ལེའུ་བཅུ་པ།
ཡི་སི་ར་ཨེལ་གྱི་ལོ་རྒྱུས་ལས་བྱུང་བའི་ཉེན་བརྡ།
སྤུན་ཟླ་རྣམས། འདི་དྲན་པར་གྱིས་ཤིག ངེད་རྣམས་ཀྱི་ཕ་མེས་ཐམས་ཅད་སྤྲིན་པའི་འོག་ཏུ་ཡོད་ཅིང༌། རྒྱ་མཚོ་བརྒྱུད་ནས་ཕེབས། * 10:1 ལུང་སྟོན་པ་མོ་ཤེའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་13 ཨང་གྲངས་21 དང༌། ལེའུ་14 ཨང་གྲངས་22 ལ་གཟིགས། གནའ་བོའི་དུས་དཀོན་མཆོག་གིས་ཡ་ཧུ་དཱ་པ་རྣམས་ཨེ་ཇེབ་ཡུལ་ནས་ཁྲིད་གནང་སྐབས་སྦྲིན་པའི་བརྡ་ཞིག་གིས་ལམ་སྣེ་ཁྲིད་པ་དེར་ཟེར། སྤྲིན་པའི་འོག་ཏུ་ཡོད་པ་དང༌། རྒྱ་མཚོ་བརྒྱུད་ནས་ཕེབས་པ་དེ་ནི་ཁྲུས་གསོལ་ནང་བཞིན་ཡོད། དེས་ཁོ་ཚོ་ཚང་མ་ལུང་སྟོན་པ་མོ་ཤེའི་རྗེས་སུ་འབྲང་མཁན་དུ་གྱུར་བར་མཚོན། ཐམས་ཅད་ཀྱིས་དཀོན་མཆོག་ནས་བྱུང་བའི་ངོ་མཚར་བའི་ཟས་གཅིག་པ་བཟས་ཤིང༌། ཐམས་ཅད་ཀྱིས་ངོ་མཚར་གྱི་བཏུང་བ་གཅིག་པ་བཏུངས། གང་ཡིན་ཟེར་ན། ཁོང་ཚོས་བཏུངས་པ་དེ་ནི་ཁོ་ཚོ་དང་མཉམ་དུ་འགྲུལ་བའི་ངོ་མཚར་གྱི་བྲག་ལས་འོངས་ཤིང༌། བྲག་དེ་ནི་མཱ་ཤི་ཀ་ཡིན། འོན་ཀྱང་ཁོ་ཚོ་མང་ཆེ་བར་དཀོན་མཆོག་གི་ཐུགས་མ་མཉེས་པས་ཁོ་ཚོའི་སྤུར་འབྲོག་སྟོང་དུ་འཐོར་བར་གྱུར། ཁོ་ཚོ་ངན་པ་འདོད་ཀྱང༌། ང་ཚོ་ངན་པ་མི་འདོད་པའི་ཕྱིར་བྱ་བ་དེ་ཚོ་ང་ཚོའི་དཔེ་རུ་སྒྱུར། ཁོ་ཚོའི་ནང་ནས་ཁ་ཤས་དང་འདྲ་བར་ལྷ་སྐུ་རྣམས་ལ་བསྙེན་བཀུར་མ་བྱོས་ཤིག མདོ་ལས་བཀོད་པ་ལྟར། མི་རྣམས་ཟ་འཐུང་བྱེད་པར་མར་བསྡད་པ་དང༌། རྩེད་མོ་རྩེ་བར་ཡར་ལངས་ཞེས་བྲིས། 10:7 ལུང་སྟོན་པ་མོ་ཤེའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་32 ཨང་གྲངས་6 ནས་བཀོད་པ་ཡིན། ཡང་ཁོ་ཚོའི་ནང་ནས་ལ་ལས་ལོག་གཡེམ་བྱས་པའི་རྐྱེན་གྱིས་ཉིན་གཅིག་ལ་སྟོང་ཕྲག་ཉི་ཤུ་རྩ་གསུམ་ཤི་བས་ང་ཚོས་ཀྱང་དེ་ལྟར་མ་བྱེད་ཅིག 10:8 ལུང་སྟོན་པ་མོ་ཤེའི་མདོ་བཞི་པ་སྟེ་གྲངས་ཀ་ལེའུ་25 ཨང་གྲངས་1-9 ལ་གཟིགས། ཡང་ཁོ་ཚོའི་ནང་ནས་ཁ་ཤས་ཀྱིས་མཱ་ཤི་ཀ་ལ་ཉམས་ཚོད་བྱས་པའི་རྐྱེན་གྱིས་སྦྲུལ་གྱིས་བསད་པས་ང་ཚོས་ཀྱང་དེ་ལྟར་མ་བྱེད་ཅིག§ 10:9 ལུང་སྟོན་པ་མོ་ཤེའི་མདོ་བཞི་པ་སྟེ་གྲངས་ཀ་ལེའུ་21 ཨང་གྲངས་5-6 ལ་གཟིགས། 10 ཡང་ཁོ་ཚོའི་ནང་ནས་ཁ་ཤས་ཀྱིས་ཡིད་མ་རངས་པའི་གཏམ་བཤད་པའི་རྐྱེན་གྱིས་སྲོག་འཇོམས་མཁན་གྱི་ཕོ་ཉས་ཁོ་ཚོར་མེད་པར་བྱས་པས་དེ་ལྟར་མ་བྱོས་ཤིག* 10:10 ལུང་སྟོན་པ་མོ་ཤེའི་མདོ་བཞི་པ་སྟེ་གྲངས་ཀ་ལེའུ་16 ཨང་གྲངས་41-50 ལ་གཟིགས། 11 བྱ་བ་དེ་ཚོ་ནི་མེས་པོ་རྣམས་ལ་དཔེ་ལྟར་བྱུང་ཞིང༌། ང་ཚོ་དུས་ཀྱི་མཐའ་མར་བབས་ཡོད་པ་རྣམས་ལ་སློབ་པའི་ཆེད་དུ་བྲིས། 12 དེའི་ཕྱིར་བརྟན་པོར་གནས་སྙམ་པ་དེས་ཁོ་ཚོ་ལྟར་སྡིག་ཉེས་མི་བྱེད་པའི་ཕྱིར་དོགས་ཟོན་བྱེད་དགོས། 13 མི་ཐམས་ཅད་ལ་མྱོང་བའི་བསླུ་བྲིད་ལས་ཁྱེད་ཚོ་ལ་མ་མྱོང༌། དཀོན་མཆོག་ནི་ཐུགས་གཏད་ཆོག་པ་ཡིན་ཞིང༌། ཁྱེད་ཚོར་བཟོད་མི་ཐུབ་པའི་བསླུ་བྲིད་མྱོང་དུ་མི་འཇུག ཁྱེད་ཚོས་བཟོད་ཐུབ་པའི་ཆེད་དུ་བསླུ་བྲིད་མྱོང་སྐབས་ཁོང་གིས་དེ་ལས་ཐར་བའི་ལམ་སྟོན་པར་མཛད་དོ། །
ལྷ་སྐུ་རྣམས་ལ་བསྙེན་བཀུར་མི་བྱེད་པའི་སྐོར།
14 དེའི་ཕྱིར་ངའི་གཅེས་པ་རྣམས། ལྷ་སྐུ་རྣམས་ལ་བསྙེན་བཀུར་བྱེད་པ་འཛེམས་ཤིག 15 ངས་བློ་རིག་གསལ་བའི་མི་རྣམས་ལ་སྨྲ་བས། ངས་གང་ཟེར་བ་དེ་བདེན་པ་ཡིན་མིན་ཁྱེད་ཚོས་བརྡར་ཤ་གཅོད་ཅིག 16 གཙོ་བོའི་དྲན་རྟེན་གྱི་ཞལ་ཟས་སྤྱོད་སའི་ཕོར་པ་ལ་བཀའ་དྲིན་ཆེ་ཞུ་བ་དེ་མཱ་ཤི་ཀའི་སྐུ་ཁྲག་དང༌། བག་ལེབ་དུམ་བུར་བགོས་པ་དེ་མཱ་ཤི་ཀའི་སྐུ་གཟུགས་ཐུན་མོང་དུ་ལོངས་སྤྱོད་བྱེད་པ་མ་ཡིན་ནམ། 17 བག་ལེབ་དེ་གཅིག་ཡིན་པས་ང་ཚོ་མི་མང་ཡང་དེ་ལས་མཉམ་དུ་ཟ་བའི་རྐྱེན་གྱིས་ལུས་གཅིག་ཏུ་གཏོགས་པ་ཡིན། 18 ཡི་སི་ར་ཨེལ་པ་རྣམས་ལ་ལྟོས་ཤིག མཆོད་ཁྲིའི་སྟེང་དུ་ཕུལ་བའི་ཞལ་ཟས་ཟ་མཁན་རྣམས་ཀྱིས་དཀོན་མཆོག་དང་ཕན་ཚུན་གྱི་འབྲེལ་བ་ལོངས་སུ་མི་སྤྱོད་དམ། 10:18 ལུང་སྟོན་པ་མོ་ཤེའི་མདོ་གསུམ་པ་སྟེ་ལེ་ཝི་ཚུལ་ཁྲིམས་ལེའུ་10 ཨང་གྲངས་12-15 དང༌། ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་18 ཨང་གྲངས་1-4 ལ་གཟིགས། 19 འོ་ན་ངས་ཅི་ཟེར། སྐུ་འདྲ་ལ་གང་མཆོད་པ་ལ་ཕན་པ་ཡོད་པ་ཡིན་ནམ། ཡང་ན་སྐུ་འདྲ་རྣམས་ངོ་མ་ཡིན་ཞེས་ཟེར་རམ། 20 དེ་མ་ཡིན། ངའི་དོན་ནི་སྐུ་འདྲ་ལ་གང་མཆོད་པ་དེ་དཀོན་མཆོག་ལ་མིན་ཏེ་གདོན་འདྲེ་རྣམས་ལ་མཆོད་དོ། ཁྱེད་ཚོ་གདོན་འདྲེ་དང་འབྲེལ་བ་རྣམས་སུ་འགྱུར་བར་མི་འདོད། 21 གཙོ་བོའི་མཆོད་ཞལ་དང་གདོན་འདྲེའི་ཕོར་པ་གཉིས་ཀ་འཐུང་བ་དེ་མི་སྲིད། ཡང་གཙོ་བོའི་དྲན་རྟེན་གྱི་ཞལ་ཟས་དང་གདོན་འདྲེ་ཡི་ཟས་ཟ་བ་དེའང་མི་སྲིད། 22 ཡང་ན་ངེད་རྣམས་ཀྱིས་གཙོ་བོ་ལ་ཐུགས་ཁྲོ་སློང་ངམ། ང་ཚོ་ཁོང་ལས་སྟོབས་ཤུགས་ཆེ་བ་ཡིན་ནམ།
23 ཁྱོད་ཚོས་ཐམས་ཅད་བྱེད་ཆོག་ཅེས་ཟེར་ཡང༌། དེ་ཐམས་ཅད་ཀྱིས་མི་ཕན། ཁྱོད་ཚོས་ཐམས་ཅད་བྱེད་ཆོག་ཅེས་ཟེར་ཡང༌། ཐམས་ཅད་ཀྱིས་ཡར་སྐྱེད་མི་ཡོང༌། 24 རང་དོན་མི་འཚོལ་གྱིས་གཞན་དོན་འཚོལ་ཞིག 25 དྲང་སེམས་རྒྱུ་མཚན་དུ་བྱས་ནས་སྐུ་འདྲ་ལ་མཆོད་པ་ཕུལ་ཡོད་མེད་སྐད་ཆ་མི་འདྲི་བར་ཤ་ཁྲོམ་དུ་གང་ཡང་འཚོང་བ་དེ་ཟ་རུང༌། 26 གང་ལགས་ཟེར་ན། འཇིག་རྟེན་དང་དེར་ཡོད་པ་ཐམས་ཅད་ནི་གཙོ་བོའི་ཡིན་ནོ། 10:26 ཚིག་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་24 ཨང་གྲངས་1 ནས་བཀོད་པ་ཡིན། 27 གལ་ཏེ་དད་ལྡན་མིན་པ་ཞིག་གིས་ཁྱེད་རྣམས་མགྲོན་ལ་གདན་འདྲེན་ཞུས་ཏེ་འགྲོ་འདོད་ན། དྲང་སེམས་རྒྱུ་མཚན་དུ་བྱས་ནས་སྐད་ཆ་མི་འདྲི་བར་ཁྱེད་ཀྱི་མདུན་དུ་ཟས་གང་ཡང་བཞག་པ་དེ་ཟོ་ཞིག 28 འོན་ཀྱང་གལ་སྲིད་མི་སུ་ཞིག་གིས་ཁྱེད་ཚོར་འདི་ལྷ་ལ་མཆོད་པའི་ཤ་ཡིན་ཞེས་ཟེར་ན་ཁོ་རང་དང་དྲང་སེམས་ཀྱི་ཕྱིར་མ་ཟ་ཞིག 29 ངའི་དོན་ནི་ཁྱེད་ཀྱི་དྲང་སེམས་མིན་ཏེ་མི་གཞན་གྱི་དྲང་སེམས་ཡིན། གང་ཡིན་ཞེ་ན། མི་གཞན་གྱི་དྲང་སེམས་ཀྱིས་ངའི་རང་དབང་ལ་ཅིའི་ཕྱིར་ཚོད་འཛིན་བྱེད། 30 བཀའ་དྲིན་གྱི་ཐོག་ནས་བཟས་ན་ངས་གང་བཀའ་དྲིན་ཆེ་ཞུས་པའི་རྐྱེན་གྱིས་ཅིའི་ཕྱིར་དམའ་འབེབས་གཏོང་བར་འགྱུར། 31 དེ་བས་ན་ཁྱེད་ཚོས་ཟའམ། འཐུང་ངམ། གང་བྱེད་ནའང༌། དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་ཐམས་ཅད་བྱོས་ཤིག 32-33 མི་ཐམས་ཅད་ལ་ཕན་པའི་ཆེད་དུ་ངས་ཐམས་ཅད་བྱེད། ཁོ་ཚོ་ཐར་བའི་ཕྱིར་ངས་རང་དོན་མི་འཚོལ་གྱིས་མང་པོའི་དོན་འཚོལ། དེ་བཞིན་ཁྱེད་ཚོས་ཀྱང་ཡ་ཧུ་དཱ་པ་དང༌། ཡ་ཧུ་དཱ་པ་མིན་པ། དཀོན་མཆོག་གི་ཆོས་ཚོགས་བཅས་ལ་ཕོག་ཐུག་མ་གཏོང་ཞིག །

*ལེའུ་བཅུ་པ།:1 10:1 ལུང་སྟོན་པ་མོ་ཤེའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་13 ཨང་གྲངས་21 དང༌། ལེའུ་14 ཨང་གྲངས་22 ལ་གཟིགས། གནའ་བོའི་དུས་དཀོན་མཆོག་གིས་ཡ་ཧུ་དཱ་པ་རྣམས་ཨེ་ཇེབ་ཡུལ་ནས་ཁྲིད་གནང་སྐབས་སྦྲིན་པའི་བརྡ་ཞིག་གིས་ལམ་སྣེ་ཁྲིད་པ་དེར་ཟེར།

ལེའུ་བཅུ་པ།:7 10:7 ལུང་སྟོན་པ་མོ་ཤེའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་32 ཨང་གྲངས་6 ནས་བཀོད་པ་ཡིན།

ལེའུ་བཅུ་པ།:8 10:8 ལུང་སྟོན་པ་མོ་ཤེའི་མདོ་བཞི་པ་སྟེ་གྲངས་ཀ་ལེའུ་25 ཨང་གྲངས་1-9 ལ་གཟིགས།

§ལེའུ་བཅུ་པ།:9 10:9 ལུང་སྟོན་པ་མོ་ཤེའི་མདོ་བཞི་པ་སྟེ་གྲངས་ཀ་ལེའུ་21 ཨང་གྲངས་5-6 ལ་གཟིགས།

*ལེའུ་བཅུ་པ།:10 10:10 ལུང་སྟོན་པ་མོ་ཤེའི་མདོ་བཞི་པ་སྟེ་གྲངས་ཀ་ལེའུ་16 ཨང་གྲངས་41-50 ལ་གཟིགས།

ལེའུ་བཅུ་པ།:18 10:18 ལུང་སྟོན་པ་མོ་ཤེའི་མདོ་གསུམ་པ་སྟེ་ལེ་ཝི་ཚུལ་ཁྲིམས་ལེའུ་10 ཨང་གྲངས་12-15 དང༌། ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་18 ཨང་གྲངས་1-4 ལ་གཟིགས།

ལེའུ་བཅུ་པ།:26 10:26 ཚིག་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་24 ཨང་གྲངས་1 ནས་བཀོད་པ་ཡིན།