4
ཆོས༌ཚོགས༌སི༌ ཐུན༌བྲེལ༌།
4:1 ནེ༌ 16
ཏེན༌ན༌བོའེ༌ཕིའ༌ གཙོ༌བོའ༌ ཞབ༌སྟོག༌ ཞུ༌ཅེས༌པོའེ༌ ང༌ ཙོན༌ནི༌ ནང༌ང༌ ཡོད༌ཁན༌ནི༌, ཇུ༌ཇུ༌ དཀོན༌མཆོག༌གི༌ བོད༌ད༌ ཛད༌ཁན༌ནི༌ འོས༌པའེ༌ མི༌ཚེ༌ཞིག༌ ཕུད༌ཅེས༌ལ༌ ཁྱོ༌ཞའ༌ ཞུ༌ཝ༌ ཕུལ༌ལད༌། ཁྱོ༌ཞའ༌ ཏུས༌གྱུན༌ ཉམ༌ཤུང༌ དང༌, པས༌མོ༌, ཟོད༌པ༌ཅན༌ ཡང༌ ཅམས༌པའེ༌ ནང༌ང༌ ཅིག༌ དང༌ ཅིག༌གི༌ སྐྱོན༌གུན༌ལ༌ ཤགས༌པ༌ ཏངས༌ཏེ༌ རོགས༌ ཅོ༌ཤིག༌། ཞི༌དེ༌ ཉམ༌པོ༌ ལྡམས༌ཏེ༌ ཐུག༌ཉིད༌དི༌ ནང༌ང༌ ཁྱོ༌ཞ༌གུན༌ ཅིག༌གྲིལ༌ དུག༌ཅེས༌ལ༌ རྩོན༌གྲུས༌ ཅོ༌ཤིག༌། ང༌དང༌གུན༌ལ༌ ཟུགས༌པོ༌ ཅིག༌ དང༌ དམ༌པའེ༌ ཐུག༌ཉིད༌དའང༌ ཅིག༌ཅིག༌ ཡོད༌ཏེ༌ ཨིན༌ནོག༌, ཀ༌ཟུག༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ནང༌ང༌ ཁྱོ༌ཞ༌གུན༌ རེ༌ཝ༌ ཅིག༌གི༌ ཕིའ༌ བོད༌ད༌ ཛད༌ཏེ༌ ཨིན༌། ང༌དང༌གུན༌ལ༌ གཙོ༌བོ༌ ཅིག༌ཅིག༌, ཨིད༌ཤེས༌ ཅིག༌ཅིག༌, ཁྲུས༌ ལེན༌ཅེས༌ ཅིག༌ཅིག༌, ཚང༌མའེ༌ དཀོན༌མཆོག༌ དང༌ ཡབ༌ ཅིག༌ཅིག༌ ཞུགས༌ཏེ༌ ཨིན༌, ཁོང༌ངི༌ ང༌དང༌ ཚང༌མའེ༌ཀ༌ ཝང༌སྲུལ༌ཅེས༌, ང༌དང༌ ཚང༌མ༌ གྱུད༌ཏེ༌ ཆག༌ལས༌ ཛད༌ཅེས༌ དང༌ ཁོང༌ ང༌དང༌ ཚང༌མའེ༌ ནང༌ང༌ ཞུགས༌ས༌ནོག༌།
མ༌ཤི༌ཀའེ༌ ང༌དང༌ རེ༌རེའ༌ ཁྱུད༌ སོ༌སོ༌ རིག༌ སལ༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ཏེ༌ ཁྱུད༌པོ༌ ཀ༌ཟུག༌ཤིག༌ སལ༌ཨིན༌ ཁོང༌ངི༌ ཐག༌ཅད༌ད༌ ཛད༌ད༌ནོག༌། ཏེན༌ན༌བོའེ༌ཕིའ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ དུག༌།
 
"ཁོང༌ ཐོན༌པོའ༌ སྐྱོད༌ ཟ༌ནེ༌,
ཁོང༌ངི༌ ཕམ༌ཀལ༌ཁན༌ནི༌ ཙོན༌པ༌ མང༌པོ༌
ཁོང༌རང༌ ཉམ༌པོ༌ ཁྱེར༌ར༌ ཛདས༌།
ཡང༌ ཁོང༌རང༌ངི༌ མི༌གུན༌ལ༌ སྟགས༌ སལ༌ལ༌ ཛདས༌།"* 4:8 སུང༌གུར༌རི༌ སྤེ༌ཆའེ༌ 68:18
༼སུང༌རབས༌སི༌ ནང༌ང༌ "ཁོང༌ ཐོན༌པོའ༌ སྐྱོདས༌" མོལ༌ཅེས༌པོའེ༌ ང༌དང༌ང༌ ཧ༌གོའ༌ནོག༌, མ༌ཤི༌ཀ༌ ནམ༌ཁའ༌ནེ༌ ཐུར༌ལ༌ བབས༌ཏེ༌ མའ༌མོའ༌ སྐྱོདས༌ ཡང༌ན༌ འི༌ ཇིག༌རྟེན༌ནི༌ཀ༌། 10 ཡང༌ ཏེན༌ན༌ ཐུར༌ལ༌ བབས༌ས༌ ཛད༌ཁན༌བོའེ༌ ཁོང༌རང༌ངི༌ ཝང༌ ཛམ༌བུ༌ལིང༌ གང༌པོའེ༌ ནང༌ང༌ སྲུལ༌ལ༌ ཛད༌ཅེས༌ལ༌ ནམ༌ཁའེ༌ ཚང༌མའེ༌སང༌ ནས༌ས༌ ཐོན༌པོའ༌ སྐྱོད༌ད༌ ཛདས༌༽།
11 མ༌ཤི༌ཀའེ༌ ཁ༌ཅིག༌ སྐུ༌ཚབས༌, ཁ༌ཅིག༌ ལུང༌སྟོན༌པ༌, ཁ༌ཅིག༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཁན༌, ཁ༌ཅིག༌ ཆོས༌ཚོགས༌ལ༌ ལྟ༌སྟོག༌ ཅོ༌ཁན༌ དང༌ ཁ༌ཅིག༌ག༌ ལོབ༌པོན༌ ཅོ༌ཅེས༌སི༌ ཁྱུད༌གུན༌ ཆོས༌ཚོགས༌ལ༌ སལ༌ལ༌ ཛདས༌། 12 ཁོང༌གུན༌ནི༌ ཁག༌པོ༌ ནི༌, མ༌ཤི༌ཀའེ༌ སྐུ༌ཟུགས༌ ཤེད༌ཅན༌ གྱུར༌ཅེས༌སི༌ ཕིའ༌ དཀོན༌མཆོག༌གི༌ མི༌གུན༌ ཁོང༌ང༌ ཞབ༌སྟོག༌ ཞུ༌ཅེས༌ལ༌, གྲལ༌གྲིག༌ ཅོ༌ཅེས༌པོ༌ ཨིན༌ནོག༌། 13 མ༌ཤི༌ཀའེ༌ ཏེ༌བོ༌ ཛད༌ཨིན༌ ཞུགས༌ཨིན༌, ནམ༌ཚོག༌པ༌, ང༌དང༌ ཚང༌མ༌ ཏད༌པ༌ དང༌ དཀོན༌མཆོག༌གི༌ སྲས༌ ཤེ༌ཤེས༌སི༌ ནང༌ང༌ ཅིག༌གྲིལ༌ མི༌ཆའ༌། ཏེ༌ནེ༌ ང༌དང༌ ཏད༌པའེ༌ ནང༌ང༌ ལྡན༌ཏེ༌ མ༌ཤི༌ཀའེ༌ ཚད༌ དང༌ དྲན༌དྲའ༌ ལེབ༌ ཐུབ༌ཨིན༌།
14 ཡང༌ ང༌དང༌ ཕྲུ༌གུ༌ ཆུ༌ངུན༌གུན༌ ཙོགས༌ མི༌ལུས༌, ཀ༌གུན༌ ལབ༌ཞ༌ སོ༌མའེ༌ ལུངས༌རག༌གུན༌ནི༌ འི༌ངོ༌ནེ༌ འ༌ངོའ༌ ཁྲིད༌ཅེས༌, ཡང༌ མི༌ སྐྱོན༌ཇན༌གུན༌ནི༌ ཟུས༌མའེ༌ ཐབས༌གུན༌ གྱུད༌ཏེ༌ གོབ༌སྐོར༌ ཉན༌ན༌ནོག༌། 15 ཨིན༌ནའང༌ ང༌དང༌གུན༌ནི༌ དཀོན༌མཆོག༌གི༌ དྲང༌པོ༌བོ༌ ཅམས༌པ༌ ཉམ༌པོ༌ ཤད༌ཨིན༌ནའང༌, ང༌དང༌གུན༌ ཅི༌ས༌ཐོག༌ནེ༌ མ༌ཤི༌ཀའེ༌ ནང༌ང༌ ལྡན༌ཨིན༌, ཀ༌བོ༌ ཆོས༌ཚོགས༌སི༌ གོ༌ ཞུགས༌ཏེ༌ ཨིན༌། 16 མ༌ཤི༌ཀའེ༌ ཁོང༌རང༌ངི༌ མི༌ཚང༌མ༌ ལྡམས༌ཏེ༌ བོར༌ར༌ ཛདས༌ཏེ༌ ཨིན༌ནོག༌, ཀ༌ཟུག༌གི༌ གྱུས༌པའེ༌ ཟུགས༌པོའེ༌ ཡན༌ལག༌ ཚང༌མ༌ ཐུད༌ཏེ༌ བོར༌རད༌། གལ༌ཏེས༌ ཟུགས༌པོའེ༌ ཡན༌ལག༌ ཚང༌མའེ༌ ཅོ༌གོས༌ཅེས༌ཅན༌ནི༌ ལས༌གུན༌ ཅོ༌ན༌ ཏེ༌ནེ༌ ཟུགས༌པོ༌ གང༌པོ༌ ཅམས༌པའེ༌ ནང༌ང༌ ལྡན༌ཏེ༌ ཤེད༌ཅན༌ གྱུར༌ཨིན༌།
མ༌ཤི༌ཀའེ༌ ནང༌ང༌ མི༌ཚེ༌ སོ༌མ༌ཞིག༌།
4:17 ནེ༌ 32
17 ཏེན༌ན༌བོའེ༌ཕིའ༌ གཙོ༌བོའེ༌ ཝང༌ངི༌ ནང༌ང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌, ཡང༌ སྤང༌པུད༌དད༌, ཏ༌ ཏད༌པ༌ མེད༌ཁན༌གུན༌ ཙོགས༌ མི༌ཚེ༌ ཕུད༌ཅེས༌ ཕོང༌ཤིག༌, ཅིའ༌ཟེར༌ན༌ ཁོང༌གུན༌ རེ༌ཝའ༌ མེད༌ཁན༌ནི༌ ནང༌ང༌ གོ༌ཁོར༌ཏེ༌ ཨིན༌ནོག༌། 18 ཁོང༌གུན༌ནི༌ སམ༌བ༌, མུན༌གྲིག༌གི༌ གངས༌ཏེ༌ ཁོང༌གུན༌ དཀོན༌མཆོག༌གི༌ སལ༌ཁན༌ནི༌ མི༌ཚེ༌ནེ༌ མ༌ ཐག༌རིང༌ང༌ སོང༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ མིང༌ནའང༌ དཀོན༌མཆོག༌གི༌ སྐོར༌ལ༌ སམ༌བ༌ ཏང༌ཅེས༌ གགས༌ཏེ༌ སྙིང༌གུན༌ སྐྱོང༌པོ༌ ཅོས༌ཏེ༌ ཨིན༌ནོག༌། 19 ཁོང༌གུན༌ མངས༌ཏེའང༌ ཁྲེལ༌མེད༌, ལུས༌བྲེལ༌ ངན༌པའེ༌ སྟིང༌རང༌ནེ༌ བང༌ཏང༌ཁན༌, ཡང༌ ཚི༌ཏུ༌ ལས༌ ཚང༌མ༌ ཅོ༌ཅེས༌ལ༌ རིངས༌ས༌ནོག༌།
20 ཨིན༌ནའང༌ ཁྱོ༌ཞའེ༌ མ༌ཤི༌ཀའེ༌ ནང༌ང༌ མི༌ཚེ༌ པུད༌ཅེས༌ ལོབས༌ཁན༌བོ༌ ཁོང༌གུན༌ནི༌ ཕུད༌ཁན༌ ཙོགས༌ མི༌ཚེ༌ མ༌ནོག༌། 21 ཁྱོ༌ཞ༌གུན༌ནི༌ ཡེ༌ཤུའི༌ སྐོར༌ལ༌ ཚོར༌ཏེ༌ ཡང༌ ཁོང༌ངི༌ ནང༌ནེ༌ ཡོང༌ཁན༌ནི༌ དྲང༌པོའེ༌ སྐོར༌ལ༌ ལོབས༌ཏེ༌ ཨིན༌ པ༌སང༌ 22 སྙིང༌པ༌ དང༌ སྔུན༌ནི༌ སྡིག༌ཅན༌ མི༌ཚེ༌ ཕུད༌ཚུལ༌ གུན༌ ཕོང༌ཤིག༌ ཀ༌བོ༌ གོབ༌སྐོར༌རི༌ དོད༌པའེ༌ གངས༌ཏེ༌ ང༌དང༌ དྲང༌པོའེ༌ ལམ༌ནེ༌ ཐག༌རིང༌ང༌ ཁྱེར༌རད༌། 23 ཨིན༌ནའང༌ དམ༌པའེ༌ ཐུག༌ཉིད༌ལ༌ ཁྱོ༌ཞ༌གུན༌ནི༌ སམ༌ཚུལ༌ལི༌ ནང༌ང༌ གྱུར༌ཇ༌ ཁྱོང༌ཅུགས༌ཏེ༌, 24 དཀོན༌མཆོག༌གི༌ ཁོང༌རང༌ ཙོགས༌ ཛད༌ཁན༌ནི༌ མི༌ཚེ༌ སོ༌མ༌བོ༌ ཀོས༌ལག༌ ཙོགས༌ལ༌ རང༌ང༌ སྐོན༌ཤིག༌, ཀ༌བོ༌ དེན༌བའེ༌ དྲང༌པོ༌ དང༌ དམ༌པ༌ ཨིན༌།
25 ཏེན༌ན༌བོའེ༌ཕིའ༌ ཟུན༌ ཏང༌ཅེས༌ ཕངས༌ཏེ༌ ཏད༌པ༌ཅན༌གུན༌ལ༌ དྲང༌པོ༌ ཟེར༌གོས༌, ཅིའ༌ཟེར༌ན༌ ང༌དང༌གུན༌ ཟུགས༌པོ༌ ཅིག༌གི༌ ཡན༌ལག༌ སོ༌སོ༌ ཨིན༌ནོག༌། 26 སྲོ༌ ཡོང༌ ཟ༌ནེ༌, ཏེ༌བོའ༌ ཁྱོ༌ཞ༌གུན༌ སྡིག༌པའེ༌ ཆོགས༌ལ༌ ཁྲིད༌ མ༌ཅུག༌ཤིག༌ 4:26 སུང༌གུར༌རི༌ སྤེ༌ཆའེ༌ 4:4 , ཡང༌ ཏེ༌ སྲོ༌བོ༌ ཏེན༌ན༌ ཞག༌ནེ༌ ཐལ༌ཏེ༌ ཆ༌ཅུག༌ མ༌གོས༌། 27 ཏེ༌བོའེ༌ ཀ༌ནེ༌ ཤེ༌ཏན༌ལ༌ ཕན༌ཐོགས༌ ལེན༌ཅེས༌སི༌ སྐབས༌ མ༌ཏང༌ཤིག༌།
28 རྐུན༌མ༌གུན༌ནི༌ རྐུ༌ཅེས༌ ཕོང༌ཤིག༌། ཨིན༌ནའང༌ ཁྱོ༌ཞ༌རང༌ངི༌ ལག༌པ༌ བད༌ཏེ༌ དྲང༌པོ༌ ལས༌ ཅོ༌གོས༌, ཏེ༌ནེ༌ སྒོས༌དོམ༌ ཡོད༌ཁན༌གུན༌ལ༌ ཁྱོ༌ཞའེ༌ རོགས༌ ཅོ༌ཐུབ༌ཨིན༌། 29 ཁྱོ༌ཞའེ༌ ཁའ༌ནེ༌ སྤེ༌ར༌ ངན༌པ༌ མ༌ནེ༌ བིང༌ མ༌ཅུག༌ག༌ ཟང༌པོ༌ དང༌ ཕན༌ཐོགས༌ཅན༌ནི༌ སྤེ༌ར༌ ཏོང༌ཤིག༌, ཏེ༌ནེ༌ ཁྱོ༌ཞའེ༌ སྤེ༌ར༌ ཉན༌ཨིན༌ ཡོད༌ཁན༌གུན༌ལ༌ ཁྱོ༌ཞའེ༌ སྤོས༌པ༌ སྐྱེ༌ཅུག༌ ཐུབ༌ཨིན༌།
30 དཀོན༌མཆོག༌གི༌ དམ༌པའེ༌ ཐུག༌ཉིད༌ལ༌ ཐུགས༌ཚེར༌ སྐྱོད༌ མ༌ཅུག༌, ཀ༌བོ༌ ཐའ༌མའེ༌ ཞག༌ག༌ ཁྱོ༌ཞའ༌ རིན༌ ཤལ༌ཏེ༌ ཐར༌ཅུག༌ཅེས༌སི༌ ཐེ༌ཙེ༌བོ༌ ཨིན༌།
31 ཁོན༌བོར༌ཅེས༌, སྲོ༌ ཡོང༌ཅེས༌, ནོལ༌ཅེས༌, ཅིག༌ དང༌ ཅིག༌གི༌ སྕོད༌པའེ༌ སྐོར༌ལ༌ ངན༌པ༌ ཟེར༌ཅེས༌ དང༌ སྕོད༌ལམ༌ ངན༌པའེ༌ རིགས༌ ཚང༌མ༌ ཕངས༌ཏེ༌ མེད༌ཁན༌ ཅོ༌ཤིག༌། 32 ཅིག༌ དང༌ ཅིག༌ག༌ སྙིང༌རྗེ༌, བྱམས༌སེམས༌ དང༌ ཤགས༌པ༌ ཏོང༌ཤིག༌, ཀ༌ཟུག༌གི༌ མ༌ཤི༌ཀ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ཁྱོ༌ཞའ༌ ཤགས༌པ༌ སལ༌ཏེ༌ ཨིན༌།

*4:8 4:8 སུང༌གུར༌རི༌ སྤེ༌ཆའེ༌ 68:18

4:26 4:26 སུང༌གུར༌རི༌ སྤེ༌ཆའེ༌ 4:4