20
སྤུར༌ཁང༌ སྟོང༌པ༌།
20:1 ནེ༌ 10
ཟ༌ཉི༌མའེ༌ ཞག༌ག༌ ང༌མོ༌ ཟང༌ཟིང༌ནེ༌ ནམ༌ མ༌ལངས༌ས༌ ཡོད༌ ཟ༌ནེ༌ མིར༌ཡམ༌ མག༌དལ༌ལ༌མ༌ སྤུར༌ཁང༌ང༌ སོང༌, ཡང༌ ཁོའ༌ སྤུར༌ཁང༌ངི༌ ཁར༌རྡོ༌བོ༌ ཐེན༌ཏེ༌ ཐོང༌། ཁོ༌ བང༌ཏང༌ཨིན༌ ཤི༌མོན༌ པི༌ཏྲར༌ དང༌ ཞན༌ ལོབ༌ཕྲུགས༌ གཙོ༌བོ༌ ཡེ༌ཤུའི༌ ཅེས༌པ༌ ཛད༌ཁན༌བོའེ༌ཀ༌ ཡོངས༌ཏེ༌ ཟེརས༌, "ཁོང༌གུན༌ནི༌ གཙོ༌བོ༌ སྤུར༌ཁང༌ནེ༌ ཕིངས༌ཏེ༌ ཁྱེར༌ཏེ༌ མི༌དུག༌ ཡང༌ ཀ༌རུ༌ ཁྱེརས༌ ང༌ཞའ༌ ཅའང༌ གྱུས༌མེད༌།"
ཏེ༌ནེ༌ པི༌ཏྲར༌ དང༌ ཞན༌ ལོབ༌ཕྲུགས༌པོ༌ སྤུར༌ཁང༌ང༌ ཆ༌ཅེས༌ གོ༌ཟུག༌, ཁོང༌གུན༌ བང༌ཏང༌ཨིན༌ ཆའད༌པིན༌, ཨིན༌ནའང༌ ཞན༌ ལོབ༌ཕྲུགས༌པོ༌ པི༌ཏྲར༌རི༌ སང༌ གྱགས༌པ༌ བང༌ཏངས༌ཏེ༌ སྔུན༌ལ༌ སྤུར༌ཁང༌ང༌ ལེབ༌། ཁོའེ༌ སྒུས༌ཏེ༌ ལྟས༌, སྤུར༌ལ༌ སྲིལ༌ཁན༌ནི༌ རས༌གུན༌ ཏེ༌ཀ༌ བོར༌ཏེ༌ ཐོང༌ ཨིན༌ནའང༌ ནང༌ཀུག༌ག༌ མ༌སོང༌། ཏེ༌ནེ༌ ཤི༌མོན༌ པི༌ཏྲར༌ ཁོའེ༌ གྱབ༌ནེ༌ ཏེ༌ཀ༌ ལེབས༌ཏེ༌ ཁ༌དྲང༌ང༌ སྤུར༌ཁང༌ངི༌ ནང༌ཀུག༌ག༌ ཞུགས༌ཏེ༌ སོང༌། ཁོའང༌ ཏེ༌རུ༌ སྤུར༌ལ༌ སྲིལ༌ཁན༌ནི༌ རས༌གུན༌ བོར༌ཏེ༌ ཐོང༌, ཡེ༌ཤུའི༌ ཨུའ༌ སྐོན༌ཏེ༌ ཡོད༌ཁན༌ནི༌ རས༌པོ༌ ལྟབས༌ཏེ༌ ཞན༌ སྲིལ༌ཁན༌ནི༌ རས༌སི༌ སང༌ སོ༌སོའ༌ བོར༌ཏེ༌ ཐོང༌། ཏེ༌ནེ༌, སྔུན༌ལ༌ སྤུར༌ཁང༌ང༌ ལེབ༌ཁན༌ནི༌ ཞན༌ ལོབ༌ཕྲུགས༌པོའང༌ ནང༌ཀུག༌ག༌ སོང༌, ཏེ༌གུན༌ ཐོང༌ཏེ༌ ཁོའེ༌ ཏད༌པ༌ ཅོས༌། ༼ཁོང༌གུན༌ལ༌ ཏ༌རུང༌ངའང༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ ཡེ༌ཤུ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌ གོ༌ཤེས༌ ཁག༌ཅན༌ ཨིན༌ བྲིས༌ཁན༌བོ༌ ཧ༌མ༌གོའ༌ ཨིན༌པིན༌༽ 10 ཏེ༌ནེ༌ ལོབ༌ཕྲུགས༌གུན༌ ཁོ༌རང༌གུན༌ནི༌ ཁང༌པ༌ ལོགས༌ཏེ༌ སོང༌།
མིར༌ཡམ༌ མག༌དལ༌ལ༌མ༌ ཡེ༌ཤུ༌ ཇལ༌།
20:11 ནེ༌ 18
11 ཨིན༌ནའང༌ མིར༌ཡམ༌ སྤུར༌ཁང༌ངི༌ ཕི༌ལོག༌ག༌ ངུ༌ཨིན༌ ཡོད༌པིན༌། ཁོའེ༌ ངུ༌ཨིན༌ སྒུས༌ཏེ༌ སྤུར༌ཁང༌ངི༌ ནང༌ཀུག༌ག༌ ལྟས༌། 12 ཁོའ༌ ཏེ༌རུ༌ ནམ༌ཟའ༌ ཀར༌པོ༌ གོན༌ཁན༌ནི༌ ཕོ༌ཉ༌ ཉིས༌ གཙོ༌བོ༌ ཡེ༌ཤུའི༌ སྤུར༌ བོར༌སེ༌ཀ༌ ཅིག༌པོ༌ ཨུའི༌ ཆོགས༌ལ༌ ཡང༌ ཅིག༌པོ༌ ཞབས༌སི༌ ཆོགས༌ལ༌ དུགས༌ཏེ༌ ཐོང༌།
13 ཕོ༌ཉ༌གུན༌ནི༌ མིར༌ཡམ༌མ༌ མོལས༌, "བུ༌མོ༌ ཁྱོ༌རང༌ ཅིའ༌ ངུའད༌?"
མིར༌ཡམ༌མི༌ ལན༌ཏངས༌, "ཁོང༌གུན༌ནི༌ ངའེ༌ གཙོ༌བོ༌ ཁྱེར༌ཏེ༌ མི༌དུག༌ ཡང༌ ཀ༌རུ༌ ཁྱེརས༌ ང༌ ཅའང༌ གྱུས༌མེད༌།"
14 ཏེ༌བོ༌ ཟེར༌ ཚར༌ར༌ཅིག༌, ཁོ༌ གྱུར༌པ༌ ཏེ༌རུ༌ ཡེ༌ཤུ༌ ཞངས༌ཏེ༌ ཇལ༌, ཨིན༌ནའང༌ ཁོའ༌ ཡེ༌ཤུ༌ ཨིན༌ཁན༌བོ༌ ངོ༌ མ༌ཤེས༌། 15 ཡེ༌ཤུའི༌ མོལས༌, "བུ༌མོ༌ ཁྱོ༌རང༌ ཅིའ༌ ངུའད༌? ཁྱོ༌རང༌ངི༌ སུ༌ ཙལ༌ལད༌?"
མིར༌ཡམ༌མི༌ ཁོ༌ ཚས༌ཁན༌ ཨིན༌གྲོ༌ སམ༌ཏེ༌ ཁོང༌ང༌ ཟེརས༌, "ཨ༌ཅོ༌ལེ༌, གལ༌ཏེས༌ ཉེ༌རང༌ངི༌ ཁོང༌ངི༌ སྤུར༌བོ༌ ཁྱེར༌ཏེ༌ ཨིན༌ན༌ ངའ༌ ཤོད༌དའང༌ ཀ༌རུ༌ བོར༌ཏེ༌ ཡོད༌, ངའེ༌ ཁོང༌ངི༌ སྤུར༌བོ༌ ཁྱེར༌ཨིན༌།"
16 ཡེ༌ཤུའི༌ མོལས༌, "མིར༌ཡམ༌།"
ཏེ༌བོ༌ ཚོར༌ར༌ཅིག༌, ཁོ༌ གྱུར༌ཏེ༌, ཡེ༌ཤུའི༌ ཆོགས༌ལ༌ ལྟས༌ཏེ༌ ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཟེརས༌, "ར༌བོན༌ནི༌" ༼ཡང༌ན༌ ལོབ༌པོན༌ལེ༌༽།
17 ཡེ༌ཤུའི༌ ཁོའ༌ མོལས༌, "ང༌ མ༌ཐམས༌ ཅིའ༌ཟེར༌ན༌ ང༌ ཏ༌རུང༌ ང༌རང༌ངི༌ ཡབ༌བི༌ཀ༌ ལོགས༌ཏེ༌ མ༌ཆའ༌ ཨིན༌། ཏེ༌སང༌ སོང༌ཏེ༌ ངའེ༌ སྤུན༌གུན༌ལ༌ ཟེར༌, 'ང༌ ནི༌ ངའེ༌ ཡབ༌ དང༌ ཁྱོ༌ཞའེ༌ ཡབ༌, ངའེ༌ དཀོན༌མཆོག༌ དང༌ ཁྱོ༌ཞའེ༌ དཀོན༌མཆོག༌ ཡོད༌ས༌ ལོགས༌ཏེ༌ ཆའད༌'།"
18 མིར༌ཡམ༌ མག༌དལ༌ལ༌མ༌ སོང༌ཏེ༌ ལོབ༌ཕྲུགས༌གུན༌ལ༌ ཟེརས༌, "ང༌ གཙོ༌བོ༌ ཇལ༌" ཡང༌ ཁོའེ༌ ཁོང༌གུན༌ལ༌ ཡེ༌ཤུའི༌ ལོན༌ ཀལ༌ལ༌ ཛད༌ཁན༌བོ༌ ཤདས༌།
ལོབ༌ཕྲུགས༌གུན༌ལ༌ ཡེ༌ཤུ༌ ཇལ༌།
20:19 ནེ༌ 23
19 ཟ༌ཉི༌མའེ༌ ཞག༌གི༌ ཕི༌ཏོག༌, ལོབ༌ཕྲུགས༌གུན༌ ཛོམས༌ཏེ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ལ༌ ཇིགས༌པ༌ སྒོ༌ སྲན༌ཏྲེ༌ ཅུགས༌ཏེ༌ དུགས༌ཏེ༌ ཡོད༌ ཟ༌ནེ༌, ཧུན༌མེད༌ལ༌ གཙོ༌བོ༌ ཡེ༌ཤུ༌ ཁོང༌གུན༌ནི༌ སྐྱིལ༌ལ༌ སྐྱོདས༌ ཡང༌ མོལས༌, "དཀོན༌མཆོག༌གི༌ ཞི༌དེ༌ ཁྱོ༌ཞའ༌ ཉམ༌པོ༌ ལུས༌ཤིག༌།" 20 ཏེ༌བོ༌ མོལ༌ཏེ༌ ཁོང༌ངི༌ ཁོང༌རང༌ངི༌ ཆག༌ དང༌ རྩིབ༌མའེ༌ ཾཾཾཾཾམ༌ཁའ༌གུན༌ ཁོང༌གུན༌ལ༌ ལྟན༌ན༌ ཛདས༌། གཙོ༌བོ༌ ཇལ༌ པ༌སང༌ ལོབ༌ཕྲུགས༌གུན༌ མ༌སྲན༌ཏྲེ༌ ཐད༌། 21 ཡེ༌ཤུའི༌ ཡང༌སྐྱར༌ ཁོང༌གུན༌ལ༌ མོལས༌, "དཀོན༌མཆོག༌གི༌ ཞི༌དེ༌ ཁྱོ༌ཞའ༌ ཉམ༌པོ༌ ལུས༌ཤིག༌, ཡབ༌བི༌ ང༌ ཀལ༌ལ༌ ཛད༌ཁན༌ ཙོགས༌ལ༌ ངེའང༌ ཁྱོ༌ཞ༌གུན༌ ཀལ༌ལད༌།" 22 ཏེ༌ཟུག༌ མོལ༌ཏེ༌ ཁོང༌གུན༌ནི༌ཀ༌ ཕུ༌ སལ༌ལ༌ ཛད༌ཏེ༌ མོལས༌, "དམ༌པའེ༌ ཐུག༌ཉིད༌ ལེན༌ཤིག༌། 23 གལ༌ཏེས༌ སུ༌ཞིག༌གི༌ སྡིག༌པའ༌ ཁྱོ༌ཞའེ༌ ཤགས༌པ༌ ཏང༌ན༌ དཀོན༌མཆོག༌གི༌ ཁོང༌གུན༌ནི༌ སྡིག༌པ༌ ཤགས༌པ༌ སལ༌ཨིན༌, ཡང༌ གལ༌ཏེས༌ སུ༌ཞིག༌གི༌ སྡིག༌པ༌ ཁྱོ༌ཞའེ༌ ཤགས༌པ༌ མ༌ཏང༌ན༌ དཀོན༌མཆོག༌གི༌ ཁོང༌གུན༌ནི༌ སྡིག༌པ༌ ཤགས༌པ༌ མི༌སལ༌།"
ཡེ༌ཤུ༌ ཐོ༌མཱས༌ལ༌ ཇལ༌།
20:24 ནེ༌ 31
24 ལོབ༌ཕྲུགས༌ ཅུག༌ཉིས༌སི༌ ཕྲོ༌ནེ༌ ཅིག༌ ཐོ༌མཱས༌ ༼ཀ༌བོའ༌ ཚག༌ཕྲུག༌ ཟེར༌རད༌པིན༌༽ གཙོ༌བོ༌ ཡེ༌ཤུ༌ སྐྱོད༌དི༌ ཏུས༌ལ༌ ཞན༌ ལོབ༌ཕྲུགས༌གུན༌ནི༌ ཕྲོའ༌ མེད༌པིན༌། 25 ཞན༌ ལོབ༌ཕྲུགས༌གུན༌ནི༌ ཁོའ༌ ཟེརས༌, "ང༌ཞའེ༌ གཙོ༌བོ༌ ཇལ༌།"
ཨིན༌ནའང༌ ཐོ༌མཱས༌སི༌ ཁོང༌གུན༌ལ༌ ཟེརས༌, "ནམ༌ཚོག༌པ༌ ངའེ༌ ཁོང༌ངི༌ ཆག༌གི༌ཀ༌ ཟེ༌རུའི༌ མལ༌གུན༌ མི༌ཐོང༌ ཡང༌ ཏེ༌གུན༌ནི༌ ནང༌ང༌ ང༌རི༌ ཛི༌གུ༌ མི༌ཏང༌, ཡང༌ ང༌རི༌ ལག༌པ༌ ཁོང༌ངི༌ རྩིབ༌མའེ༌ ནང༌ང༌ ཏངས༌ཏེ༌ མ༌ནེ༌ ང༌ དེན༌ཤེ༌ཤེས༌ མེ༌རག༌།"
26 རྡུན༌ཞག༌ཅིག༌གི༌ སྟིང༌ནེ༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ ཡང༌སྐྱར༌ ཏེན༌ན༌ ཁང༌པའེ༌ ནང༌ང༌ ཛོམས༌ཏེ༌ ཐོ༌མཱས༌སའང༌ ཁོང༌གུན༌ ཉམ༌པོ༌ ཡོད༌པིན༌། སྒོ༌ སྲན༌ཏྲེ༌ ཅུགས༌ཏེ༌ ཡོད༌ནའང༌ ཡེ༌ཤུ༌ སྐྱོད༌ཏེ༌ ཁོང༌གུན༌ནི༌ ཕྲོའ༌ ཞངས༌ཏེ༌ མོལས༌, "དཀོན༌མཆོག༌གི༌ ཞི༌དེ༌ ཁྱོ༌ཞའ༌ ཉམ༌པོ༌ ལུས༌ཤིག༌།" 27 ཏེ༌ནེ༌ ཁོང༌ངི༌ ཐོ༌མཱས༌ལ༌ མོལས༌, "ཁྱོ༌རང༌ངི༌ ཛི༌གུ༌ ངའེ༌ ལག༌པའེ༌ མ༌ཁའེ༌ ནང༌ང༌ ཙུག༌ཏེ༌ ལྟོས༌, ཡང༌ ལག༌པ༌ རྐྱངས༌ཏེ༌ ངའེ༌ རྩིབ༌མའེ༌ མ༌ཁའེ༌ ནང༌ང༌ ཅུག༌། ཐེ༌ཚོམས༌ ཕོངས༌ཏེ༌ ཨིད༌ཤེས༌ ཅོས༌།"
28 ཐོ༌མཱས༌སི༌ ཡེ༌ཤུའ༌ ཟེརས༌, "ངའེ༌ གཙོ༌བོ༌ ཡང༌ ངའེ༌ དཀོན༌མཆོག༌ལེ༌།"
29 ཡེ༌ཤུའི༌ ཁོའ༌ མོལས༌, "ཁྱོ༌རང༌ངི༌ ང༌ ཐོངས༌ པ༌སང༌ ཏད༌པ༌ ཅོས༌། ཨིན༌ནའང༌ ང༌ མ༌ཐོང༌ང༌ ཏད༌པ༌ ཅོ༌ཁན༌གུན༌ལ༌ དཀོན༌མཆོག༌གི༌ ཅིན༌ལབས༌ ཐོབ༌ཨིན༌།"
30 ཡེ༌ཤུ༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཡོད༌ ཟ༌ནེ༌ ཞན༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ ཛདས༌, ཀ༌གུན༌ འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཏེ༌ མེད༌། 31 ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཡེ༌ཤུ༌ ཁོང༌རང༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ཡང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ཁན༌བོའེ༌ཀ༌ ཏད༌པ༌ ཅོ༌ཅེས༌སི༌ ཕིའ༌ ངའེ༌ འི༌གུན༌ བྲིས༌ཏེ༌ ཨིན༌, ཡང༌ ཏེ༌བོའ༌ ཏད༌པ༌ ཅོ༌ཅེས༌པོའེ༌ ཁྱོ༌ཞ༌གུན༌ལ༌ ཁོང༌ངི༌ ཝང༌ གྱུད༌ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཨིན༌།