18
ཡེ༌ཤུ༌ ཟུམས༌།
18:1 ནེ༌ 11
1 མོས༌ལམ༌ ཞུ༌ ཚར༌ར༌ཅིག༌, གཙོ༌བོ༌ ཡེ༌ཤུ༌, ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཏེ༌ ནས༌ས༌ནེ༌ བིང༌ཏེ༌ ཀིད༌རོན༌ནི༌ ལུང༌པའེ༌ འ༌ངོ༌ ཆོགས༌ལ༌ ཡོད༌ཁན༌ནི༌ ཨོ༌ལིཝ༌ཝི༌ ཚས༌སི༌ ནང༌ང༌ སྐྱོདས༌། 2 ཁོང༌ང༌ ངོ༌ལོག༌ ཅོ༌ཁན༌ནི༌ ཡུ༌དཱ༌ ཏེ༌ ནས༌ས༌བོ༌ གྱུས༌ཡོད༌པིན༌, ཅིའ༌ཟེར༌ན༌ ཡེ༌ཤུ༌ ལན༌ མང༌པོ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཏེ༌རུ༌ སྐྱོད༌ད༌ ཛད༌དད༌པིན༌། 3 ཏེ༌ནེ༌ ཡུ༌དཱ༌ ཕ༌རུ༌ཤི༌པ༌གུན༌ དང༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཀལ༌ཁན༌ནི༌ རོམ༌པའེ༌ མག༌མི༌ སྡེ༌ཞིག༌ དང༌ ཆོད༌ཁང༌ སྲུང༌ཁན༌ གུན༌ ཁྲིད༌ཏེ༌ ཚས༌སི༌ ནང༌ང༌ ལེབ༌། ཁོང༌གུན༌ནི༌ པམ༌བར༌, ལལ༌ཀྲེན༌ དང༌ ཚོན༌ཆ༌ ཁུར༌ཏེ༌ ཡོད༌པིན༌། 4 ཡེ༌ཤུའ༌ ཁོང༌ངི༌ཀ༌ བྱུང༌ཅེས༌ ཚང༌མ༌ གྱལ༌ལ༌ ཅོས༌ཏེ༌ ཁྱེན༌ནད༌པིན༌, ཏེན༌ན༌བོའེ༌ཕིའ༌ ཁོང༌ ཕི༌ལོག༌ག༌ སྐྱོད༌ཏེ༌ ཁོང༌གུན༌ལ༌ ཏྲིའ༌ ཛདས༌, "ཁྱོ༌ཞའེ༌ སུ༌ ཙལ༌ལད༌?"
5 ཁོང༌གུན༌ནི༌ ལན༌ཏངས༌, "ན༌ཙ༌རེད༌པ༌ ཡེ༌ཤུ༌།"
ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ང༌ ཨིན༌།"
༼ཁོང༌ང༌ ངོ༌ལོག༌ ཅོ༌ཁན༌ནི༌ ཡུ༌དཱའང༌ ཁོང༌གུན༌ ཉམ༌པོ༌ ཡོད༌པིན༌༽ 6 ཡེ༌ཤུའི༌, "ང༌ ཨིན༌" མོལ༌ལ༌ཅིག༌, ཁོང༌གུན༌ གྱབ༌ལོག༌ག༌ སོང༌ ཡང༌ སའེ༌ཀ༌ གྱེལ༌། 7 ཡེ༌ཤུའི༌ ཡང༌ ལྡབས༌ཏེ༌ མོལས༌, "ཁྱོ༌ཞའེ༌ སུ༌ ཙལ༌ལད༌?"
ཁོང༌གུན༌ནི༌ ཟེརས༌, "ན༌ཙ༌རེད༌པ༌ ཡེ༌ཤུ༌།"
8 ཡེ༌ཤུའི༌ མོལས༌, "ངའེ༌ ཁྱོ༌ཞའ༌ ཟེར༌པིན༌ 'ཁོ༌ ང༌ ཨིན༌', གལ༌ཏེས༌ ཁྱོ༌ཞའེ༌ ང༌ ཙལ༌ལད༌ན༌ ངའེ༌ ལོབ༌ཕྲུགས༌གུན༌ ཆ༌ཅུག༌།" 9 ཏེ༌བོ༌ ནི༌ ཁོང༌ངི༌ "ཉེ༌རང༌ངི༌ ང༌ སལ༌ཁན༌ནི༌ ཕྲོ༌ནེ༌ ཅིག༌གའང༌ མ༌སྟོར༌" མོལ༌ཁན༌བོ༌ དྲན༌དྲ༌ གྲུབ༌ཅེས༌པོ༌ ཨིན༌པིན༌།
10 ཤི༌མོན༌ པི༌ཏྲར༌རི༌ ཁོའེ༌ ལག༌ག༌ ཡོད༌ཁན༌ནི༌ ར༌འི༌ ཕིངས༌ཏེ༌ བླ༌མ༌ ཆེན༌མོའེ༌ ཡོག༌པོའ༌ གྱབས༌ཏེ༌ ཁོའེ༌ ནམ༌ཅོག༌ ཡས༌པ༌ ཅད༌ཏངས༌ ༼ཏེ༌ ཡོག༌པོའེ༌ མིང༌བོ༌ མལ༌ཁུས༌ ཨིན༌པིན༌༽། 11 ཡེ༌ཤུའི༌ པི༌ཏྲར༌ལ༌ བཀའ༌ སལ༌ཏེ༌ མོལས༌, "ར༌འི༌བོ༌ ཤུབས༌སི༌ ནང༌ང༌ གྱོང༌། ཅི༌ ཡབ༌བི༌ ངའ༌ སལ༌ཁན༌ནི༌ རྡུག༌ངལ༌ལི༌ དོན༌སྐྱོག༌པོ༌ ངའེ༌ མི༌ཐུང༌ང༌?"
ཡེ༌ཤུ༌ བླ༌མ༌ ཆེན༌མོའེ༌ཀ༌ ཁྱེརས༌།
18:12 ནེ༌ 14
12 ཏེ༌ནེ༌ རོམ༌པའེ༌ མག༌མི༌, ཁོང༌གུན༌ནི༌ མག༌སྤོན༌ དང༌ ཆོད༌ཁང༌ སྲུང༌ཁན༌གུན༌ནི༌ གཙོ༌བོ༌ ཡེ༌ཤུ༌ ཟུམས༌ ཡང༌ ཁོང༌ངི༌ ཆག༌ ལྡམས༌ཏེ༌ 13 ཨན༌ནཱས༌ ཡོད༌ས༌ ཁྱེརས༌, ཁོ༌ ཀ༌ཡ༌ཕཱས༌སི༌ ན༌མའེ༌ ཨ༌བ༌ ཨིན༌པིན༌, ཡང༌ ཀ༌ཡ༌ཕཱས༌ ཏེ༌ ལོའེ༌ བླ༌མ༌ ཆེན༌མོ༌ ཨིན༌པིན༌། 14 ༼འིན༌ན༌ ཀ༌ཡ༌ཕཱས༌སི༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ལ༌ ཁ༌ད༌ ཏངས༌ཏེ༌ མི༌གུན༌ནི༌ ཏོན༌ལ༌ མི༌ ཅིག༌ ཤི༌ན༌ གྱལ༌ ཟེར༌ཏེ༌ ཨིན༌པིན༌༽།
པི༌ཏྲར༌རི༌ ཡེ༌ཤུ༌ མི༌ཤེས༌ཟུན༌ ཏངས༌།
18:15 ནེ༌ 18
15 ཤི༌མོན༌ པི༌ཏྲར༌ དང༌ ཞན༌ ལོབ༌ཕྲུགས༌ ཅིག༌ ཡེ༌ཤུའི༌ གྱབ༌གྱབ༌ནེ༌ སོང༌, ཞན༌ ལོབ༌ཕྲུགས༌པོ༌ བླ༌མ༌ ཆེན༌མོའེ༌ ངོ༌ཤེས༌ཁན༌ ཨིན༌པ༌ ཁོ༌ གཙོ༌བོ༌ ཡེ༌ཤུ༌ ཉམ༌པོ༌ བླ༌མ༌ ཆེན༌མོའེ༌ ཕོ༌གྲང༌ངི༌ གྱང༌སྐོར༌རི༌ ནང༌ང༌ ཡོང༌ཅུགས༌། 16 ཨིན༌ནའང༌ པི༌ཏྲར༌ གྱས༌སྒོའེ༌ ཕི༌ལོག༌ག༌ ལུས༌། བླ༌མ༌ ཆེན༌མོའེ༌ ངོ༌ཤེས༌ཁན༌ནི༌ ལོབ༌ཕྲུགས༌པོ༌ ལོགས༌ཏེ༌ ཡོངས༌ ཡང༌ སྒོ༌ སྲུང༌མ༌བོའ༌ སྤེ༌ར༌ ཏངས༌ཏེ༌ པི༌ཏྲར༌ ནང༌ཀུག༌ག༌ ཁྲིད༌ཏེ༌ ཁྱེརས༌། 17 ཏེ༌ སྒོ༌ སྲུང༌ཁན༌ནི༌ བུ༌མོ༌བོའེ༌ པི༌ཏྲར༌ལ༌ ཏྲིས༌, "ཁྱོ༌རང༌ངའང༌ ཁོང༌ངི༌ ལོབ༌ཕྲུགས༌ ཅིག༌ མན༌ན༌?"
པི༌ཏྲར༌རི༌ ཟེརས༌, "ང༌ མན༌།"
18 གྲང༌མོ༌ ཡོད༌ཅེས༌པོའེ༌, ཏེ༌རུ༌ ཡོད༌ཁན༌ནི༌ ཡོག༌པོ༌གུན༌ དང༌ སྲུང༌ཁན༌གུན༌ནི༌ མེ༌ ཏངས༌ཏེ༌ ཚང༌མ༌ ཀྱིར༌ཁོར༌ཏེ༌ མེ༌ སྲོའད༌པིན༌, ཁོང༌གུན༌ནི༌ ཕྲོའ༌ པི༌ཏྲར༌རིའང༌ མེ༌ སྲོའད༌པིན༌།
བླ༌མ༌ ཆེན༌མོའེ༌ ཡེ༌ཤུའ༌ ཏྲི༌ཝ༌ ཏྲིས༌།
18:19 ནེ༌ 24
19 ཏེ༌ ཟ༌ནེ༌ བླ༌མ༌ ཆེན༌མོའེ༌ * 18:19 ཀ༌ཡ༌ཕཱས༌ ཏེན༌ན༌ ལོའེ༌ བླ༌མ༌ ཆེན༌མོ༌ ཨིན༌ཏེའང༌ ཨན༌ནཱས༌ལ༌ ཏ༌རུང༌ངའང༌ བླ༌མ༌ ཆེན༌མོའེ༌ མིང༌བོ༌ ཐོབ༌བད༌པིན༌། ཡང༌ འི༌ཀ༌ བླ༌མ༌ ཆེན༌མོ༌ ཁོའ༌ ཟེར༌ཏེ༌ ཨིན༌ནོག༌ , གཙོ༌བོ༌ ཡེ༌ཤུའ༌ ཁོང༌ངི༌ ལོབ༌ཕྲུགས༌ དང༌ ལབ༌ཞ༌ གུན༌ནི༌ སྐོར༌ལ༌ ཏྲིས༌།
20 ཡེ༌ཤུའི༌ ལན༌སལས༌, "ངའེ༌ སྦ༌ མ༌སྦའ༌ མི༌ཚང༌མའེ༌ དུན༌ལ༌ ཤད༌པིན༌, ངའེ༌ ཡ༌ཧུ༌དཱ༌པ༌ ཚང༌མ༌ ཛོམས༌སེ༌ དུ༌ཁང༌གུན༌ དང༌ ཆོད༌ཁང༌ངི༌ ནང༌ང༌ ཏུས༌གྱུན༌ ལབ༌ཞ༌ ཏང༌ངད༌པིན༌། ངའེ༌ སང༌ཝའེ༌ ནང༌ང༌ ཅི༌ཞིག༌གའང༌ མ༌ཟེར༌པིན༌། 21 ཉེ༌རང༌ངི༌ ང༌ ཅིའ༌ ཏྲིའད༌། ངའེ༌ ལབ༌ཞ༌ ཚོར༌ཁན༌གུན༌ལ༌ ཏྲིས༌, ངའེ༌ ཟེར༌ཁན༌གུན༌ ཁོང༌གུན༌ལ༌ ཏན༌ཏན༌ གྱུས༌ཨིན༌ནོག༌།"
22 ཡེ༌ཤུའི༌ ཏེ༌བོ༌ མོལ༌ལ༌ཅིག༌, ཆོད༌ཁང༌ སྲུང༌ཁན༌གུན༌ནི༌ ཕྲོ༌ནེ༌ ཡེ༌ཤུའི༌ དུན༌ལ༌ དུགས༌ཏེ༌ ཡོད༌ཁན༌ ཅིག༌གི༌ ཁོང༌ང༌ གྲམ༌ལྕགས༌ ཏངས༌ཏེ༌ ཟེརས༌, "བླ༌མ༌ ཆེན༌མོའ༌ འི༌ཙོགས༌ལ༌ ལན༌ཏང༌ང༌ནོག༌ག༌?"
23 ཡེ༌ཤུའི༌ ཁོའ༌ མོལས༌, "གལ༌ཏེས༌ ངའེ༌ རྩོག༌པོ༌ཞིག༌ ཟེར༌ཏེ༌ ཨིན༌ན༌ ཏེ༌བོ༌ ལྟན༌ཏེ༌ ཏོང༌། ཨིན༌ནའང༌ དེན༌བ༌ ཟེར༌ཏེ༌ ཨིན༌ན༌ ཏོན༌མེད༌ལ༌ ང༌ ཅིའ༌ རྡུང༌ངད༌།" 24 ཏེ༌ནེ༌ ཨན༌ནཱས༌སི༌ ཆག༌ དམ༌དམས༌པོའེ༌ཀ༌ ཡེ༌ཤུ༌ བླ༌མ༌ ཆེན༌མོ༌ ཀ༌ཡ༌ཕཱས༌སི༌ཀ༌ ཀལས༌།
པི༌ཏྲར༌རི༌ ཡང༌སྐྱར༌ ཡེ༌ཤུ༌ ངོ༌ མི༌ཤེས༌ཟུན༌ ཏངས༌།
18:25 ནེ༌ 27
25 ཤི༌མོན༌ པི༌ཏྲར༌ མེའ༌ སྲོ༌ཨིན༌ ཡོད༌ ཟ༌ནེ༌ ཅིག༌ཅིག༌གི༌ ཁོང༌ང༌ ཏྲིས༌, "ཁྱོ༌རང༌ངའང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཕྲོ༌ནེ༌ ཅིག༌ མན༌ན༌?"
པི༌ཏྲར༌རི༌ ཟུན༌ ཏངས༌ཏེ༌ ཟེརས༌, "ང༌ མན༌།"
26 བླ༌མ༌ ཆེན༌མོའེ༌ ཡོག༌པོ༌གུན༌ནི༌ ཕྲོ༌ནེ༌ ཅིག༌ པི༌ཏྲར༌རི༌ ར༌འི༌ ཉམ༌པོ༌ ནམ༌ཅོག༌ ཅད༌ཁན༌ནི༌ མི༌བོའེ༌ ཉེན༌ ཨིན༌པིན༌, ཁོའེ༌ པི༌ཏྲར༌ལ༌ ཟེརས༌, "ངའེ༌ ཁྱོ༌རང༌ ཁོ༌ ཉམ༌པོ༌ ཚས༌སི༌ ནང༌ང༌ ཐོང༌ཏེ༌ མན༌པིན༌ན༌?" 27 པི༌ཏྲར༌རི༌ ཡང༌ ལན༌ཅིག༌ མི༌ཤེས༌ཟུན༌ ཏངས༌, ཏེན༌ན༌མལ༌ལ༌ ཅ༌པོའེ༌ ཅ༌སྐད༌ ཏངས༌།
ཡེ༌ཤུའ༌ པི༌ལ༌ཏུའི༌ དུན༌ལ༌ ཁྲིམས༌ཅདས༌།
18:28 ནེ༌ 40
28 ཏེ༌ནེ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ང༌མོ༌ ཟང༌ཟིང༌ནེ༌ གཙོ༌བོ༌ ཡེ༌ཤུ༌ ཀ༌ཡ༌ཕཱས༌སི༌ ཀ༌ནེ༌ རོམ༌པའེ༌ ཀའ༌ལོན༌ནི༌ ཁར༌ལ༌ ཁྱེརས༌། ཁོང༌གུན༌ ཚི༌ཏུ༌ སོང༌ཏེ༌ པེ༌སག༌གི༌ དོན༌ཏང༌ ཟའ༌མི༌ཉན༌ སམ༌ཏེ༌ ཇིགས༌པ༌ ཁར༌རི༌ ནང༌ཀུག༌ག༌ མ༌སོང༌། 29 ཏེ༌བོའེ༌ཕིའ༌ པི༌ལ༌ཏུ༌ ཁོང༌གུན༌ནི༌ དུན༌ལ༌ ཕི༌ལོག༌ག༌ བིངས༌ཏེ༌ ཡོངས༌ ཡང༌ ཟེརས༌, "འི༌ མི༌བོའེ༌ཀ༌ ཁྱོ༌ཞ༌གུན༌ནི༌ ཅི༌ ཉད༌ཀལ༌ལད༌?"
30 ཁོང༌གུན༌ནི༌ ཟེརས༌, "གལ༌ཏེས༌ ཁོ༌ ཁྲིམས༌ཅག༌ཁན༌ཞིག༌ མན༌པིན༌ན༌ ང༌ཞའེ༌ ཁོ༌ ཉེ༌རང༌ངི༌ ལག༌ག༌ སྟད༌ཏེ༌ མེད༌གྲོ༌།"
31 པི༌ལ༌ཏུའི༌ ཟེརས༌, "ཁྱོ༌ཞའེ༌ ཁྱེར༌ཏེ༌ ཁྱོ༌ཞ༌རང༌ངི༌ བཀའ༌ཁྲིམས༌ ནང༌ཞིན༌ལ༌ ཁོའེ༌ཀ༌ ཁྲིམས༌ཅོད༌།"
ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཟེརས༌, "ང༌ཞའ༌ སུ༌ཞིག༌གའང༌ སད༌ཅེས༌སི༌ ཝང༌ མེད༌།" 32 ༼ཡེ༌ཤུའི༌ ཁོང༌ ཀ༌ལུགས༌ལ༌ ཀྲོང༌གོས༌ཨིན༌ མོལ༌ཁན༌བོ༌ དྲན༌དྲ༌ གྲུབ༌ཅེས༌ལ༌ ཏེ༌གུན༌ བྱུང༌༽།
33 ཏེ༌ནེ༌ པི༌ལ༌ཏུ༌ ཁར༌རི༌ ནང༌ཀུག༌ག༌ སོང༌ ཡང༌ ཡེ༌ཤུ༌ བོད༌ཏེ༌ ཁྱོང༌ཅུགས༌ཏེ༌ ཏྲིས༌, "ཅི༌ ཁྱོ༌རང༌ ཡ༌ཧུ༌དཱ༌པའེ༌ གྱལ༌པོ༌ ཨིན༌ན༌?"
34 ཡེ༌ཤུའི༌ ལན༌སལས༌, "འི༌ ཏྲི༌ཝ༌བོ༌ ཉེ༌རང༌ རང༌ངི༌ ཏྲིས༌ཏེ༌ ཨིན༌ན༌ ཡ༌ ཞན༌མ༌གུན༌ནི༌ ངའེ༌ སྐོར༌ལ༌ ཤད༌ད༌རག༌?"
35 པི༌ལ༌ཏུའི༌ ཟེརས༌, "ཅི༌ ང༌ ཡ༌ཧུ༌དཱ༌པ༌ ཨིན༌ནོག༌ག༌? ཁྱོ༌རང༌ རང༌ངི༌ མི༌གུན༌ དང༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ ཁྱོ༌རང༌ ངའེ༌ ལག༌ག༌ སྟདས༌། ཁྱོ༌རང༌ངི༌ ཅི༌ ཅོས༌པིན༌?"
36 ཡེ༌ཤུའི༌ ལན༌སལས༌, "ངའེ༌ གྱལ༌སྲིད༌པོ༌ ནི༌, འི༌ ཇིག༌རྟེན༌ནི༌ གྱལ༌སྲིད༌ཞིག༌ མན༌། གལ༌ཏེས༌ ཨིན༌པིན༌ན༌ ཏེ༌ནེ༌ ངའེ༌ ཡོག༌པོ༌གུན༌ནི༌ མག༌ ཏངས༌ཏེ༌ ང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ལག༌ག༌ སྟད༌ཅུགས༌ཏེ༌ མེད༌གྲོ༌, ཨིན༌ནའང༌ ངའེ༌ གྱལ༌སྲིད༌པོ༌ ནི༌ འི༌ ཇིག༌རྟེན༌ནེ༌ མན༌།"
37 པི༌ལ༌ཏུའི༌ ཟེརས༌, "ཏེ༌ནེ༌ ཁྱོ༌རང༌ གྱལ༌པོ༌ཞིག༌ ཨིན༌རག༌?"
ཡེ༌ཤུའི༌ ཁོའ༌ མོལས༌, "ཉེ༌རང༌ངི༌ ཟེར༌ཁན༌བོ༌ དྲང༌པོ༌ ཨིན༌ནོག༌, ང༌ གྱལ༌པོ༌ ཨིན༌། དེན༌བ༌, ང༌ ཏེ༌བོའེ༌ཕིའ༌ སྐྱེས༌ཏེ༌ ཨིན༌ ཡང༌ དཀོན༌མཆོག༌གི༌ དེན༌བའེ༌ ལམ༌མི༌ སྤང༌པོ༌ ཏང༌ཅེས༌སི༌ ཕིའ༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ ཡོངས༌ཏེ༌ ཨིན༌། དེན༌བ༌བོའ༌ ཅམས༌པ༌ ཅོ༌ཁན༌ ཚང༌མའེ༌ ངའེ༌ ཟེར༌ཁན༌གུན༌ དྲང༌པོ༌ ཨིན༌ཁན༌བོ༌ ཤེས༌ས༌ནོག༌།"
38 པི༌ལ༌ཏུའི༌ ཏྲིས༌, "དེན༌བ༌བོ༌ ཅི༌ ཨིན༌ནོག༌།" ཏེན༌ན༌བོ༌ ཟེར༌ཏེ༌ ཁོ༌ ཡང༌སྐྱར༌ ཕི༌ལོག༌ག༌ མི༌གུན༌ ཡོད༌ས༌ སོང༌ཏེ༌ ཟེརས༌, "ང༌ འི༌ མི༌བོའེ༌ ནང༌ང༌ ཅའང༌ སྐྱོན༌ ཐོབ༌བ༌ མི༌དུག༌། 39 ཨིན༌ནའང༌ ཁྱོ༌ཞའེ༌ ལུག༌སྲོལ༌ ནང༌ཞིན༌, ངའེ༌ པེ༌སག༌གི༌ ཏུས༌ལ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ཙོན༌པ༌ཞིག༌ ཕུད༌དད༌། ངའེ༌ ཡ༌ཧུ༌དཱ༌པའེ༌ གྱལ༌པོ༌བོ༌ ཕུད༌ད༌?" 40 ཁོང༌གུན༌ནི༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "མན༌ ཁོ༌ མ༌ཕུད༌། ང༌ཞའེ༌ ཕིའ༌ བཱ༌ར༌བས༌ ཕུད༌ད༌ ཛད༌" ༼བཱ༌ར༌བས༌ རོམ༌མི༌ ཝང༌སྲུལ༌པ༌ ངོ༌ལོག༌ ཅོ༌ཁན༌ཞིག༌ ཨིན༌པིན༌༽།
*18:19 18:19 ཀ༌ཡ༌ཕཱས༌ ཏེན༌ན༌ ལོའེ༌ བླ༌མ༌ ཆེན༌མོ༌ ཨིན༌ཏེའང༌ ཨན༌ནཱས༌ལ༌ ཏ༌རུང༌ངའང༌ བླ༌མ༌ ཆེན༌མོའེ༌ མིང༌བོ༌ ཐོབ༌བད༌པིན༌། ཡང༌ འི༌ཀ༌ བླ༌མ༌ ཆེན༌མོ༌ ཁོའ༌ ཟེར༌ཏེ༌ ཨིན༌ནོག༌