ཡ༌ཀོབ༌བི༌ ཆོགས༌ནེ༌ ཆག༌བྲིས༌།
ཡ༌ཀོབ༌བི༌ ཆག༌བྲིས༌སི༌ སྐོར༌།
འི༌ ཆག༌བྲིས༌ བྲིའ༌ ཛད༌ཁན༌བོའེ༌ ཁོ༌རང༌ང༌ ཡ༌ཀོབ༌ ཟེར༌དུག༌། འི༌ མི༌བོ༌ གཙོ༌བོ༌ ཡེ༌ཤུའི༌ ནོ༌གུན༌ནི༌ ནང༌ནེ༌ ཅིག༌ ཡང༌ ཡེ༌རུ༌ཤ༌ལེམ༌མི༌ ཆོས༌ཚོགས༌སི༌ འུ༌སྐྱོང༌ ཨིན༌ཁན༌བོ༌ ང༌དང༌ང༌ གྱུན༌ཚན༌ མང༌པོ༌ གྱུད༌ཏེ༌ ཧ༌གོའ༌ནོག༌།
ཆོས༌སི༌ ཁས༌པ༌ མང༌པོའེ༌ འི༌ ཆག༌བྲིས༌པོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌, ལོ༌ 13 མི༌ ཉེ༌ཁོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ཁན༌བོ༌ སམ༌ཅེས༌པོའེ༌, འི༌ ཆག༌བྲིས༌པོ༌ ཞལ༌ཆད༌ སོ༌མའེ༌ ཚང༌མའེ༌སང༌ གོ༌མ༌ བྲིའ༌ ཛད༌ཁན༌ནི༌ སྤེ༌ཆ༌ ཅིག༌ཅིག༌ ཨིན༌ཁན༌བོ༌ ཧ༌གོའ༌ནོག༌།
འི༌ ཆག༌བྲིས༌པོ༌ ཇིག༌རྟེན༌ནི༌ ནང༌ང༌ ཡན༌ཏེ༌ ཡོད༌ཁན༌ དཀོན༌མཆོག༌གི༌ མི༌རིགས༌ ཅུག༌ཉིས༌པོའ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌། ཁས༌པ༌ མང༌པོའེ༌ ཡ༌ཀོབ༌བི༌ འི༌བོ༌ ཡ༌ཧུ༌དཱ༌པ༌ མ༌ཤི༌ཀ༌པ༌གུན༌ལ༌ བྲིའ༌ ཛད༌ཁན༌བོ༌ སམ༌མ༌ནོག༌། འི༌ ཆག༌བྲིས༌ བྲི༌ཚུལ༌བོའེ༌ ཏེ༌ སྤེ༌ར༌གུན༌ལ༌ གྱབ༌སྐྱོར༌ ཅོའ༌ནོག༌།
ཡ༌ཀོབ༌བི༌ ཆག༌བྲིས༌ བྲི༌ཅེས༌སི༌ གྱུན༌ཚན༌བོ༌, འི༌ ཆག༌བྲིས༌ སིལ༌ཁན༌གུན༌ལ༌ ཏད༌པ༌ ཅོའད༌ ཅིག༌པོ༌ མ༌ཟེར༌ར༌ ཞག༌ཏང༌ངི༌ ལས༌སི༌ ནང༌ང༌ ཏེ༌བོ༌ ལག༌ལེན༌ ཅོས༌ཏེ༌ ལྟན༌ཅེས༌ལ༌ སྤོས༌པ༌ ཏང༌ཅེས༌པོ༌ ཨིན༌ནོག༌། ཁོང༌ངི༌ ཏད༌པ༌ཅན༌གུན༌ནི༌ མི༌ཚེའེ༌ ནང༌ང༌ ཧ༌གོ༌གོ༌ཤེས༌ དང༌ གྱུར༌ཇ༌ ཁྱོང༌གོ༌ཤེས༌ཅན༌ནི༌ འི༌ཟུག༌ སྤེ༌ར༌ རིག༌གི༌ སྐོར༌ལ༌ མོལ༌ལ༌ ཛད༌དུག༌།
ཏང༌པོ༌, རྡུག༌ངལ༌ ང༌དང༌ངི༌ ཕིའ༌ ཀ༌ཟུག༌གི༌ ཕན༌ཐོགས༌ཅན༌ ཨིན༌།
ཉིས༌པ༌, མ༌ཤི༌ཀ༌པ༌ ཉལ༌བ༌ཅན༌ དང༌ ཆུག༌པོའེ༌ ནང༌ང༌ ཡ༌ཕེས༌ མ༌ཅོ༌།
སུམ༌པ༌, ཏད༌པའ༌ ལག༌ལེན༌ ཅོས༌ཏེ༌ སྟོན༌།
ཞི༌པ༌, ཁའ༌ནེ༌ སྤེ༌ར༌ ངན༌པ༌གུན༌ བིང༌ མ༌ཅུག༌།
ལྔ༌པ༌, ཆུག༌པོ༌གུན༌ནི༌ ཉལ༌བ༌ཅན༌གུན༌ལ༌ ཚོད༌ མ༌ཅད༌།
དྲུག༌པ༌, མོས༌ལམ༌ ནི༌ ཁྱུད༌ཅན༌ ཨིན༌།
རྡུན༌པ༌, སྡིག༌པའེ༌ ནང༌ང༌ གྱེལ༌ཁན༌ནི༌ མ༌ཤི༌ཀ༌པ༌གུན༌ སྐྱོབ༌ཅེས༌༎
1
ཡ༌ཀོབ༌བི༌ ཆོགས༌ནེ༌ ཇུ༌།
1:1
1 ང༌ ཡ༌ཀོབ༌, དཀོན༌མཆོག༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ཞིག༌ ཨིན༌།
ངའེ༌ འི༌ ཨི༌གེ༌བོ༌, ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཁྱེབས༌ཏེ༌ ཡོད༌ཁན༌ དཀོན༌མཆོག༌གི༌ མི༌རིགས༌ ཅུག༌ཉིས༌གུན༌ལ༌ བྲིའད༌། ཁྱོ༌ཞ༌གུན༌ལ༌ ངའེ༌ ཇུ༌ ཞུའད༌།
ཨིད༌ཤེས༌ དང༌ ཤེས༌རབས༌།
1:2 ནེ༌ 18
2 ངའེ༌ སྤུན༌གུན༌, ཁྱོ༌ཞའ༌ ནགས༌བར༌དོ༌ ཐོང༌ང༌ཅིག༌, འི༌བོ༌ མ༌ སྐྱིད༌པོ༌ ཡོང༌ཅེས༌སི༌ སྐབས༌ཤིག༌ ཨིན༌ནོག༌ སམ༌གོས༌། 3 ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཏད༌པའ༌ ཚོད༌ལྟ༌ བྱུང༌ ཟ༌ནེ༌, ཁྱོ༌ཞ༌གུན༌ནི༌ སྙིང༌རུས༌གུན༌ལ༌ ལྡན༌ཅེས༌སི༌ སྐབས༌ ཐོབ༌ཅེས༌པོ༌ གྱུས༌ཨིན༌ནོག༌། 4 ཏེ༌ནེ༌ འི༌བོ༌ ལྡན༌ཅུག༌ཤིག༌ ཅིའ༌ཟེར༌ན༌ ནམ༌ ཁྱོ༌ཞ༌གུན༌ནི༌ སྙིང༌རུས༌གུན༌ གང༌པོ༌ ལྡན༌ན༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ ཆ༌ཚང༌ ལྡན༌ཏེ༌, ཅའང༌ སྒོས༌དོམ༌ མེད༌ཁན༌ རིག༌ གྱུར༌ཨིན༌།
5 གལ༌ཏེས༌ ཁྱོ༌ཞའ༌ སུ༌ཞིག༌ག༌ ཤེས༌རབས༌ གོས༌ན༌, སྙིང༌ ཕེས༌ཏེ༌ སལ༌ཁན༌ནི༌ ང༌དང༌གུན༌ནི༌ དཀོན༌མཆོག༌ག༌ ཞུས༌། ཁོང༌ངི༌ ཏེ༌བོ༌ ཁྱོ༌རང༌ང༌ སལ༌ལ༌ ཛད༌ཨིན༌། ཁོང༌ངི༌ ཁྱོ༌རང༌ང༌ ཞུ༌ཝ༌ ཕུལ༌ཅེས༌སི༌ ཕིའ༌ ཁའ༌སྐྱེའ༌ མི༌ཛད༌། 6 ཨིན༌ནའང༌ ཁྱོ༌རང༌ངི༌ ཞུ༌ཝ༌ ཕུལ༌ ཟ༌ནེ༌, ཐེ༌ཚོམས༌ མ༌ཅོའ༌ ཐོབ༌བ༌ནོག༌ སམས༌ཏེ༌ ཨིད༌ཤེས༌ ཅོ༌གོས༌, ཅིའ༌ཟེར༌ན༌ ཐེ༌ཚོམས༌ ཅོ༌ཁན༌ནི༌ མི༌བོ༌ ཚོའེ༌ ཆུལ༌བག༌ ཙོགས༌ཤིག༌ ཨིན༌ནོག༌, ཀ༌བོ༌ ལུངས༌ཚུབས༌སི༌ འི༌ངོའ༌ འ༌ངོ༌ ཁྲིད༌ཏེ༌ ཁྱེར༌ར༌ནོག༌། 7 ཐེ༌ཚོམས༌ཅན༌ནི༌ མི༌བོའེ༌ གཙོ༌བོའེ༌ ཀ༌ནེ༌ ཅའང༌ ཐོབ༌ཅེས༌སི༌ རེ༌ཝ༌ བོར༌ མ༌གོས༌། 8 ཅིའ༌ཟེར༌ན༌ ཁོའེ༌ སེམས༌པོ༌ དཀོན༌མཆོག༌ དང༌ ཇིག༌རྟེན༌ ཉིས༌ཀོའེ༌ ཆོགས༌ལ༌ ཡོད༌ཏེ༌ ཨིན༌ནོག༌, ཡང༌ ལས༌ ཚང༌མའེ༌ ནང༌ང༌ སྟན༌པོ༌ མེད༌ཏེ༌ ཨིན༌ནོག༌།
9 ཏད༌པ༌ ཡོད༌ཁན༌ ཉམ༌ཤུང༌ ཉལ༌བ༌ཅན༌གུན༌ནི༌, ཐད༌པོ༌ ཅོ༌གོ༌ཤེས༌ ཨིན༌ནོག༌ ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཁོང༌གུན༌ལ༌ རྩི༌ཝ༌ ཅོའ༌ ཛད༌ཏེ༌ ཨིན༌ནོག༌། 10 ཨིན༌ནའང༌ ཆུག༌པོ༌གུན༌ནིའང༌, དཀོན༌མཆོག༌གི༌ ཁོང༌གུན༌ པས༌མོ༌ ཅོའ༌ ཛད༌ཅེས༌པོའེ༌ཀ༌ ཐད༌པོ༌ ཅོ༌གོ༌ཤེས༌ ཨིན༌ནོག༌, ཁོང༌གུན༌ ཞིང༌ངི༌ མེན༌ཏོག༌ ཡོལ༌ཏེ༌ ཆའ༌ ཙོགས༌ལ༌, མེད༌ཁན༌ ཆེན༌། 11 ཉི༌མ༌ ཚན༌ཏེ༌ ཤར༌ཏེ༌ རྩཱ༌གུན༌ མེའ༌ སྲག༌ཏེ༌, མེན༌ཏོག༌ ཆུ༌ངུན༌བོ༌ བུད༌ཏེ༌, ཡང༌ ཏེ༌བོའེ༌ ཛེས༌པོ༌བོ༌ མེད༌ཁན༌ ཆའ༌ནོག༌། ཏེན༌ན༌ ཙོགས༌ལ༌ ནོར༌རི༌ གྱབ༌ནེ༌ བང༌ཏང༌ཨིན༌ ཡོད༌དི༌ ཏུས༌ལ༌, ཆུག༌པོ༌གུན༌ནའང༌ མེད༌ཁན༌ ཆེན༌།
12 སྙིང༌རུས༌ ཉམ༌པོ༌ རྡུག༌ངལ༌ ཁུར༌ཁན༌གུན༌ལ༌, ཅིན༌ལབས༌ སལ༌ཨིན༌། ཅིའ༌ཟེར༌ན༌ ཚོད༌ལྟའེ༌ ནང༌ང༌ ཐར༌ཁྱེལ༌ ཆའ༌ཁན༌གུན༌ལ༌, དཀོན༌མཆོག༌གི༌ ཐའ༌མེད༌པའེ༌ མི༌ཚེའེ༌ ཐོར༌ཤོག༌པོ༌ སལ༌ལ༌ ཛད༌ཨིན༌, ཀ༌བོ༌ དཀོན༌མཆོག༌གི༌ ཁོང༌ང༌ ཅེས༌པ༌ ཅོ༌ཁན༌གུན༌ལ༌ སལ༌ཅེས༌སི༌ ཞལ༌ཆད༌ ཛད༌ཏེ༌ ཨིན༌། 13 ནམ༌ཞིག༌ ཁྱོ༌རང༌ང༌ སྡིག༌པ༌ ཅོ༌ཅེས༌སི༌ དོད༌པ༌ སྐྱེ༌ན༌ དཀོན༌མཆོག༌གི༌ ངའ༌ སྡིག༌པའེ༌ ནང༌ང༌ གྱེལ༌ཅུག༌ཅེས༌སི༌ རྩོན༌གྲུས༌ ཛད༌ཏེ༌ ཨིན༌ནོག༌ མ༌ཟེར༌ཤིག༌། དཀོན༌མཆོག༌གི༌ ཐུགས༌དོད༌དི༌ ནང༌ང༌ ངན༌པ༌ ཅོ༌ཅེས༌པོ༌ མ༌ནེ༌ མེད༌ཀྱག༌, མ༌ཚད༌ ཁོང༌ངི༌ སུ༌ཞིག༌གའང༌ སྡིག༌པ༌ ཅོ༌ཅེས༌སི༌ དོད༌པའེ༌ ནང༌ང༌ གྱེལ༌ ཅུག༌ག༌ མ༌ནེ༌ ཛད༌ད༌ མ༌ནོག༌། 14 སྡིག༌པ༌ ཅོ༌ཅེས༌སི༌ དོད༌པ༌གུན༌ ང༌དང༌རང༌ངི༌ སེམས༌ ངན༌པའེ༌ ནང༌ནེ༌ ཡོང༌ང༌ནོག༌, ཀ༌བོའེ༌ ང༌དང༌གུན༌ལ༌ གོབ༌སྐོར༌ཏེ༌ དཀོན༌མཆོག༌ནེ༌ ཐག༌རིང༌ང༌ ཁྲིད༌ཏེ༌ ཁྱེར༌ར༌ནོག༌། 15 འི༌ དོད༌པ༌གུན༌ནི༌ སྡིག༌པའེ༌ ལས༌གུན༌ སྐྱེ༌ ཅུག༌ག༌ནོག༌, ཡང༌ སྡིག༌པ༌བོ༌ ལྡན༌ཅུག༌ན༌, ཏེ༌བོའེ༌ ཤི༌ཅེས༌པོ༌ སྐྱེ༌ ཅུག༌ག༌ནོག༌།
16 ངའེ༌ ཅེས༌པའེ༌ སྤུན༌གུན༌, གོབ༌སྐོར༌ ཏང༌ མ༌ཅུག༌ཤིག༌། 17 ཟང༌པོ༌ དང༌ པུན༌སུམ༌ཚོགས༌པའེ༌ རྟགས༌གུན༌, ནམ༌ཁའེ༌ འོད༌ ཚང༌མ༌ ཅོའ༌ ཛད༌ཁན༌ནི༌, ང༌དང༌གུན༌ནི༌ ཡབ༌ དཀོན༌མཆོག༌ནེ༌ ཡོང༌ང༌ནོག༌། ཏེ༌ འོད༌གུན༌ ཡ༌ ཏེ༌གུན༌ནི༌ ཀྲིབ༌ཀྱག༌ ཙོགས༌ལ༌ ཁོང༌ངི༌ ནང༌ང༌ གྱུར༌ཇ༌ ཡོང༌ང༌ མ༌ནོག༌། 18 ཁོང༌རང༌ངི༌ དེན༌བའེ༌ བཀའ༌ གྱུད༌ཏེ༌, ཁོང༌ངི༌ ང༌དང༌གུན༌ལ༌ མི༌ཚེ༌ སོ༌མ༌ཞིག༌ སལ༌ཅེས༌ལ༌ ལྡམ༌མ༌ ཛད༌ཏེ༌, ང༌དང༌གུན༌ ཁོང༌ངི༌ ཛད༌པ༌གུན༌ནི༌ ཕྲོ༌ནེ༌ ཚང༌མའེ༌སང༌ རིན༌ཅན༌ ཐེའ༌ ཛདས༌།
ཉན༌ཅེས༌ ཡང༌ ལག༌ལེན༌ ཅོ༌ཅེས༌།
1:19 ནེ༌ 27
19 ངའེ༌ ཅེས༌པའེ༌ སྤུན༌གུན༌, ཁྱོ༌ཞ༌གུན༌ནི༌ ཞན༌མ༌གུན༌ལ༌ གྱལ༌ལ༌ ཅོས༌ཏེ༌ ཉོན༌ཤིག༌, སམ༌བ༌ ཏངས༌ཏེ༌ སྤེ༌ར༌ ཏོང༌ཤིག༌, ཡང༌ གྱོགས༌པ༌ སྲོ༌ ཡོང༌ མ༌གོས༌། 20 ཅིའ༌ཟེར༌ན༌ སྲོའེ༌ མི༌ཞིག༌གི༌ ནང༌ང༌ དཀོན༌མཆོག༌ ཐུགས༌ཐད༌ཁན༌ནི༌ དྲང༌པོ༌ ལས༌གུན༌ སྨིན༌ཅུག༌ག༌ མ༌ནོག༌། 21 ཏེ༌བོའེ༌ཕིའ༌ ཁྱོ༌ཞ༌གུན༌ནི༌ མི༌ཚེའེ༌ ནང༌ང༌ ཡོད༌ཁན༌ནི༌ རྩོག༌པོ༌ དང༌ ངན༌པ༌ ཚང༌མ༌ ཕོང༌ཤིག༌། ཡང༌ པས༌མོ༌ ཅོས༌ཏེ༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ནི༌ སེམས༌སི༌ ནང༌ང༌ བོར༌ར༌ ཛད༌ཁན༌ནི༌ བཀའ༌གུན༌ལ༌ ཁའ༌ཉོན༌ཤིག༌, ཀ༌བོའ༌ ཁྱོ༌ཞ༌གུན༌ ཐར༌ཅུག༌ཅེས༌སི༌ ཁྱུད༌ ཡོད༌ཏེ༌ ཨིན༌ནོག༌།
22 ཨིན༌ནའང༌ དཀོན༌མཆོག༌གི༌ བཀའ༌གུན༌ལ༌ ཉན༌ཅེས༌ ཅིག༌པོ༌ མན༌པ༌, ཏེ༌གུན༌ནི༌ཀ༌ ལག༌ལེན༌ ཅོ༌གོས༌། ཏེ༌ མན༌ན༌, ཁྱོ༌ཞ༌གུན༌ནི༌ རང༌དང༌རང༌ང༌ གོབ༌སྐོར༌ཏེ༌ ཨིན༌ནོག༌། 23 གལ༌ཏེས༌ ཁྱོ༌ཞའེ༌ དཀོན༌མཆོག༌གི༌ བཀའ༌གུན༌ ཉན༌ཏེ༌ ལག༌ལེན༌ནི༌ ནང༌ང༌ མ༌ཁྱོང༌ན༌, ཏེ༌ མི༌བོ༌ ཙོགས༌ ཨིན༌ནོག༌, ཀ༌བོའེ༌ མེ༌ལོང༌ངི༌ ནང༌ང༌ ཁོ༌རང༌ངི༌ ལྡོང༌ང༌ ལྟའད༌, 24 ཡང༌ ཐོང༌ཏེ༌ སྟིང༌ནེ༌ ཏེ༌ཀ༌ནེ༌ སོང༌ཏེ༌ ཏེན༌ན༌མལ༌ལ༌ ཁོ༌རང༌ ཀ༌ཟུག༌ཤིག༌ ཐོང༌ཁན༌བོ༌ ཞེད༌ད༌ནོག༌། 25 ཨིན༌ནའང༌ གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ཕུན༌སུམ༌ཚོགས༌པ༌ ཁྲིམས༌པོ༌ སལ༌པོ༌ ཅོས༌ཏེ༌ ཧ༌གོ༌ཅེས༌སི༌ རྩོན༌གྲུས༌ ཅོ༌ན༌, ཀ༌བོའེ༌ རང༌ཝང༌ ཏང༌ངད༌། ཡང༌ གལ༌ཏེས༌ ཟེར༌ཏེ༌ ཡོད༌ཁན༌གུན༌ ཅོས༌ཏེ༌ ཚོར༌ཁན༌གུན༌ ཞེད༌ མ༌ཞེད༌ན༌, དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ ཏེ༌ཟུག༌ ཅོ༌ཅེས༌སི༌ ཕིའ༌ ཅིན༌ལབས༌ སལ༌ལ༌ ཛད༌ཨིན༌།
26 གལ༌ཏེས༌ ཁྱོ༌ཞ༌གུན༌ ཆོས༌པ༌ཞིག༌ ཨིན༌ ཟེར༌རད༌ན༌ ཨིན༌ནའང༌ རང༌ངི༌ ལྕེ༌བོའི༌ཀ༌ ཉ༌ར༌ གྱབས༌ཏེ༌ བོར༌ར༌ མེད༌ན༌, ཁྱོ༌ཞ༌གུན༌ནི༌ རང༌དང༌རང༌ང༌ གོབ༌སྐོར༌ཏེ༌, ཁྱོ༌ཞ༌གུན༌ནི༌ ཆོས༌པོ༌ རིན༌མེད༌ཞིག༌ གྱུར༌ཏེ༌ ཨིན༌ནོག༌། 27 དཀོན༌མཆོག༌ ཡབ༌བི༌ སྐུན༌དུན༌ལ༌ རྩང༌མ༌ དང༌ ངོས༌པོའེ༌ ཆོས༌སི༌ ཏོན༌ཏག༌པོ༌ ནི༌, ཕ༌མ༌ མེད༌ཁན༌ནི༌ ཕྲུ༌གུ༌གུན༌ དང༌ ཨ༌ནེ༌ མ༌རང༌མོ༌ གུན༌ལ༌, ནགས༌བར༌དོའེ༌ ཏུས༌ལ༌ ལྟ༌སྟོག༌ ཅོ༌ཅེས༌, ཡང༌ ཇིག༌རྟེན༌ནི༌ ལས༌ ངན༌པ༌གུན༌ནི༌ ནང༌ང༌ མ༌དྲེས༌ས༌ རང༌དང༌རང༌ སྐྱོབས༌ཏེ༌ བོར༌ཅེས༌པོ༌ ཨིན༌ནོག༌།