7
ཇིག༌རྟེན༌ གང༌པོ༌ ཆུ༌ལོག༌གི༌ ཀབས༌།
7:1 ནེ༌ 24
ཏེ༌ནེ༌ ཡ༌ཝའེ༌ ནོ༌ཨཱ༌ མོལ༌ལ༌ ཛདས༌, "ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ ནང༌ཚངས༌ གང༌པོ༌ གྲུ༌ཟིང༌ངི༌ ནང༌ང༌ སོང༌ཤིག༌, ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ངའ༌ ཁྱོ༌རང༌ མ༌ནེ༌ ཡང༌སུ༌ཞིག༌གའང༌ དྲང༌པོ༌ མི༌ཞིག༌ མ༌ཐོབ༌། རྩང༌མ༌ སེམས༌ཅན༌གུན༌ནི༌ ཕོ༌ དང༌ མོའེ༌ ཆ༌ རྡུན༌རྡུན༌, ཡང༌ རྩང༌མ༌ མན༌ཁན༌ སེམས༌ཅན༌གུན༌ནི༌ ཕོ༌ དང༌ མོའེ༌ ཆ༌ གུན༌, ཁྱོ༌རང༌ ཉམ༌པོ༌ གྲུ༌ཟིང༌ངི༌ ནང༌ང༌ ཉེན༌། ཡང༌ ཅ༌ཅིའུ༌གུན༌ནིའང༌ ཕོ༌ དང༌ མོའེ༌ ཆ༌ རྡུན༌ ཉེན༌། ཆུ༌ལོག༌གི༌ སྟིང༌ནེའང༌, ཇིག༌རྟེན༌ནི༌ཀ༌ སེམས༌ཅན༌ དང༌ ཅ༌ཅིའུ༌ གུན༌ནི༌ རིགས༌ ཚང༌མ༌ སོན༌ཏེའ༌ ལུས༌ཤེས༌སི༌ ཕིའ༌ ཁྱོ༌རང༌ངི༌ ངའེ༌ ཟེར༌ཁན༌གུན༌ ཅོ༌གོས༌། ཞག༌མ༌ རྡུན༌ནི༌ སྟིང༌ནེ༌, ངའེ༌ ཇིག༌རྟེན༌ནི༌ཀ༌ ཚན༌ཉིན༌ 40 ཆར༌པ༌ ཏང༌ཅུགས༌ཏེ༌, ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ངའེ༌ ཅོ༌ཁན༌ནི༌ སྲོག༌ ཡོད༌ཁན༌ ཚང༌མ༌ མེད༌ཁན༌ ཅོ༌ཨིན༌།
ནོ༌ཨཱའེ༌ ཡ༌ཝའེ༌ བཀའ༌ སལ༌ལ༌ ཛད༌ཁན༌ ཚང༌མ༌ ཅོས༌།
ནོ༌ཨཱའ༌ ལོ༌ 600 ཆའད༌པིན༌ ནམ༌ ཇིག༌རྟེན༌ནི༌ཀ༌ ཆུ༌ལོག༌ ཡོངས༌། ཆུ༌ལོག༌ནེ༌ ཐར༌ཅེས༌ལ༌ ནོ༌ཨཱ༌, ཁོ༌རང༌ངི༌ ན༌མ༌, ཁོ༌རང༌ངི༌ བུ༌ཚ༌གུན༌ དང༌ ཁོང༌གུན༌ནི༌ ན༌མ༌གུན༌ ཉམ༌པོ༌ གྲུ༌ཟིང༌ངི༌ ནང༌ང༌ ཞུགས༌། རྩང༌མ༌ དང༌ རྩང༌མ༌ མན༌ཁན༌ནི༌ སེམས༌ཅན༌ ཆེན༌མོ༌, ཅ༌ཅིའུ༌ དང༌ སའེ༌ཀ༌ གྲུལ༌ཁན༌ནི༌ སེམས༌ཅན༌ ཆུ༌ངུན༌ ཚང༌མ༌, ཕོ༌ དང༌ མོའེ༌ ཆ༌ ཅོས༌ཏེ༌ དཀོན༌མཆོག༌གི༌ བཀའ༌ ནང༌ཞིན༌ ནོ༌ཨཱ༌ ཡོད༌སའེ༌ གྲུ༌ཟིང༌ངི༌ ནང༌ང༌ ཡོངས༌། 10 ཏེ༌ནེ༌ ཞག༌མ༌ རྡུན༌ནི༌ སྟིང༌ནེ༌, ཇིག༌རྟེན༌བོ༌ ཆུ༌ལོག༌གི༌ ཆུའི༌ གང༌ཅེས༌ གོ༌ཟུགས༌།
11 ནོ༌ཨཱའ༌ ལོ༌ 600 ཆའེ༌ ཞག༌ག༌ ཀ༌བོ༌ ཟླ༌ཝ༌ ཉིས༌པའི༌ ཞག༌མ༌ 17 པ༌ ཨིན༌པིན༌ ཏེ༌ ཞག༌ག༌ སའེ༌ ཐིལ༌ལ༌ ཡོད༌ཁན༌ནི༌ ཆུ༌ ཚང༌མ༌ ས༌ཀྱད༌ ཡས༌ཏེ༌ བིངས༌ཏེ༌ ཡོངས༌, ཡང༌ ནམ༌ཁའ༌ནེ༌ ཆར༌པ༌བོ༌ ཆུ༌ལོག༌ ཡོང༌ང༌ ཙོགས༌ལ༌ བབས༌། 12 ཇིག༌རྟེན༌ནི༌ཀ༌ ཚན༌ཉིན༌ 40 ཆད༌མེད༌ལ༌ ཆར༌པ༌ ཏངས༌།
13 ཆར༌པ༌ བབས༌ཤེས༌ གོ༌ཟུག༌ ཆའེ༌ ཞག༌ག༌, ནོ༌ཨཱ༌, ཁོའེ༌ ན༌མ༌, བུ༌ཚ༌ ཤེམ༌, ཧེམ༌ དང༌, ཡབ༌ཕེད༌ སུམ༌ཀོ༌ ཡང༌ ཁོང༌གུན༌ནི༌ ན༌མ༌གུན༌ གྲུ༌ཟིང༌ངི༌ ནང༌ང༌ ཞོནས༌, 14 ཁོང༌གུན༌ ཉམ༌པོ༌ སེམས༌ཅན༌ནི༌ རིགས༌ ཚང༌མའེ༌ ཆ༌ཅིག༌ ཡོད༌པིན༌: སྲལ༌ཁན༌ དང༌ ནག༌ཚོགས༌སི༌ སེམས༌ཅན༌ ཆེན༌མོ༌ དང༌ ཆུ༌ངུན༌ གུན༌, ཡང༌ ཅ༌ཅིའུ༌འི༌ རིགས༌ ཚང༌མ༌། 15 འུགས༌ ལེན༌ཁན༌ནི༌ སྲོག༌ ཡོད༌ཁན༌ ཚང༌མ༌ ཉིས༌ཉིས༌སི༌ ཆ༌ ཅོས༌ཏེ༌ ནོ༌ཨཱ༌ ཉམ༌པོ༌ གྲུ༌ཟིང༌ངི༌ ནང༌ང༌ ཡོངས༌། 16 རིགས༌ ཚང༌མའེ༌ ཕོ༌ དང༌ མོ༌ རེ༌རེ༌ ཡོངས༌, ཀ༌ཟུག༌གི༌ ནོ༌ཨཱའ༌ དཀོན༌མཆོག༌གི༌ མོལ༌ལ༌ ཛད༌ཏེ༌ ཨིན༌པིན༌། ཁོང༌ ཚང༌མ༌ གྲུ༌ཟིང༌ངི༌ ནང༌ང༌ ཞུགས༌ ཚར༌ར༌ཅིག༌, ཡ༌ཝ༌ དཀོན༌མཆོག༌གི༌ སྒོ༌བོ༌ ཅུག༌ག༌ ཛདས༌།
17 ཞག༌མ༌ 40 ཇིག༌རྟེན༌ནི༌ཀ༌ ཆར༌པ༌ ཆད༌མེད༌ལ༌ བབས༌, ཡང༌ ཆུ༌ལོག༌གི༌ ཆུ༌ ཕེལ༌པ༌ ས༌ཀྱད༌ ཆུའི༌ གངས༌ཏེ༌ གྲུ༌ཟིང༌བོ༌ ས༌ཀྱད༌ནེ༌ ཐོན༌པོའ༌ སྟགས༌། 18 སའེ༌ཀ༌ ཆུ༌ མང༌ནེ༌ མང༌ང༌ ཕེལ༌ཨིན༌ སོང༌པ༌ གྲུ༌ཟིང༌བོ༌ ཆུའི༌ ཁ༌ཐོག༌ག༌ ཇིགས༌པ༌ མེད༌པ༌ ལྡིངས༌། 19 སྟིང༌ཇུག༌ག༌ ཇིག༌རྟེན༌ནི༌ རི༌ ཐོ༌ཤོག༌གུན༌ནའང༌ ཆུའི༌ ནང༌ང༌ ནུབ༌། 20 ཆུ༌ ཕེལ༌ཨིན༌ སོང༌ཏེ༌, རི༌ ཐོ༌ཤོག༌གུན༌ནི༌ སང༌ མི༌ཀྲར༌ 6 ཐོའ༌ སོང༌། 21 ཇིག༌རྟེན༌ནི༌ཀ༌ ཡོད༌ཁན༌ནི༌ སྲོག༌ ཡོད༌ཁན༌ ཚང༌མ༌ ཤི༌: ཅ༌ཅིའུ༌, སྲལ༌ཁན༌ དང༌ ནགས༌ཚོགས༌སི༌ སེམས༌ཅན༌, སའེ༌ཀ༌ གྲུལ༌ཁན༌ནི༌ ཆུ༌ངུན༌ སེམས༌ཅན༌ དང༌, མི༌ཚང༌མ༌། 22 ས༌ སྐམ༌པོའེ༌ཀ༌ དུག༌ཁན༌ནི༌ འུགས༌ ཡོད༌ཁན༌ ཚང༌མ༌ ཤི༌། 23 ཡ༌ཝའེ༌ ཇིག༌རྟེན༌ནི༌ སྲོག༌ ཡོད༌ཁན༌ ཚང༌མ༌ མེད༌ཁན༌ ཅོའ༌ ཛདས༌: མི༌གུན༌, སྲལ༌ཁན༌ དང༌ སའེ༌ཀ༌ གྲུལ༌ཁན༌ནི༌ ཆུ༌ངུན༌ སེམས༌ཅན༌ གུན༌ དང༌ ནམ༌མི༌ ཅི༌པ༌ ཚང༌མ༌། ཏེ༌ ཚང༌མ༌ མེད༌ཁན༌ ཅོའ༌ ཛདས༌། ནོ༌ཨཱ༌ དང༌ ཁོ༌ ཉམ༌པོ༌ གྲུ༌ཟིང༌ངི༌ ནང༌ང༌ ཡོད༌ཁན༌གུན༌ མ༌སྟོགས༌ སུ༌ཞིག༌གའང༌ སོན༌ཏེའ༌ མ༌ལུས༌། 24 ཡང༌ ས༌ཀྱད༌པོ༌ ཞག༌མ༌ 150 ཆུའི༌ ནང༌ང༌ ལུས༌།