༌ང༌ ཆ༌ཅུག༌ག༌ ཛད༌ཅེས༌ལ༌ ཟེརས༌, ཡེ༌ཤུའི༌ ཏེ༌གུན༌ལ༌ གོངས༌པ༌ སལ༌ལ༌ ཛདས༌། 33 ཏེ༌ནེ༌ རྡུད༌གུན༌ མི༌བོའེ༌ ནང༌ནེ༌ བིང༌ཏེ༌ ཕག༌གུན༌ནི༌ ནང༌ང༌ ཞུགས༌། ཡང༌ ཕག༌གི༌ ཁྱུ༌ རི༌ནེ༌ ཐུར༌ལ༌ བང༌ཏངས༌ཏེ༌ ཚོའེ༌ ནང༌ང༌ བུད༌ ཡང༌ ཆུའི༌ ནང༌ང༌ ནུབ༌ཏེ༌ ཤི༌།
34 ཕག༌ཚོ༌ཁན༌གུན༌ནི༌ བྱུང༌ཁན༌གུན༌ ཐོང༌ང༌ཅིག༌, གྲོང༌ཁྱེར༌ དང༌ ཉེ༌ཁོར༌རི༌ ནས༌ས༌གུན༌ལ༌ བང༌ཏངས༌ཏེ༌ སོང༌ ཡང༌ ཏེ༌གུན༌ ཤདས༌། 35 ཏེ༌ནེ༌ བྱུང༌ཁན༌གུན༌ ལྟའ༌ལ༌ མི༌གུན༌ སོང༌, ཡེ༌ཤུ༌ ཡོད༌ས༌ ལེབ༌བ༌ཅིག༌, རྡུད༌གུན༌ ཕིང༌ཁན༌ནི༌ མི༌བོ༌ ཡེ༌ཤུའི༌ ཞབས༌སི༌ དུན༌ལ༌ ཀོས༌ལག༌ གོན༌ཏེ༌ སྙོ༌ མ༌སྙོའ༌ དུགས༌ཏེ༌ ཐོང༌པ༌ ཁོང༌གུན༌ ཇིགས༌། 36 ཏེ༌ ཚང༌མ༌ ཐོང༌ཁན༌གུན༌ནི༌ རྡུད༌གུན༌ ཞུགས༌ཁན༌ནི༌ མི༌བོ༌ ཡེ༌ཤུའི༌ ཀ༌ཟུག༌གི༌ གྱལ༌ཅུག༌ག༌ ཛདས༌ཁན༌བོ༌ མི༌གུན༌ལ༌ ཞིབ༌སལ༌ ཅོས༌ཏེ༌ ཤདས༌། 37 ག༌ད༌རཱ༌ ཡུལ༌ཇོངས༌སི༌ མི༌ཚང༌མ༌ མ༌སྲན༌ཏྲེ༌ ཇིགས༌པ༌, ཁོང༌གུན༌ནི༌ ཡེ༌ཤུའ༌ ཁོང༌གུན༌ནི༌ ཡུལ༌ནེ༌ བིང༌ཏེ༌ སྐྱོད༌ ཟེརས༌། ཏེ༌ནེ༌ ཡེ༌ཤུ༌ དང༌ ལོབ༌ཕྲུགས༌གུན༌ གྲུ༌ཟིང༌ང༌ ཞོན༌ཏེ༌ ལོགས༌ཏེ༌ སྐྱོདས༌།
38 རྡུད༌གུན༌ ཕིང༌ཁན༌ནི༌ མི༌བོའེ༌ ཡེ༌ཤུའ༌, ཁོ༌ ཁོང༌ ཉམ༌པོ༌ ཡོང༌ ཅུག༌ག༌ ཛད༌ཅེས༌ལ༌ ཇུ༌ཇུ༌ ཟེར༌ཨིན༌ ཞུ༌ཝ༌ ཕུལས༌, ཨིན༌ནའང༌ ཡེ༌ཤུའི༌ ཁོ༌ ལོགས༌ཏེ༌ ལམ༌ཅུག༌ག༌ ཛད༌ཏེ༌ མོལས༌, 39 "ཁང༌པ༌ ལོགས༌ཏེ༌ སོང༌, ཡང༌ མི༌ཚང༌མ༌ལ༌ ཁྱོ༌རང༌ངི༌ ཕིའ༌ དཀོན༌མཆོག༌གི༌ ཛད༌ཁན༌ ཚང༌མ༌ ཤོད༌།" ཏེ༌ནེ༌ ཁོ༌ སོང༌ཏེ༌ གྲོང༌ཁྱེར༌ གང༌པོའེ༌ ནང༌ང༌ ཡེ༌ཤུའི༌ ཁོའེ༌ ཕིའ༌ ཛད༌ཁན༌ ཚང༌མ༌ ཤདས༌།
བུ༌མོ༌ ཆུ༌ངུན༌ ཤི༌ཁན༌ དང༌ ན༌ཆུང༌ ཟུ༌མོ༌ ཡོང༌ཁན༌།
8:40 ནེ༌ 56
40 ཚོའེ༌ འ༌ངོ༌ ཆོགས༌སི༌ ཕར༌ཀ༌ ལེབ༌བ༌ཅིག༌ མི༌ཚོགས༌ ཆེན༌མོ༌ཞིག༌གི༌ ཡེ༌ཤུའ༌ གའ༌སུས༌ ཞུས༌ ཅིའ༌ཟེར༌ན༌ ཁོང༌གུན༌ ཁོང༌ སྐྱོད༌ཅེས༌ལ༌ སྲུངས༌ཏེ༌ ཡོད༌པིན༌། 41 ཏེ༌ནེ༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌ངི༌ འུ༌སྐྱོང༌ ཡའེ༌རས༌ ཟེར༌ཁན༌བོ༌ ཡོངས༌ཏེ༌ ཡེ༌ཤུའི༌ ཞབས༌སི༌ དུན༌ལ༌ གྱེལ༌ཏེ༌ ཇུ༌ཇུ༌ ཞུ༌ཨིན༌ ཁོའེ༌ ཁང༌པ༌ སྐྱོད༌ཅེས༌ལ༌ ཟེརས༌, 42 ཅིའ༌ཟེར༌ན༌ ཧ༌ལམ༌ ལོ༌ ཅུག༌ཉིས༌ ཆའ༌ཁན༌ནི༌ ཁོའེ༌ བུ༌མོ༌ ཅིག༌ཅིག༌པོ༌ ཤི༌ཀྱིས༌ ཡོད༌པིན༌།
ཡེ༌ཤུ༌ ཁོ༌ ཉམ༌པོ༌ སྐྱོད༌ ཟ༌ནེ༌ མི༌ཚོགས༌ ཆེན༌མོའེ༌ ཁོང༌ང༌ ནན༌ཏེ༌ ཁྱོངས༌, 43 བུད༌ཁན༌ནི༌ ལོ༌ ཅུག༌ཉིས༌ནེ༌ ཕར༌ལ༌ ཏུས༌གྱུན༌ ཟུགས༌པོ༌ ཞིག༌ཅེས༌སི༌ ཟུ༌མོ༌ ཡོངས༌ཁན༌ནི༌ བུ༌མོ༌ཞིག༌ མི༌ཚོགས༌སི༌ ཕྲོའ༌ ཡོད༌པིན༌། སུ༌ཞིག༌གའང༌ ཁོ༌ ནད༌པོ༌ནེ༌ ཕན༌ཅུག༌ མ༌ཉན༌། 44 ཁོ༌ ཡེ༌ཤུའི༌ གྱབ༌ནེ༌ ཡོངས༌ཏེ༌ ཁོང༌ངི༌ ནམ༌ཟའེ༌ གྲུ༌ཞིག༌ག༌ ལག༌པ༌ ཏུག༌ག༌ཅིག༌, ཁོའེ༌ ཁྲག༌པོ༌ ཆད༌།
45 ཡེ༌ཤུའི༌ མོལས༌, "ངའ༌ སུའི༌ ལག༌པ༌ ཏུགས༌།"
མི༌ཚང༌མའེ༌ ལག༌པ༌ མ༌ཏུགས༌པིན༌ ཟེརས༌, ཏེ༌ནེ༌ པི༌ཏྲར༌རི༌ ཟེརས༌, "སྤོན༌བོ༌ལེ༌, མི༌ཚོགས༌སི༌ ཉེ༌རང༌ ནན༌ཨིན༌ ཕུལ༌ཨིན༌ ཁྱོང༌དུག༌།"
46 ཨིན༌ནའང༌ ཡེ༌ཤུའི༌ མོལས༌, "སུ༌ཞིག༌གི༌ ང༌ ལག༌པ༌ ཏུགས༌ ཅིའ༌ཟེར༌ན༌ ངའེ༌ ནང༌ནེ༌ ཕན༌ཅུག༌ཁན༌ནི༌ སྟོབས༌ བིང༌ཏེ༌ ཆའ༌ཁན༌བོ༌ ང༌ ཚོར༌།" 47 ཏེ༌ནེ༌ བུ༌མོ༌བོའེ༌ ཏེ༌བོ༌ སྦས༌ཏེ༌ བོར༌ མི༌ཉན༌ན༌ནོག༌ སམ༌ཏེ༌, དར༌ཨིན༌ ཡེ༌ཤུའི༌ དུན༌ལ༌ ཡོངས༌ཏེ༌ ཁོང༌ངི༌ ཞབས༌སི༌ཀ༌ གྱེལས༌། མི༌ཚང༌མའེ༌ དུན༌ལ༌ ཁོའེ༌ ཡེ༌ཤུའ༌ ལག༌པ༌ ཅིའ༌ རྩེས༌པིན༌ ཡང༌ ལག༌པ༌ ཏུག༌ག༌ཅིག༌ ཏེན༌ན༌མལ༌ལ༌ ཁོའེ༌ ཟུ༌མོ༌ ཕན༌ཁན༌བོ༌ ཤདས༌། 48 ཏེ༌ནེ༌ ཡེ༌ཤུའི༌ ཁོའ༌ མོལས༌, "བུ༌མོ༌ ཁྱོ༌རང༌ངི༌ ཏད༌པའེ༌ ཁྱོ༌རང༌ ཕན༌ཅུགས༌ཏེ༌ ཨིན༌། ཞི༌དེའེ༌ ཉམ༌པོ༌ སོང༌།"
49 ཁོང༌ངི༌ ཞལ༌ཏ༌ སལ༌ཨིན༌ ཡོད༌ ཟ༌ནེ༌, དུ༌ཁང༌ངི༌ འུ༌སྐྱོང༌ ཡའེ༌རས༌སི༌ ཁང༌པ༌ནེ༌ མི༌ཞིག༌ ཡོངས༌ཏེ༌ ཁོའ༌ ཟེརས༌, "ཉེ༌རང༌ངི༌ བུ༌མོ༌བོ༌ ཤི༌། ཏ༌ ལོབ༌པོན༌ལེའ༌ འོབ༌གྱལ༌ ལྟན༌ན༌ མ༌ཛད༌།"
50 ཏེ༌བོ༌ ཚོར༌ར༌ཅིག༌, ཡེ༌ཤུའི༌ ཡའེ༌རས༌ལ༌ མོལས༌, "ཇིགས༌ མ༌ཇིགས༌, ཏད༌པ༌ རང༌ ཅོས༌ ཁྱོ༌རང༌ངི༌ བུ༌མོ༌ གྱལ༌ཨིན༌།"
51 ཡེ༌ཤུ༌ ཡའེ༌རས༌སི༌ ཁང༌པ༌ ལེབ༌བ༌ཅིག༌, པི༌ཏྲར༌, ཡ༌ཀོབ༌, ཡོ༌ཧཱ༌ནན༌ དང༌ བུ༌མོའེ༌ ཕ༌མ༌ མ༌སྟོགས༌ ཞན༌སུ༌ཞིག༌གའང༌ ཁོང༌ ཉམ༌པོ༌ ཡོང༌ ཅུག༌ག༌ མ༌ཛདས༌། 52 ཏེན༌ན༌ ཏུས༌ལ༌ མི༌ཚང༌མ༌ ངུ༌ཨིན༌ ཉ༌ངན༌ ཅོའད༌པིན༌, ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "མ༌ངུ༌, ཁོ༌ མ༌ཤིའ༌ ཉིད༌ལོགས༌ཏེ༌ ཨིན༌།"
53 ཁོང༌གུན༌ནི༌ ཁྲེལ༌གོད༌ ཏངས༌ ཅིའ༌ཟེར༌ན༌ ཁོང༌གུན༌ལ༌ བུ༌མོ༌ ཤི༌ཏེ༌ ཨིན༌ཁན༌ གྱུས༌ཡོད༌པིན༌། 54 ཨིན༌ནའང༌ ཡེ༌ཤུའི༌ བུ༌མོའེ༌ ལག༌པ༌ ཐམས༌ས༌ ཛད༌ཏེ༌ ཁོའ༌ མོལས༌, "ངའེ༌ ཕྲུ༌གུ༌, ལོངས༌།" 55 ཏེན༌ན༌མལ༌ལ༌ བུ༌མོའེ༌ སེམས༌ཉིད༌ ལོགས༌ཏེ༌ ཡོངས༌པ༌ ཁོ༌ ཀོའག༌ ལངས༌ ཡང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ བུ༌མོ༌བོའ༌ ཅི༌ཏོང༌ཤིག༌ ཟའ༌ ཏང༌ཅེས༌ལ༌ མོལས༌། 56 ཕ༌མ༌གུན༌ མ༌སྲན༌ཏྲེ༌ ཧ༌ལས༌ ཨིན༌ནའང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ བྱུང༌ཁན༌བོ༌ སུའང༌ མི༌ཤད༌ཅེས༌ལ༌ བཀའ༌ སལས༌།

*8:10 8:10 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 6:9